ལྗོངས་ཐད་གཏོགས་ལས་ཁུངས་ཀྱི་དཔེ་བཟང་ལས་ཁུངས་འཛུགས་སྐྱོང་གཏིང་ཟབ་ཏུ་གཏོང་བའི་སྐུལ་སྤེལ་ཚོགས་འདུ་དང“སྟོབས་ཆེན་བཞིའི”ཏང་ཀྲི་པུའུ་དང“བཟང་པོ་བཞི་ལྡན”ཏང་ཡོན་གྱི་མིང་འདོགས་པའི་ཞིབ་དཔྱད་གཏན་འཁེལ་ཚོགས་འདུ་ལྷ་སར་འཚོགས་པ།
ཚེས་17ཉིན། ལྗོངས་ཐད་གཏོགས་ལས་ཁུངས་ཀྱི་དཔེ་བཟང་ལས་ཁུངས་འཛུགས་སྐྱོང་གཏིང་ཟབ་ཏུ་གཏོང་བའི་སྐུལ་སྤེལ་ཚོགས་འདུ་དང་ཁག་གསུམ་པའི“སྟོབས་ཆེན་བཞིའི”ཏང་ཀྲི་པུའུ་དང་ཁག་གཉིས་པའི“བཟང་པོ་བཞི་ལྡན”ཏང་ཡོན་གྱི་མིང་འདོགས་པའི་ཞིབ་དཔྱད་གཏན་འཁེལ་ཚོགས་འདུ་ལྷ་སར་འཚོགས་ཤིང་། དཔེ་བཟང་ལས་ཁུངས་འཛུགས་སྐྱོང་གཏིང་ཟབ་ཏུ་གཏོང་བའི་ལས་འགན་ཁག་བརྒྱུད་རིམ་ལྡན་པའི་ངང་བཀོད་སྒྲིག་བྱས་ཏེ། ལྗོངས་ཐད་གཏོགས་ལས་ཁུངས་ཀྱི“སྟོབས་ཆེན་བཞིའི”ཏང་ཀྲི་པུའུ་དང“བཟང་པོ་བཞི་ལྡན”ཏང་ཡོན་ལ་གཅིག་སྡུད་ཐོག་མིང་བཏགས་པ་དང་ཞིབ་དཔྱད་གཏན་འཁེལ་བྱས་པ་དང་། དཔེ་མཚོན་དཔེ་སྟོན་ལ་བརྟེན་ནས་ལས་ཁུངས་ཀྱི་ཏང་འཛུགས་སྐྱོང་གི་སྤུས་ཚད་མཐོར་གཏོང་རིམ་སྤོར་ལ་སྣེ་ཁྲིད་བྱས་ཏེ། ཏང་འཛུགས་སྐྱོང་གིས་ལྗོངས་ཡོངས་ཀྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་སྐས་རིམ་གསར་པ་ཞིག་ཏུ་སླེབས་པར་ནུས་ཤུགས་ཡོད་རྒུས་སྐུལ་འདེད་བཏང་བ་རེད།
དཔེ་བཟང་ལས་ཁུངས་འཛུགས་སྐྱོང་དང་། “སྟོབས་ཆེན་བཞིའི”ཏང་ཀྲི་པུའུ་འཛུགས་སྐྱོང་། “བཟང་པོ་བཞི་ལྡན”ཏང་ཡོན་འདེམས་པ་བཅས་ནི་ལས་ཁུངས་ཀྱི་ཏང་འཛུགས་སྐྱོང་གི་རྨང་གཞི་བརྟན་དུ་གཏོང་བའི་དངོས་སྒྲུབ་བྱ་ཐབས་ཤིག་ཡིན་ལ། ལྗོངས་ཐད་གཏོགས་ལས་ཁུངས་ཀྱི་གཞི་རིམ་ཏང་རྩ་འཛུགས་ཚད་གཞི་ཅན་དང་ཚད་ལྡན་ཅན་འཛུགས་སྐྱོང་ལ་སྐུལ་འདེད་གཏོང་བ་དང་། ལྷག་བསམ་རྣམ་དག་དང་། སྤྱོད་གཙང་། འགན་འཁྲི་འཁུར་ཕོད་པ་བཅས་ཀྱི་ལས་བྱེད་པའི་དཔུང་ཁག་ལ་ཞུན་བརྡར་བྱེད་པའི་འགག་རྩའི་གཞི་རྟེན་ཞིག་ཀྱང་ཡིན་པས། ལས་ཁུངས་ཀྱི་ཏང་འཛུགས་སྐྱོང་ལས་དོན་དོན་ཐོག་ཏུ་འཁྱོལ་བར་དམ་འཛིན་བྱ་གཞི་ནུས་ལྡན་ཞིག་བསྐྲུན་ཡོད་པ་རེད།
ཤེས་རྟོགས་བྱུང་བར་གཞིགས་ན། ད་ཐེངས་མིང་བཏགས་པ་དང་ཞིབ་དཔྱད་གཏན་འཁེལ་བྱས་པའི“སྟོབས་ཆེན་བཞིའི”ཏང་ཀྲི་པུའུ་100དང“བཟང་པོ་བཞི་ལྡན”ཏང་ཡོན་ཁྱོན་བསྡོམས་100ཡོད་ཅིང་། ཚོགས་འདུའི་ཐོག་སྔོན་ཐོན་འཐུས་མི་ཁག་གཅིག་གིས་རང་སོ་སོའི་ལས་དོན་དངོས་དང་ཟུང་འབྲེལ་གྱིས་སྤེལ་རེས་གཏམ་བཤད་བྱས་ཏེ། ཏང་འཛུགས་སྐྱོང་དང་ལས་སྒོ་མཉམ་འདྲེས་དང་འགན་སྒྲུབ་དང་། ཁུར་ལེན། དངོས་སྒྲུབ་བཅས་ཀྱི་ཉམས་མྱོང་དང་བྱེད་སྟངས་མཉམ་སྤྱོད་བྱས་པ་རེད།
འབྲེལ་ཡོད་གསར་འགྱུར།