ཝང་ཀོང་ཆན་ཀྲུང་གོའི་བོད་ལྗོངས“ཧི་མ་ལ་ཡའི་མཐའ་འཁོར”གྱི་རྒྱལ་སྤྱིའི་མཉམ་ལས་གླེང་སྟེགས་སྐབས་ལྔ་པའི་འགོ་ཚུགས་མཛད་སྒོར་ཞུགས་པ།
ཉེ་ཆར། ཀྲུང་གོའི་བོད་ལྗོངས“ཧི་མ་ལ་ཡའི་མཐའ་འཁོར”གྱི་རྒྱལ་སྤྱིའི་མཉམ་ལས་གླེང་སྟེགས་སྐབས་ལྔ་པ་བོད་ལྗོངས་ཉིང་ཁྲིར་འགོ་ཚུགས་ཤིང་། རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་ཝང་ཀོང་ཆན་འགོ་ཚུགས་མཛད་སྒོར་ཞུགས་ནས་ཤིས་ཚིག་བསྒྲོན་པ་རེད།
ཝང་ཀོང་ཆན་གྱིས་གསུངས་དོན། ཧི་མ་ལ་ཡའི་མཐའ་འཁོར་ས་ཁུལ་ནི་རི་བོ་སྟོང་གི་རྒྱལ་པོ་དང་ཆུ་མོ་ཁྲི་ཡི་འབྱུང་ཁུངས་ཡིན་པས། དག་ཞིང་དེར་སྲུང་སྐྱོང་ཡག་པོ་བྱེད་པ་ནི་ས་ཁུལ་དང་རྒྱལ་ཁབ་ཁག་གི་ཐུན་མོང་གི་འགན་འཁྲི་དང་ལོ་རྒྱུས་ཀྱི་ལས་འགན་རེད། ཀྲུང་གོའི་བོད་ལྗོངས“ཧི་མ་ལ་ཡའི་མཐའ་འཁོར”གྱི་རྒྱལ་སྤྱིའི་མཉམ་ལས་གླེང་སྟེགས་གཉེར་འགོ་ཚུགས་པ་ནས་བཟུང་། ཀྲུང་གོ་ཕྱོགས་ཀྱིས་ཞི་ཅིན་ཕིང་གི་སྐྱེ་ཁམས་ཤེས་དཔལ་དགོངས་པ་ལག་ལེན་གཏིང་ཟབ་བསྟར་ཏེ། ཕྱོགས་ཁག་དང་མཉམ་དུ་ཁོར་ཡུག་བཅོས་སྐྱོང་དང་། ལྗང་མདོག་འཕེལ་རྒྱས། ཤེས་དཔལ་དཔྱད་གཞིར་འཛིན་རེས་སོགས་ཁྱབ་ཁོངས་སུ་སྤེལ་རེས་མཉམ་ལས་རྒྱ་ཁྱབ་བྱས་པར་གཡུར་ཟའི་གྲུབ་འབྲས་ཐོབ་ཡོད།
ཝང་ཀོང་ཆན་གྱིས། ཀྲུང་གོ་ཕྱོགས་ཀྱིས་སྐབས་འདིའི་གླེང་སྟེགས་གོ་སྐབས་སུ་བྱས་ཏེ། ཚོགས་ཞུགས་ཕྱོགས་ཁག་དང་མཉམ་དུ་ཆབ་སྲིད་ཐད་ཕན་ཚུན་ཡིད་ཆེས་ཟབ་ཏུ་གཏོང་བ་དང་། དངོས་སྒྲུབ་མཉམ་ལས་ལ་ཤུགས་སྣོན་རྒྱག་པ། དམངས་སེམས་གཅིག་མཐུན་ལ་སྐུལ་འདེད་གཏོང་བ། ཕྱོགས་མང་མཉམ་ལས་ཟབ་ཏུ་གཏོང་བ་བཅས་བྱས་ནས། མི་དང་རང་བྱུང་ཁམས་ཞི་མཐུན་མཉམ་གནས་ལ་མཉམ་དུ་སྐུལ་འདེད་གཏོང་བ་དང་། དྭངས་གཙང་དང་མཛེས་སྡུག་ལྡན་པའི་འཛམ་གླིང་མཉམ་སྐྲུན་གྱིས་ཧི་མ་ལ་ཡའི་མཐའ་འཁོར་ས་ཁུལ་གྱི་དེ་བས་མཛེས་སྡུག་ལྡན་པའི་འབྱུང་འགྱུར་མཉམ་དུ་གཏོད་ཀྱི་ཡིན་ཞེས་གསུངས་པ་རེད།
སྐབས་འདིའི་གླེང་སྟེགས་ནི་བོད་རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་གིས་གཙོ་གཉེར་བྱས་ཤིང་། རྒྱལ་ཁབ་དང་ས་ཁུལ་29ཡི་འཐུས་མི་ཞུགས་ཡོད་པ་རེད།
འབྲེལ་ཡོད་གསར་འགྱུར།