ཞུས་ཀྲི་ཝུན་གྱིས་སི་རི་ལན་ཁའི་འགྲིམ་འགྲུལ་གཞུང་ལམ་དང་གྲོང་ཁྱེར་འཕེལ་རྒྱས་པུའི་པུའུ་ཀྲང་པི་མར་·ལཱ་ཐེ་ནཱ་ཡཱ་ཁེ་བཅས་པ་དང་མཇལ་འཛོམས་གནང་བ།
ཚེས་17ཉིན། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་རྒྱུན་ཨུ་དང་དྲིལ་བསྒྲགས་པུའི་པུའུ་ཀྲང་ཞུས་ཀྲི་ཝུན་གྱིས་ཉིང་ཁྲིར་སི་རི་ལན་ཁའི་འགྲིམ་འགྲུལ་གཞུང་ལམ་དང་གྲོང་ཁྱེར་འཕེལ་རྒྱས་པུའི་པུའུ་ཀྲང་པི་མར་·ལཱ་ཐེ་ནཱ་ཡཱ་ཁེ་བཅས་པ་དང་མཇལ་འཛོམས་གནང་བ་རེད།
ཞུས་ཀྲི་ཝུན་གྱིས་རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གི་ཚབ་ཞུས་ནས་པི་མར་·ལཱ་ཐེ་ནཱ་ཡཱ་ཁེ་བཅས་པ་ཀྲུང་གོའི་བོད་ལྗོངས“ཧི་མ་ལ་ཡའི་མཐའ་འཁོར”གྱི་རྒྱལ་སྤྱིའི་མཉམ་ལས་གླེང་སྟེགས་སྐབས་ལྔ་པར་ཞུགས་པར་དགའ་བསུ་ཞུས་པ་དང་འབྲེལ། ཏང་གི་མཁས་མཛངས་ལྡན་པའི་འགོ་ཁྲིད་འོག་བོད་ཀྱི་བྱ་གཞག་ཁག་ལ་ཕྱོགས་ཡོངས་ནས་ཡར་རྒྱས་དང་ལོ་རྒྱུས་རང་བཞིན་གྱི་གྲུབ་འབྲས་ཐོབ་པ་ངོ་སྤྲོད་མདོར་བསྡུས་གནང་བ་རེད།
པི་མར་·ལཱ་ཐེ་ནཱ་ཡཱ་ཁེ་ཡིས་སི་རི་ལན་ཁས་ཀྲུང་གོ་དང་དེ་བཞིན་ཀྲུང་གོའི་བོད་ལྗོངས་དབར་གྱི་མཛའ་མཐུན་འབྲེལ་བ་རྒྱུན་མཐུད་བརྟན་དུ་གཏོང་བ་དང་། རིམ་པ་ཁག་གི་སྤེལ་རེས་འགྲོ་འོང་རྒྱུན་ཆད་མེད་པར་ཟབ་ཏུ་གཏོང་བ། མཉམ་ལས་ཀྱི་མི་མངོན་པའི་སྟོབས་ཤུགས་སྔོག་འདོན་བཅས་བྱས་ནས་སྤུས་ཚད་དེ་བས་མཐོ་བའི་མཐུན་སྦྱོར་འཕེལ་རྒྱས་ཡོང་བ་བྱེད་ཀྱི་ཡིན་ཞེས་བརྗོད་པ་རེད།
འབྲེལ་ཡོད་གསར་འགྱུར།