རང་སྐྱོང་ལྗོངས་ཀྱི་འགོ་ཁྲིད་ཀྱིས་ཕ་ཁི་སི་ཐན་གྱི་འཐུས་མི་ཚོགས་པ་དང་མཇལ་འཛོམས་གནང་བ།
ཚེས་17ཉིན་གྱི་ཕྱི་དྲོར། རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་གཞོན་པ་ཞུས་ཀྲི་ཐའོ་ཡིས་ཕ་ཁི་སི་ཐན་རྒྱལ་ཕྲན་མཉམ་འབྲེལ་གྱི་གནམ་གཤིས་འགྱུར་ལྡོག་དང་ཁོར་ཡུག་མཐུན་སྦྱོར་པུའི་པུའུ་ཀྲང་མུའུ་ས་ཏི་ཁེ·མཱ་སུའུ་ཏེ·མཱ་ལི་ཁེ་བཅས་པ་དང་མཇལ་འཛོམས་གནང་བ་རེད།
ཞུས་ཀྲི་ཐའོ་ཡིས་བོད་རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་གི་ཚབ་ཞུས་ནས་མུའུ་ས་ཏི་ཁེ·མཱ་སུའུ་ཏེ·མཱ་ལི་ཁེ་དང་བཅས་པ་ཀྲུང་གོའི་བོད་ལྗོངས“ཧི་མ་ལ་ཡའི་མཐའ་འཁོར”གྱི་རྒྱལ་སྤྱིའི་མཉམ་ལས་གླེང་སྟེགས་སྐབས་ལྔ་པར་ཞུགས་པར་དགའ་བསུ་ཞུས་པ་རེད། ཞུས་ཀྲི་ཐའོ་ཡིས་ཉེ་བའི་ལོ་ཤས་རིང་གི་བོད་རང་སྐྱོང་ལྗོངས་ཀྱི་འབྲེལ་ཡོད་གནས་ཚུལ་ངོ་སྤྲོད་གནང་ཞིང་། ཁོང་གིས་ཀྲུང་ཕ་རྒྱལ་ཁབ་གཉིས་ནི་དུས་དང་རྣམ་པ་ཀུན་གྱི་འཐབ་ཇུས་མཉམ་ལས་རོགས་ཟླ་ཞིག་ཡིན་ལ། གཅིག་སེམས་གཅིག་གཏད་དང་སྐྱིད་སྡུག་མཉམ་མྱོང་གི་ཁྱིམ་མཚེས་བཟང་པོ་དང་གྲོགས་པོ་བཟང་པོ་ཞིག་དེ་བས་རེད། རྒྱལ་ཁབ་གཉིས་དབར་གྱི་མཛའ་གྲོགས་འབྲེལ་བ་ཟབ་ཏུ་ཕྱིན་པ་ལས་རྒྱལ་ཁབ་གཉིས་པོའི་མི་དམངས་ལ་བདེ་སྐྱིད་བསྐྲུན་པ་ཙམ་མ་ཟད། ས་ཁུལ་གྱི་ཞི་བདེ་དང་འཕེལ་རྒྱས་ལའང་དགེ་མཚན་ལྡན་པའི་ལེགས་སྐྱེས་ཕུལ་ཡོད་ཅེས་གསུངས་པ་རེད།
མུའུ་ས་ཏི་ཁེ·མཱ་སུའུ་ཏེ·མཱ་ལི་ཁེ་ཡིས་ཀྲུང་གོའི་བོད་ལྗོངས་དང་སྤེལ་རེས་ལ་ཤུགས་སྣོན་བརྒྱབ་ནས་དཔལ་འབྱོར་དང་། རིག་གནས། སྐྱེ་ཁམས་སོགས་ཁྱབ་ཁོངས་ཀྱི་མཉམ་ལས་ཀྱི་ཐབས་ལམ་གསར་པ་རྒྱ་སྐྱེད་ཧུར་ཐག་གཏོང་རྒྱུའི་རེ་སྒུག་བྱེད་བཞིན་ཡོད་ཅེས་བརྗོད་པ་རེད།
འབྲེལ་ཡོད་གསར་འགྱུར།