རང་སྐྱོང་ལྗོངས་ཀྱི་འགོ་ཁྲིད་ཀྱིས་རྒྱལ་ཁབ་མང་པོའི་འཐུས་མི་ཚོགས་པ་དང་ཀྲུང་གོར་བཅའ་སྡོད་འཛམ་གླིང་འཕྲོད་བསྟེན་རྩ་འཛུགས་ཀྱི་འཐུས་མི་དང་མཇལ་འཛོམས་གནང་བ།
ཚེས་17ཉིན། རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་གཞོན་པ་ཀྲའོ་ཕེང་གིས་ཉིང་ཁྲི་གྲོང་ཁྱེར་དུ་ཀྲུང་གོར་བཅའ་སྡོད་འཛམ་གླིང་འཕྲོད་བསྟེན་རྩ་འཛུགས་ཀྱི་འཐུས་མི་མཱ་ཏིང·ཐའེ་ལེ་དང་། ཁམ་ཕུ་ཁྲེའི་ཡུལ་སྐོར་པུའི་རྒྱལ་དོན་དྲུང་ཡིག་ནུའུ་ཨུང·སུའོ་མེ། ཆི་ལིའི་གྲོས་མི་ཨེར་ནན་ཏུའོ་དང་ཅ་སི་མུའུ་ལི། ཁེར་གྷི་སི་ཐན་རྒྱལ་ཁབ་ས་ཆའི་ཐོན་ཁུངས་དང་ས་ཆ་ཚད་འཇལ་ཅུས་ཀྱི་ཅུས་ཀྲང་ཀྲར་ན་ཡེ་ཧྥུའུ·ཨའེ་སྨི་སི་པེ་ཁེ། ཧན་གོའི་རྒྱལ་ཚོགས་ཁྲིམས་འཛུགས་བརྟག་དཔྱད་ཁྲུའུ་ཡི་ཁྲུའུ་ཀྲང་ལི་ཀོན་ཧོའུ། ཨ་ཀེན་ཐིན་སར་ཐ་ཞིང་ཆེན་སྲིད་གཞུང་གི་ཁྲིམས་འཛིན་དང་འགྲོ་བ་མིའི་ཐོབ་ཐང་ལས་དོན་གྱི་དྲུང་ཡིག་ཧ་ཝེར·མོ་ཉི་ཁོ་བཅས་པ་དང་མཇལ་འཛོམས་གནང་བ་རེད།
ཀྲའོ་ཕེང་གིས་མཱ་ཏིང·ཐའེ་ལེ་དང་བཅས་པ་ཀྲུང་གོའི་བོད་ལྗོངས“ཧི་མ་ལ་ཡའི་མཐའ་འཁོར”གྱི་རྒྱལ་སྤྱིའི་མཉམ་ལས་གླེང་སྟེགས་སྐབས་ལྔ་པར་ཞུགས་པར་དགའ་བསུ་ཞུས་པ་མ་ཟད། བོད་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་དང་། རིག་གནས་དང་སློབ་གསོ་རྒྱུན་འཛིན། སྐྱེ་ཁམས་ཤེས་དཔལ་འཛུགས་སྐྱོང་སོགས་ལ་ཐོབ་པའི་གྲུབ་འབྲས་ངོ་སྤྲོད་མདོར་བསྡུས་གནང་བ་རེད།
མཱ་ཏིང·ཐའེ་ལེ་སོགས་ཀྱིས་གཙོ་གཉེར་ཕྱོགས་ཀྱིས་འཐུས་མི་ཚོགས་པ་དང་བཅས་པར་སྤྲོ་སེམས་འཁོལ་བའི་ཞབས་ཞུ་གནད་སྨིན་བྱས་པར་ཐུགས་རྗེ་ཆེ་ཞུས་ནས་སླད་ཕྱིན་ཕྱོགས་གཉིས་དབར་གྱི་འབྲེལ་བ་དེ་བས་ཟབ་ཏུ་བཏང་སྟེ་དཔལ་འབྱོར་ཚོང་དོན་དང་། རིག་གནས་ཡུལ་སྐོར། སྨན་བཅོས། སྐྱེ་ཁམས་སོགས་ཁྱབ་ཁོངས་སུ་མཉམ་ལས་གཉིས་ཕན་ཡོང་རྒྱུའི་རེ་བ་ཡོད་ཅེས་བརྗོད་པ་རེད།
འབྲེལ་ཡོད་གསར་འགྱུར།