ཀྲུང་གོའི་བོད་ལྗོངས“ཧི་མ་ལ་ཡའི་མཐའ་འཁོར”གྱི་རྒྱལ་སྤྱིའི་མཉམ་ལས་གླེང་སྟེགས་སྐབས་ལྔ་པ་འགོ་ཚུགས་པ།
ནན་ཉི་ཉི་ཨའེ་དང་རུའུ་པི·ཁུའུ་མ་ལི་ཞུགས་པ་དང་། ཝང་ཀོང་ཆན་དང་ཝང་ཅུན་ཀྲེང་གིས་ཤིས་ཚིག་གསུངས་པ།

ཟླ་7ཚེས་17ཉིན་གྱི་སྔ་དྲོར། ཀྲུང་གོའི་བོད་ལྗོངས“ཧི་མ་ལ་ཡའི་མཐའ་འཁོར”གྱི་རྒྱལ་སྤྱིའི་མཉམ་ལས་གླེང་སྟེགས་སྐབས་ལྔ་པ་ཉིང་ཁྲིར་འགོ་ཚུགས་ཤིང་། འདི་ནི་བོད་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་ཝང་ཅུན་ཀྲེང་ཚོཌ་འདུར་ཞུཌ་ནས་ཤིས་ཚིག་གསུང་བཞིན་པ།

ཟླ་7ཚེས་17ཉིན་གྱི་སྔ་དྲོར། ཀྲུང་གོའི་བོད་ལྗོངས“ཧི་མ་ལ་ཡའི་མཐའ་འཁོར”གྱི་རྒྱལ་སྤྱིའི་མཉམ་ལས་གླེང་སྟེགས་སྐབས་ལྔ་པ་ཉིང་ཁྲིར་འགོ་ཚུགས་ཤིང་། འདི་ནི་འགོ་ཚུགས་མཛད་སྒོ་འཚོག་ཡུལ་ཡིན་པ།
ཟླ་7ཚེས་17ཉིན་གྱི་སྔ་དྲོར། ཀྲུང་གོའི་བོད་ལྗོངས“ཧི་མ་ལ་ཡའི་མཐའ་འཁོར”གྱི་རྒྱལ་སྤྱིའི་མཉམ་ལས་གླེང་སྟེགས་སྐབས་ལྔ་པ་ཉིང་ཁྲིར་འགོ་ཚུགས་པ་རེད།
འབར་མའི་ཙུང་ཐུང་གཞོན་པ་ནན་ཉི་ཉི་ཨའེ་དང་ནེ་པ་ལའི་གྲོས་ཁང་འོག་མའི་གྲོས་དཔོན་གཞོན་པ་རུའུ་པི·ཁུའུ་མ་ལི་ཚོཌ་འདུར་ཞུཌ་ནས་ཤིས་ཚིག་གསུངས་པ་རེད།
རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་ཝང་ཀོང་ཆན་དང་བོད་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་ཝང་ཅུན་ཀྲེང་ཚོགས་འདུར་ཞུགས་ནས་ཤིས་ཚིག་གསུངས་པ་རེད།
ཝང་ཀོང་ཆན་གྱིས་སྐབས་འདིའི་གླེང་སྟེགས་འཚོགས་པར་སྤྲོ་སེམས་འཁོལ་པོས་རྟེན་འབྲེལ་ཞུས་ཤིང་། ཁོང་གིས། “ཧི་མ་ལ་ཡའི་མཐའ་འཁོར”གྱི་རྒྱལ་སྤྱིའི་མཉམ་ལས་གླེང་སྟེགས་འགོ་ཚུགས་ཚུན་ཕྱོགས་ཁག་གིས་ཁོར་ཡུག་བཅོས་སྐྱོང་དང་། ལྗང་མདོག་འཕེལ་རྒྱས། ཤེས་དཔལ་དཔྱད་གཞིར་འཛིན་རེས་སོགས་ཁྱབ་ཁོངས་ཀྱི་སྤེལ་རེས་མཉམ་ལས་ཧུར་ཐག་བྱས་པར་གཡུར་ཟའི་གྲུབ་འབྲས་ཐོབ་ཡོད། སྐབས་འདིའི་གླེང་སྟེགས་ཀྱིས“མི་དང་རང་བྱུང་ཁམས་ཞི་མཐུན་མཉམ་གནས་ཡོང་བར་བྱས་ནས་མཉམ་ལས་འཕེལ་རྒྱས་ཀྱི་གྲུབ་འབྲས་མཉམ་སྤྱོད་བྱེད་པའི”ལྟེ་བའི་འདུ་ཤེས་རྒྱུན་འཁྱོངས་བྱེད་པ་དང“ལྗང་མདོག་འཕེལ་རྒྱས་ལ་སྐུལ་འདེད་བཏང་ནས་མཛེས་སྡུག་ལྡན་པའི་ཁྱིམ་གཞིས་མཉམ་དུ་སྐྲུན་པའི”དུས་རབས་ཀྱི་བརྗོད་དོན་གཙོ་བོར་དམིགས་ནས་ཧི་མ་ལ་ཡའི་མཐའ་འཁོར་ས་ཁུལ་གྱི་རྒྱལ་ཁབ་ཁག་གིས་ལག་གདང་སྦྲེལ་ནས་འགྲན་སློང་ལ་ཁ་གཏད་གཅོག་པ་དང་། མཛེས་སྡུག་ལྡན་པའི་ཁྱིམ་གཞིས་སྲུང་སྐྱོང་བྱེད་པའི་ཐུན་མོང་གི་འདོད་བློ་དང་ཆོད་སེམས་བརྟན་པོ་གང་ལེགས་མཚོན་པར་བྱས་ཡོད་ཅེས་གསུངས་པ་རེད།
ཝང་ཀོང་ཆན་གྱིས་གསུངས་དོན། ཧི་མ་ལ་ཡའི་མཐའ་འཁོར་ས་ཁུལ་གྱི་རི་ཆུ་འབྲེལ་བ་དང་། རིག་གནས་མཉམ་འདྲེས། ལས་དབང་གཅིག་མཐུན་བཅས་ཡིན་ལ། སྲོལ་རྒྱུན་མཛའ་གྲོགས་ཀྱི་ལོ་རྒྱུས་ཀྱང་ཡུན་རིང་ལྡན་ཡོད། ཀྲུང་གོ་ཕྱོགས་ཀྱིས་ཁྱིམ་མཚེས་རྒྱལ་ཁབ་བར་མཛའ་མཐུན་དང་། བདེ་འཇགས། ཕྱུག་པོ་བཅས་ཡོང་བའི་སྲིད་ཇུས་དང་ཁོང་ཡངས་དང་། མཛའ་མཐུན། ལྷག་བསམ། ཕན་སྦྱར་བཅས་ཀྱི་འདུ་ཤེས་མཐའ་འཁྱོངས་ཀྱིས་ས་ཁུལ་གྱི་རྒྱལ་ཁབ་ཁག་དང་འཕེལ་རྒྱས་ཀྱི་གོ་སྐབས་མཉམ་སྤྱོད་བྱས་ནས་ཆུ་ཚད་མཐོ་བའི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་ལ་བརྟེན་ནས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་འདོད་ཡོད། དེར་བརྟེན། ཆབ་སྲིད་ཐད་ཕན་ཚུན་ཡིད་ཆེས་ཟབ་ཏུ་གཏོང་བ་དང་། མཐོ་རིམ་དབར་གྱི་འགྲོ་འོང་ལ་ཤུགས་སྣོན་རྒྱག་པ། སྲིད་གཞུང་དང་། སྲིད་ཏང་། ས་གནས་སོགས་དབར་གྱི་འགྲོ་འོང་ཟབ་ཏུ་གཏོང་བ། ལས་དབང་གཅིག་མཐུན་གྱི་ཐུན་མོང་ངོས་འཛིན་བརྟན་དུ་གཏོང་བ་བཅས་བྱས་ནས་ས་ཁུལ་གྱི་ཞི་བདེ་དང་བརྟན་ལྷིང་གི་རྨང་གཞི་བརྟན་དུ་གཏོང་དགོས། དངོས་སྒྲུབ་མཉམ་ལས་ལ་ཤུགས་སྣོན་རྒྱག་པ་དང་། རྨང་གཞིའི་སྒྲིག་བཀོད་ཕན་ཚུན་སྦྲེལ་མཐུད་ལ་ཤུགས་སྣོན་རྒྱག་པ། ལག་གདང་སྦྲེལ་ནས་ཧི་མ་ལ་ཡའི་མཐའ་འཁོར་གྱི་དཔལ་འབྱོར་མཉམ་ལས་ཁུལ་སྐྲུན་པ་བཅས་བྱས་ཏེ་ས་ཁུལ་དར་རྒྱས་ཡར་ཐོན་གྱི་མཐོ་ས་གཏོད་དགོས། དམངས་སེམས་གཅིག་མཐུན་ལ་སྐུལ་འདེད་གཏོང་བ་དང་ཧི་མ་ལ་ཡའི་མཐའ་འཁོར་ས་ཁུལ་གྱི་མི་དམངས་ཚོའི་མཛའ་གྲོགས་ཀྱི་འགྲོ་འོང་དང་སྤེལ་རེས་ཀྱི་སྲོལ་རྒྱུན་རྒྱུན་འཛིན་བྱས་ཏེ་ཐུན་མོང་ཐོག་ཕྱར་བ་གྲུ་འདེགས་ཀྱི་ཁྱིམ་ཚང་ཆེན་པོ་བསྐྲུན་ཏེ་ས་ཁུལ་གྱི་མཛའ་གྲོགས་འགྲོ་འོང་གི་དམངས་འདོད་རྨང་གཞི་བརྟན་དུ་གཏོང་དགོས། ཕྱོགས་མང་མཉམ་ལས་ཟབ་ཏུ་གཏོང་བ་དང་། གོ་ལ་ཧྲིལ་པོའི་གྲོས་འགོ་ཆེན་པོ་བཞི་དོན་འཁྱོལ་ཧུར་ཐག་བྱེད་པ། དེ་བས་དྭངས་གཙང་དང་མཛེས་སྡུག་ལྡན་ལ་རྒྱུན་མཐུད་ཆོག་པའི་སྐྱེ་ཁམས་ཁུལ་མཉམ་སྐྲུན་བཅས་བྱས་ནས་ས་ཁུལ་གྱི་སྐྱེ་ཁམས་བཅོས་སྐྱོང་མ་ལག་འཐུས་སྒོ་ཚང་དུ་གཏོང་བར་སྐུལ་འདེད་གཏོང་དགོས།
ཝང་ཅུན་ཀྲེང་གིས་ཤིས་ཚིག་གསུང་སྐབས་བོད་རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་དང་། བོད་ཀྱི་མི་རིགས་ཁག་གི་མི་དམངས་ཀྱི་ཚབ་ཞུས་ཏེ་དུས་ཡུན་རིང་པོར་བོད་ཀྱི་འཕེལ་རྒྱས་ལ་དོ་ཁུར་དང་ཧི་མ་ལ་ཡའི་མཐའ་འཁོར་གྱི་ས་ཁོངས་མཉམ་ལས་ལ་སྐུལ་འདེད་གཏོང་མཁན་རྒྱལ་ཁབ་ཕྱི་ནང་གི་གྲོགས་པོ་ཚོར་སྙིང་དབུས་ནས་ཐུགས་རྗེ་ཆེ་ཞུས་པ་དང་ལས་རིགས་ཁག་གི་སྐུ་མགྲོན་དང་གྲོགས་པོ་རྣམ་པར་སྤྲོ་སེམས་འཁོལ་བའི་དགའ་བསུ་ཞུས་ཤིང་། ཁོང་གིས། བོད་ནི་ཀྲུང་གོའི་མཐའ་མཚམས་མི་རིགས་ས་ཁུལ་གལ་ཆེན་ཞིག་དང་རྒྱལ་ཁབ་ཀྱི་སྐྱེ་ཁམས་བདེ་འཇགས་སྲུང་བཅད་གལ་ཆེན་ཞིག་རེད། བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གིས་བོད་ཀྱི་ལས་དོན་ལ་ཚད་མཐོའི་མཐོང་ཆེན་བྱས་ནས་བོད་ཀྱི་ལས་དོན་ཐོག་མཐའ་བར་གསུམ་དུ་ཏང་དང་རྒྱལ་ཁབ་ཀྱི་ལས་དོན་གྱི་སྤྱི་ཡོངས་ཁྲོད་བཞག་ནས་བསམ་གཞིག་དང་། ཇུས་འགོད། སྐུལ་འདེད་བཅས་གཏོང་བ་དང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་བོད་ལ་བརྟན་ལྷིང་དང་། འཕེལ་རྒྱས། སྐྱེ་ཁམས། མཐའ་སྟོབས་བཅས་ཀྱི་དོན་ཆེན་བཞི་གསལ་སྟོན་གནང་ཡོད་ལ། དུས་རབས་གསར་པའི་ཏང་གི་བོད་སྐྱོང་མཛད་ཇུས་གཏན་འཁེལ་གནང་ནས་བོད་ཡུན་རིང་བདེ་འཁོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་འགན་འཁྲི་དང་ལས་འགན་དཀྲིས་གནང་ཡོད། མིག་སྔའི་བོད་ཀྱི་ཆབ་སྲིད་བརྟན་ལྷིང་དང་། སྤྱི་ཚོགས་བརྟན་ལྷིང་། དཔལ་འབྱོར་འཕེལ་རྒྱས། མི་རིགས་མཐུན་སྒྲིལ། ཆོས་ལུགས་ཞི་དུལ། སྐྱེ་ཁམས་ཡག་པ། མཐའ་སྲུང་སྲ་བརྟན། མི་དམངས་བདེ་སྡོད་ལས་བརྩོན་བཅས་བྱུང་ནས་དབྱར་མཚོ་རྒྱས་པ་ལྟ་བུའི་འཕེལ་རྒྱས་ཀྱི་རྣམ་པ་བཟང་པོ་མངོན་ཡོད།
ཝང་ཅུན་ཀྲེང་གིས་གསུངས་དོན། བོད་ཀྱི་སྐྱེ་ཁམས་ཤེས་དཔལ་འཛུགས་གཏོད་ཀྱི་དགེ་མཚན་ལྡན་པའི་ཕན་འབྲས་ཀྱིས་ཨེ་ཤེ་ཡའི་ཆུ་བོ་གཙོ་བོའི་ཆུ་འགོ་གསོ་འཁྱོངས་དང་། ས་ཁོངས་ཀྱི་གནམ་གཤིས་བརྟན་པོ་ཡོང་བར་སྲུང་སྐྱོང་། སྐྱེ་དངོས་སྣ་མང་རང་བཞིན་སྲུང་སྐྱོང་སོགས་ཐད་དགེ་མཚན་ལྡན་པའི་ནུས་པ་བཏོན་ནས་གོ་ལ་ཧྲིལ་པོའི་མཐོ་གྲང་ས་ཁུལ་གྱི་སྐྱེ་ཁམས་བཅོས་སྐྱོང་ལ་ཀྲུང་གོའི་ཇུས་གཞི་དང་བོད་ཀྱི་སྟོབས་ཤུགས་ལེགས་སྐྱེས་ཕུལ་ཡོད། འགོ་འཛུགས་ས་གསར་པར་གཞི་ཚུགས་པ་དང་འབྱུང་འགྱུར་གསར་པར་ཕྱོགས་ནས་ང་ཚོས་ས་ཁོངས་ཀྱི་རྒྱལ་ཁབ་ཁག་དང་ལས་རིགས་ཁག་དང་མཉམ་དུ“གསར་གཏོད་དང་། མཐུན་སྦྱོར། ལྗང་མདོག སྒོ་དབྱེ། མཉམ་སྤྱོད”བཅས་ཀྱི་འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་མཐའ་འཁྱོངས་བྱས་ཏེ་ལག་གདང་སྦྲེལ་ནས་ཧི་མ་ལ་ཡའི་མཐའ་འཁོར་གྱི་ལྗང་མདོག་འཕེལ་རྒྱས་ཀྱི་གཅིག་མཐུན་ཚོགས་པ་གཏོད་པ་དང་། “ཐུན་མོང་དང་། ཕྱོགས་བསྡུས། མཉམ་ལས། རྒྱུན་མཐུད་ཆོག་པ”བཅས་ཀྱི་བདེ་འཇགས་ལྟ་བ་ལག་བསྟར་བྱས་ཏེ་ལག་གདང་སྦྲེལ་ནས་ཧི་མ་ལ་ཡའི་མཐའ་འཁོར་གྱི་སྐྱེ་ཁམས་བདེ་འཇགས་གཅིག་མཐུན་ཚོགས་པ་གཏོད་པ། “སྣ་མང་ལ་བརྩི་འཇོག་དང་། འདྲ་མཉམ་ངང་ཕན་ཚུན་དཔྱད་གཞིར་འཛིན་པ། སྒོ་དབྱེ་བསྟུན་མཁས། རྒྱུན་འཛིན་གསར་གཏོད”བཅས་ཀྱི་ཤེས་དཔལ་ལྟ་བ་མཐའ་འཁྱོངས་བྱས་ཏེ་ལག་གདང་སྦྲེལ་ནས་ཧི་མ་ལ་ཡའི་མཐའ་འཁོར་གྱི་ཤེས་དཔལ་དཔྱད་གཞིར་འཛིན་རེས་ཀྱི་གཅིག་མཐུན་ཚོགས་པ་གཏོད་པ། མཉམ་གྲོས་དང་། མཉམ་སྐྲུན། མཉམ་སྤྱོད་བཅས་ཟུང་དུ་སྦྲེལ་བའི་གོ་ལ་ཧྲིལ་པོའི་བཅོས་སྐྱོང་ལྟ་བ་མཐའ་འཁྱོངས་བྱས་ཏེ་ལག་གདང་སྦྲེལ་ནས་ཧི་མ་ལ་ཡའི་མཐའ་འཁོར་གྱི་མཉམ་ལས་བཅོས་སྐྱོང་གི་གཅིག་མཐུན་ཚོགས་པ་གཏོད་པ་བཅས་བྱེད་འདོད་ཡོད།
ཝང་ཅུན་ཀྲེང་གིས་གསུངས་དོན། མཉམ་ལས་གཉིས་ཁེ་ནི་དུས་རབས་ཀྱི་རླབས་རྒྱུན་ཞིག་ཡིན་པས་དངོས་སྒྲུབ་དོན་འཁྱོལ་བྱས་ཚེ་གཞི་ནས་བརྟན་བགྲོད་རྒྱང་འཁྱོལ་ཡོང་ཐུབ། ང་ཚོས་གོ་ལ་ཧྲིལ་པོའི་གྲོས་འགོ་ཆེན་པོ་བཞི་སྣེ་ཁྲིད་དུ་བྱས་ཏེ་ཕྱར་བ་གྲུ་འདེགས་དང་དཔུང་པ་མཉམ་གཤིབ་ཀྱིས་མིའི་རིགས་ཀྱི་ལས་དབང་གཅིག་མཐུན་ཚོགས་པ་གཏོད་ཆེད་ཧི་མ་ལ་ཡའི་མཐའ་འཁོར་ས་ཁུལ་གྱི་བློ་གྲོས་དང་སྟོབས་ཤུཌ་ལེགས་སྐྱེས་འབུལ་དགོས།
དེ་རྗེས་འཚོགས་པའི་བཞེད་དོན་གཙོ་བོའི་གླེང་སྟེགས་ཐོག་ཆི་ལིའི་གྲོས་ཁང་འོག་མའི་གྲོས་མི་ཅཱ་སི་མུའུ་ལི་དང་རྒྱལ་ཁབ་འཕྲོད་བསྟེན་བདེ་ཐང་ཨུ་ལྷན་རྒྱལ་སྤྱིའི་མཉམ་ལས་སིའི་སི་ཀྲང་ཧྥེང་ཡུང་གིས་ཤིས་ཚིག་གསུངས་པ་དང་། སྐལ་བཟང་ནོར་བུ་དང་། དགྲ་འདུལ། ཀའོ་ཡུས་ཆི། ལུའོ་ཏེ་ཝེ། སཱ་ཅར·ཉིའུ་ཕ་ནེ་སོགས་རྒྱལ་ཁབ་ཕྱི་ནང་གི་རིགས་གཅིག་མཁས་ཅན་དང་མཁས་དབང་གིས་བཞེད་དོན་གཙོ་བོའི་སྙན་ཞུ་ཕུལ་བ་དང་འབྲེལ་ས་མཐོའི་ནད་གཞི་འགོག་བཅོས་མཉམ་ལས་དྲ་བའི་འགོ་ཚུགས་མཛད་སྒོ་འཚོགས་པ་རེད།
འབྲེལ་ཡོད་གསར་འགྱུར།