རང་སྐྱོང་ལྗོངས་སྲིད་གྲོས་ཀྱིས་ཏང་ཕྱིའི་མི་སྣའི་བཞུགས་མོལ་ཚོགས་འདུ་འཚོགས་པ།
ལིའུ་ཅང་ཚོགས་འདུར་ཞུགས་པ།
ཚེས་16ཉིན། རང་སྐྱོང་ལྗོངས་སྲིད་གྲོས་ཀྱིས་ཏང་ཕྱིའི་མི་སྣའི་བཞུགས་མོལ་ཚོགས་འདུ་འཚོགས་ཤིང་། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་རྒྱུན་ལས་ཧྲུའུ་ཅི་གཞོན་པ་དང་རང་སྐྱོང་ལྗོངས་སྲིད་གྲོས་ཏང་ཙུའི་ཧྲུའུ་ཅི་ལིའུ་ཅང་ཚོགས་འདུར་ཞུགས་ནས་གསུང་བཤད་གནང་བ་རེད།
མོང་ཞའོ་ལིན་གྱིས་ཚོགས་འདུ་གཙོ་སྐྱོང་གནང་བ་དང་། ལང་ཧྥུའུ་ཁོན་དང་། སྒྲུབ་ཁང་ཐུབ་བསྟན་མཁས་གྲུབ། པད་མ་དབང་འདུས། ཡུས་ཡུན་ཀུའེ། ཝང་ཀང་། ཟླ་བ་དངོས་གྲུབ་བཅས་ཚོགས་འདུར་ཞུགས་པ་རེད།
ལིའུ་ཅང་གིས་དང་ཐོག་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཚབ་ཞུས་ཏེ་རང་སྐྱོང་ལྗོངས་སྲིད་གྲོས་ཀྱི་བློ་མཐུན་རྒན་གྲས་དང་། རྒྱ་ཆེའི་ཏང་ཕྱིའི་མི་སྣ། ལྗོངས་ཡོངས་ཀྱི་སྲིད་གྲོས་ཨུ་ཡོན་བཅས་དང་། དེ་བཞིན་སྲིད་གྲོས་ལས་བྱེད་པ་རྣམས་ལ་ལྷག་བསམ་ཟོལ་མེད་ཀྱི་འཚམས་འདྲི་ཞུས་པ་རེད།
ལིའུ་ཅང་གིས་ནན་བཤད་གནང་དོན། རྒྱ་ཆེའི་སྲིད་གྲོས་ཨུ་ཡོན་དང་ཏང་ཕྱིའི་མི་སྣས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མི་དམངས་སྲིད་གྲོས་ཀྱི་ལས་དོན་ལ་ཤུགས་སྣོན་དང་ལེགས་སུ་གཏོང་བའི་སྐོར་གྱི་དགོངས་པ་གལ་ཆེན་དང་། བོད་ཀྱི་ལས་དོན་སྐོར་གྱི་མཛུབ་སྟོན་གལ་ཆེན། དུས་རབས་གསར་པའི་ཏང་གི་བོད་སྐྱོང་མཛད་ཇུས་བཅས་ལག་བསྟར་གཏིང་ཟབ་བྱེད་པ་དང་། “གཏན་འཁེལ་གཉིས”ཀྱི་ཐག་གཅོད་རང་བཞིན་གྱི་དོན་སྙིང་ལ་གོ་བ་གཏིང་ཟབ་ལེན་པ། “སྲུང་སྐྱོང་གཉིས”མཐའ་གཅིག་ཏུ་ཐུབ་པ། ལྟེ་བར་དམིགས་པ་དང་སྤྱི་ཡོངས་ལ་ཞབས་འདེགས་ཞུ་བ། ཏང་གི་འགོ་ཁྲིད་དང་། འཐབ་ཕྱོགས་གཅིག་གྱུར། གྲོས་མོལ་དམངས་གཙོ་བཅས་ཟུང་འབྲེལ་དམ་ཟབ་བྱེད་པ་མཐའ་འཁྱོངས། སྲིད་གྲོས་ཀྱི་འཐབ་ཕྱོགས་གཅིག་གྱུར་རྩ་འཛུགས་ཀྱི་བྱེད་ནུས་དང་ཏང་ཕྱིའི་མི་སྣའི་ལེགས་ཆ་དང་ནུས་པ་གང་ལེགས་འདོན་པ། ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པ་མཉམ་དུ་འཛུགས་པ་དང་མཛེས་སྡུག་ལྡན་པའི་བོད་ཀྱི་ལེའུ་གསར་རྩོམ་པ་བཅས་བྱས་ཏེ། སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་བོད་གསར་སྐྲུན་ཆེད་ནུས་སེམས་གཅིག་སྒྲིལ་རྒྱ་ཁྱབ་བྱེད་དགོས།
ལིའུ་ཅང་གིས་ནན་བཤད་གནང་དོན། ཐོག་མཐའ་བར་གསུམ་དུ་ཏང་དང་བློ་སེམས་གཅིག་མཐུན་གྱིས་རང་རྟོགས་ངང་བསམ་བློ་དང་། ཆབ་སྲིད། བྱ་སྤྱོད་བཅས་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་དང་ཚད་མཐོའི་གཅིག་གྱུར་ཡོང་བ་དང་། འགན་སྒྲུབ་ཁ་ཕྱོགས་བརྟན་དུ་གཏོང་བ། བསམ་བློའི་ཁྲིད་སྟོན་ལ་ཤུགས་སྣོན་རྒྱག་པ། ཆབ་སྲིད་ཀྱི་ནུས་པ་ཆེ་རུ་གཏོང་བ་བཅས་བྱེད་དགོས། ཐོག་མཐའ་བར་གསུམ་དུ་མཐུན་སྒྲིལ་མཁས་པོ་བྱས་ཏེ་ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་བརྟན་པོ་འཛུགས་པའི་གཙོ་རྐང་སྟངས་འཛིན་ནན་པོ་དང་། ཆབ་སྲིད་ཀྱི་ལྟེ་བ་བརྟན་སྲུང་། ཐུན་མོང་གི་ངོས་འཛིན་དང་མཉམ་ཤུགས་གཅིག་སྒྲིལ། ལྷག་བསམ་ཟོལ་མེད་ངང་དམངས་ཆེད་གྲོས་མོལ་བཅས་བྱས་ནས། མི་སེམས་གཅིག་སྒྲིལ་དང་། ཐུན་མོང་གི་ངོས་འཛིན་གཅིག་སྒྲིལ། བློ་གྲོས་གཅིག་སྡུད། སྟོབས་ཤུགས་གཅིག་སྒྲིལ་བཅས་དེ་བས་རྒྱ་ཁྱབ་བྱེད་དགོས། ཐོག་མཐའ་བར་གསུམ་དུ་འགན་འཁྲི་བསྒྲུབས་པར་ཕན་འབྲས་ཐོན་པ་དང་། གྲོས་མོལ་བྱེད་ཤེས་པ་དང་། གྲོས་འགོ་དྲང་གཞག་འདོན་པ། ཚད་རན་པོ་བཟུང་བ་བཅས་བྱས་ཏེ། མི་དམངས་སྲིད་གྲོས་ལམ་ལུགས་ཀྱི་ལེགས་ཆ་དེ་ལས་དོན་ལ་སྐུལ་འདེད་གཏོང་བའི་ཕན་འབྲས་དངོས་ལ་ཏན་ཏིག་སྒྱུར་དགོས། ཐོག་མཐའ་བར་གསུམ་དུ་འགན་འཁྲི་ཡག་པོ་འཁུར་བ་དང་། བྱ་བ་ཧུར་ཐག་སྒྲུབ་པ། འཇོན་ཐང་ཆེ་རུ་གཏོང་བ། གཟུགས་བརྙན་གཏོད་པ་བཅས་བྱས་ནས། སྲིད་གྲོས་ཨུ་ཡོན་གྱི་དུས་རབས་ཀྱི་ཉམས་འགྱུར་མངོན་པར་བྱེད་དགོས།
འབྲེལ་ཡོད་གསར་འགྱུར།