དབུ་ཤོག>སྲིད་དོན།>སྲིད་དོན་གསར་འགྱུར།
  • ཝང་ཅུན་ཀྲེང་གིས་ཀྲུང་གོའི་བོད་ལྗོངས“ཧི་མ་ལ་ཡའི་མཐའ་འཁོར”གྱི་རྒྱལ་སྤྱིའི་མཉམ་ལས་གླེང་སྟེགས་སྐབས་ལྔ་པར་ཞུགས་མཁན་ཕྱི་རྒྱལ་གྱི་སྲིད་ཕྱོགས་མི་སྣ་གལ་ཆེན་དང་མཇལ་འཛོམས་གནང་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2026-07-18

    ཟླ་7ཚེས་16ནས་18ཉིན་བར། ཀྲུང་གོའི་བོད་ལྗོངས“ཧི་མ་ལ་ཡའི་མཐའ་འཁོར”གྱི་རྒྱལ་སྤྱིའི་མཉམ་ལས་གླེང་སྟེགས་སྐབས་ལྔ་པ་ཉིང་ཁྲིར་གཉེར་ཞིང་། ཚེས་16ཉིན། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་ཝང་ཅུན་ཀྲེང་གིས་ཉིང་ཁྲིར་སྐབས་འདིའི་གླེང་སྟེགས་ལ་ཞུགས་མཁན་འབར་མའི་ཙུང་ཐུང་གཞོན་པ་ནན་ཉི་ཉི་ཨའེ་དང་མཇལ་འཛོམས་གནང་བ།

    ཟླ་7ཚེས་16ནས་18ཉིན་བར། ཀྲུང་གོའི་བོད་ལྗོངས“ཧི་མ་ལ་ཡའི་མཐའ་འཁོར”གྱི་རྒྱལ་སྤྱིའི་མཉམ་ལས་གླེང་སྟེགས་སྐབས་ལྔ་པ་ཉིང་ཁྲིར་གཉེར་ཞིང་། ཚེས་16ཉིན། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་ཝང་ཅུན་ཀྲེང་གིས་ཉིང་ཁྲིར་སྐབས་འདིའི་གླེང་སྟེགས་ལ་ཞུགས་མཁན་ནེ་པ་ལའི་གྲོས་ཁང་འོག་མའི་གྲོས་དཔོན་གཞོན་པ་རུའུ་པི·ཁུའུ་མ་ལི་དང་མཇལ་འཛོམས་གནང་བ།

    ཟླ་7ཚེས་16ནས་18ཉིན་བར། ཀྲུང་གོའི་བོད་ལྗོངས“ཧི་མ་ལ་ཡའི་མཐའ་འཁོར”གྱི་རྒྱལ་སྤྱིའི་མཉམ་ལས་གླེང་སྟེགས་སྐབས་ལྔ་པ་ཉིང་ཁྲིར་གཉེར་ཞིང་། ཚེས་16ཉིན། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་ཝང་ཅུན་ཀྲེང་གིས་ཉིང་ཁྲིར་སྐབས་འདིའི་གླེང་སྟེགས་ལ་ཞུགས་མཁན་འབར་མའི་ཙུང་ཐུང་གཞོན་པ་ནན་ཉི་ཉི་ཨའེ་དང་ནེ་པ་ལའི་གྲོས་ཁང་འོག་མའི་གྲོས་དཔོན་གཞོན་པ་རུའུ་པི·ཁུའུ་མ་ལི་དང་མཇལ་འཛོམས་གནང་བ་རེད།

    ཝང་ཅུན་ཀྲེང་གིས་བོད་རང་སྐྱོང་ལྗོངས་ཏང་ཨུད་དང་། སྲིད་གཞུང་། བོད་ཀྱི་མི་རིགས་ཁག་གི་མི་དམངས་བཅས་ཀྱི་ཚབ་ཞུས་ནས་ཕྱི་རྒྱལ་གྱི་སྐུ་མགྲོན་རྣམ་པར་དགའ་བསུ་ཞུས་པ་མ་ཟད། དུས་ཡུན་རིང་པོའི་ནང་ཁོང་ཚོས་བོད་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་ཐུགས་ཁུར་དང་རྒྱབ་སྐྱོར་གནང་བར་ཐུགས་རྗེ་ཆེ་ཡང་ཞུས་ཤིང་། ཁོང་གིས། ཀྲུང་གོ་གུང་ཁྲན་ཏང་གི་འགྱུར་མེད་སྟོབས་ལྡན་གྱི་འགོ་ཁྲིད་འོག བོད་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་བྱ་གཞག་ཁག་ལ་ཕྱོགས་ཡོངས་ནས་ཡར་རྒྱས་བྱུང་བ་དང་ལོ་རྒྱུས་རང་བཞིན་གྱི་གྲུབ་འབྲས་ཐོབ་ཡོད། མིག་སྔའི་བོད་ཀྱི་ཆབ་སྲིད་བརྟན་ལྷིང་དང་། སྤྱི་ཚོགས་བརྟན་ལྷིང་། དཔལ་འབྱོར་འཕེལ་རྒྱས། མི་རིགས་མཐུན་སྒྲིལ། ཆོས་ལུགས་ཞི་དུལ། སྐྱེ་ཁམས་ཡག་པ། མཐའ་སྲུང་སྲ་བརྟན། མི་དམངས་བདེ་སྡོད་ལས་བརྩོན་བཅས་བྱུང་ནས་དབྱར་མཚོ་རྒྱས་པ་ལྟ་བུའི་འཕེལ་རྒྱས་ཀྱི་རྣམ་པ་བཟང་པོ་མངོན་ཡོད་ཅེས་གསུངས་པ་རེད།

    ཝང་ཅུན་ཀྲེང་གིས་གསུངས་དོན། ཀྲུང་གོའི་བོད་ལྗོངས“ཧི་མ་ལ་ཡའི་མཐའ་འཁོར”གྱི་རྒྱལ་སྤྱིའི་མཉམ་ལས་གླེང་སྟེགས་ནི་བོད་ཀྱིས་རྒྱལ་ཁབ་ཁག་དང་ཕན་ཚུན་བསམ་ཤེས་བྱེད་ཤུགས་ཆེ་རུ་གཏོང་བའི་ལས་སྟེགས་གལ་ཆེན་ཞིག་རེད་ལ། བོད་ཀྱིས་ཨེ་ཤེ་ཡ་ལྷོ་མ་དང་དེ་བཞིན་འཛམ་གླིང་ལ་སྒོ་དབྱེ་སྤེལ་རེས་བྱེད་པའི་སྐར་ཁུང་གལ་ཆེན་ཞིག་ཀྱང་ཡིན་པས། ཕྱོགས་ཁག་གི་ཐུན་མོང་ངོས་འཛིན་གཅིག་སྒྲིལ་རྒྱ་ཁྱབ་དང་རྒྱལ་སྤྱི་དང་ས་ཁུལ་གྱི་གླེང་མང་བའི་གནད་དོན་ཐག་གཅོད་ལ་ཐུན་མོང་ཐོག་སྐུལ་འདེད་གཏོང་བར་དགེ་མཚན་ལྡན་པའི་ནུས་པ་ལྡན་ཡོད། སྐབས་འདིའི“ཧི་མ་ལ་ཡའི་མཐའ་འཁོར”གྱི་རྒྱལ་སྤྱིའི་མཉམ་ལས་གླེང་སྟེགས་ཀྱི་བརྗོད་དོན་གཙོ་བོ་ནི“མི་དང་རང་བྱུང་ཁམས་ཞི་མཐུན་མཉམ་གནས་ཡོང་བར་བྱས་ནས་མཉམ་ལས་འཕེལ་རྒྱས་ཀྱི་གྲུབ་འབྲས་མཉམ་སྤྱོད་བྱེད”ཅེས་པ་དེ་ཡིན་པ་དང་། “ལྗང་མདོག་འཕེལ་རྒྱས་ལ་སྐུལ་འདེད་བཏང་ནས་མཛེས་སྡུག་ལྡན་པའི་ཁྱིམ་གཞིས་མཉམ་དུ་སྐྲུན”ཞེས་པར་དམིགས་ཏེ། དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་དང་སྐྱེ་ཁམས་ཤེས་དཔལ་འཛུགས་སྐྱོང་ཐད་ཀྲུང་གོའི་བོད་ལྗོངས་ལ་ཐོབ་པའི་གྲུབ་འབྲས་ཕྱོགས་ཡོངས་ནས་མངོན་པ་དང་། ཀྲུང་གོའི་བོད་ཀྱི་ཕྱི་ཕྱོགས་སྒོ་དབྱེ་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་ཆུ་ཚད་མཐོ་རུ་གཏོང་རྒྱུར་རམ་འདེགས་བྱེད་པ། “ཧི་མ་ལ་ཡའི་མཐའ་འཁོར”ས་ཁུལ་གྱི་རྒྱལ་སྤྱིའི་མཉམ་ལས་ཀྱི་ནང་དོན་ཟབ་ཏུ་གཏོང་བ་བཅས་བྱས་ནས། ཕྱོགས་ཁག་གིས་མཉམ་ལས་འཕེལ་རྒྱས་ཀྱི་གྲུབ་འབྲས་མཉམ་གྲོས་དང་། མཉམ་སྐྲུན། མཉམ་སྤྱོད་བཅས་ལ་སྐུལ་འདེད་གཏོང་དགོས། གྲོགས་པོ་རྙིང་པ་མི་བརྗེད་པར་གྲོགས་པོ་གསར་པ་གང་མང་སྒྲིག་པ། ང་ཚོས་རྒྱལ་ཁབ་ཁག་དང་སྤེལ་རེས་གཏིང་ཟབ་དང་ཕན་ཚུན་དཔྱད་གཞིར་འཛིན་ནས་དཔལ་འབྱོར་ཚོང་དོན་དང་། མཐའ་མཚམས་ཚོང་དོན། རིག་གནས། ཡུལ་སྐོར། གནམ་གཤིས་འགྱུར་ལྡོག་ལ་ཁ་གཏད་གཅོག་པ། ཁོར་ཡུག་སྲུང་སྐྱོང་སོགས་ཁྱབ་ཁོངས་ཀྱི་མཉམ་ལས་ལ་ཤུགས་སྣོན་བརྒྱབ་སྟེ། ཐུན་མོང་ཐོག་དར་རྒྱས་གོང་འཕེལ་ཡོང་བར་སྐུལ་འདེད་བཏང་ནས། མིའི་རིགས་ཀྱི་ལས་དབང་གཅིག་མཐུན་ཚོགས་པ་མཉམ་དུ་གཏོད་རྒྱུའི་རེ་སྒུག་བྱེད་ཀྱི་ཡོད། ཚང་མས་བོད་དུ་ལྟ་སྐོར་ལ་མང་ཙམ་ཡོང་ནས་དེ་བས་མཛེས་སྡུག་དང་། དར་རྒྱས། སྒོ་དབྱེ་བཅས་ཀྱི་ཀྲུང་གོའི་བོད་ལྗོངས་དེ་རྒྱལ་སྤྱིའི་སྤྱི་ཚོགས་ལ་ཕྱོགས་ཡོངས་དང་། དོན་དངོས། ཇི་མ་ཇི་བཞིན་ངོ་སྤྲོད་བྱས་ཏེ། འཛམ་གླིང་གིས་དེ་བས་ལེགས་པའི་སྒོ་ནས་བོད་ཤེས་རྟོགས་དང་བོད་འདི་ཉིད་འཛམ་གླིང་ཕྱོགས་སུ་དེ་བས་མགྱོགས་པ་བསྐྱོད་རྒྱུར་དགའ་བསུ་ཞུ་གི་ཡིན།

    ནན་ཉི་ཉི་ཨའེ་དང་རུའུ་པི·ཁུའུ་མ་ལི་ཡིས་བོད་ཀྱིས་སེམས་རྩ་འཁོལ་པོས་བཀོད་སྒྲིག་ཞིབ་ཚགས་གནང་བར་ཐུགས་རྗེ་ཆེ་ཞུས་པ་མ་ཟད། བོད་ཀྱི་བྱ་གཞག་ཁག་གི་འཕེལ་རྒྱས་ཐད་ཐོབ་པའི་གྲུབ་འབྲས་ལ་ཚད་མཐོའི་བསྔགས་བརྗོད་གནང་ནས་གླེང་སྟེགས་ཐུགས་གྲ་ལེགས་འགྲིག་ཡོང་བའི་སྨོན་འདུན་ཡང་ཞུས་ཤིང་། ཁོང་རྣམ་གཉིས་ཀྱིས་ཀྲུང་གོ་གཅིག་གི་སྲིད་ཇུས་བློ་བརྟན་འགྱུར་མེད་ངང་ལག་ལེན་བསྟར་ནས་ད་ཐེངས་ཀྱི་གླེང་སྟེགས་གོ་སྐབས་སུ་བྱས་ཏེ་བོད་ཀྱི་གྲུབ་འབྲས་ཐོབ་པའི་ཉམས་མྱོང་དང་བྱེད་ཐབས་སློབ་སྦྱོང་བྱེད་པ་དང་། རང་ངོས་ཀྱི་ལེགས་ཆ་འདོན་པ། སྤེལ་རེས་དང་འགྲོ་འོང་ཟབ་ཏུ་གཏོང་བ། དཔལ་འབྱོར་ཚོང་དོན་དང་། རིག་གནས། ཡུལ་སྐོར། ཁོར་ཡུག་སྲུང་སྐྱོང་སོགས་ཁྱབ་ཁོངས་ཀྱི་དངོས་སྒྲུབ་མཉམ་ལས་ལ་ཤུགས་སྣོན་རྒྱག་པ་བཅས་བྱས་ཏེ། གཉིས་ཁེ་གཉིས་ཕན་དང་ཐུན་མོང་འཕེལ་རྒྱས་ལ་སྐུལ་འདེད་གཏོང་གི་ཡིན་ཞེས་གསུངས་པ་རེད།

    འབར་མ་ཕྱི་འབྲེལ་པུའི་པུའུ་ཀྲང་གཞོན་པ་ནའེ་མིན་ཅུའེ་དང་། འབར་མ་རང་བྱུང་ཐོན་ཁུངས་དང་ཁོར་ཡུག་སྲུང་སྐྱོང་པུའི་པུའུ་ཀྲང་གཞོན་པ་ཀྲ་ནའེ་ཝུའུ། ནེ་པ་ལ་རྒྱལ་ཕྲན་མཉམ་འབྲེལ་གྲོས་ཚོགས་དྲུང་ཡིག་ཁྲུའི་ལས་འགན་རྒྱུན་འཛིན་དྲུང་ཆེ་ལུའོ་ཅི་ནེ་སི·ཕན་ཏེ། ལྷ་སར་བཅའ་སྡོད་ནེ་པ་ལའི་སྤྱི་ཁྱབ་ཁེ་སྐྱོང་བ་ལཱ་ཁེ་ཤིས་སྨི·ཕུའུ་ལ་ས་ཏེ·ཉི་ལུའོ་ལཱ། རང་སྐྱོང་ལྗོངས་ཀྱི་འགོ་ཁྲིད་རེན་ཝེ་དང་། ཀུང་ཧུའེ་ཚའེ། ཞུས་ཀྲི་ཝུན། ཀྲའོ་ཕུང་། ཕྱི་འབྲེལ་པུའི་གཞུང་ཚབ་ཆེ་མོ་བ་ཧོང་ཤིས་ལན་བཅས་ཞུགས་ཡོད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། བསྟན་འཛིན་ཆོས་གྲགས།

འབྲེལ་ཡོད་གསར་འགྱུར།