རེན་ཝེ་ཡིས་ལྗོངས་ཡོངས་ཀྱི་གཙོ་གནད་རྣམ་གྲངས་བཀོད་སྒྲིག་དང་སྐུལ་སྤེལ་ཚོགས་འདུ་གཙོ་སྐྱོང་གནང་བ།
ཚེས་13ཉིན་གྱི་ཕྱི་དྲོར། ལྗོངས་ཏང་ཨུད་ཀྱི་རྒྱུན་ཨུ་དང་རང་སྐྱོང་ལྗོངས་ཀྱི་རྒྱུན་ལས་ཀྲུའུ་ཞི་གཞོན་པ་རེན་ཝེ་ཡིས་ལྗོངས་ཡོངས་ཀྱི་གཙོ་གནད་རྣམ་གྲངས་བཀོད་སྒྲིག་དང་སྐུལ་སྤེལ་ཚོགས་འདུ་གཙོ་སྐྱོང་གནང་སྟེ། 2026ལོའི་ལྗོངས་ཡོངས་ཀྱི་གཙོ་གནད་འཛུགས་སྐྲུན་རྣམ་གྲངས་ཀྱི་དུས་ཚིགས་གསུམ་པའི་འགག་སྒྲོལ་བྱ་སྤྱོད་ཇུས་གཞིར་ཞིབ་འཇུག་གནང་བ་མ་ཟད། ལོ་སྟོད་ཀྱི་གཏན་འཇགས་རྒྱུ་ནོར་ལ་མ་འཇོག་ལེགས་གྲུབ་བྱས་ཚུལ་དང་དུས་ཚིགས་གསུམ་པའི་རྣམ་གྲངས་ལ་མ་འཇོག་བཀོད་སྒྲིག་བྱས་ཚུལ་གསན་ཏེ། གོམ་སྟབས་རྗེས་མའི་ལས་དོན་བཀོད་སྒྲིག་གནང་བ་རེད།
རེན་ཝེ་ཡིས་བསྟན་དོན། དུས་ཚིགས་གསུམ་པ་ནི་རྣམ་གྲངས་འཛུགས་སྐྲུན་གྱི་དུས་ཚོད་ཡག་ཤོས་ཡིན་པས། ས་ཁུལ(གྲོང་ཁྱེར)ཁག་དང་སྡེ་ཚན་ཁག་གིས་གོ་སྐབས་ལ་དམ་འཛིན་བྱས་ཏེ་རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གི་བཀོད་སྒྲིག་བླང་བྱ་གཞིར་བཟུང་། དུས་ཚིགས་གསུམ་པའི་རྣམ་གྲངས་འགག་སྒྲོལ་ལ་ནུས་ཤུགས་ཡོད་རྒུས་གདོང་ལེན་བྱས་ནས་གཏན་འཁེལ་བྱས་པའི་མ་འཇོག་ལས་འགན་ཆད་ལུས་མེད་པར་ལེགས་སྒྲུབ་བྱེད་དགོས།
རེན་ཝེ་ཡིས་ནན་བཤད་གནང་དོན། ལྗོངས་ཡོངས་ཀྱི་རིམ་པ་ཁག་དང་སྡེ་ཚན་ཁག་གིས་དམིགས་ཚད་ཀྱི་སྟོན་ཕྱོགས་མཐའ་འཁྱོངས་བྱས་ནས་རྣམ་གྲངས་འཛུགས་སྐྲུན་ལ་དམ་འཛིན་ནན་པོ་བྱེད་པ་དང་། ཡིག་ཆ་གལ་ཆེན་གང་མགྱོགས་སྒྲུབ་གཉེར་བྱེད་པ། རྣམ་གྲངས་ལ་ཞིབ་དཔྱད་ཆོག་འཐུས་སྔ་ཙམ་འགོད་པ་དང་། ལས་འགོ་སྔ་ཙམ་འཛུགས་པ། འཛུགས་སྐྲུན་སྔ་ཙམ་བྱེད་པ་བཅས་ལ་སྐུལ་འདེད་བཏང་ནས་ངོ་ཡོད་ལས་འབོར་དེ་བས་མང་བ་ཆགས་རྒྱུའི་བརྩོན་ལེན་ཧུར་ཐག་བྱེད་དགོས་པ་དང་། རྣམ་གྲངས་ཀྱི་མ་དངུལ་དོན་འཁྱོལ་བྱེད་ཤུགས་ཆེ་རུ་གཏོང་བ་དང་། མ་དངུལ་གཏོང་སྤྲོད་བྱེད་མགྱོགས་སུ་གཏོང་བ། སྤུས་ལེགས་རྣམ་གྲངས་གསོག་འཇོག་གཏིང་ཟབ་དང་ཏན་ཏིག་བྱེད་པ། ཚོང་འགུགས་མ་འདྲེན་བྱེད་ཤུགས་ཆེ་རུ་གཏོང་བ་བཅས་བྱས་ནས“མ་དངུལ་གྱིས་རྣམ་གྲངས་སྒུག་པ”དང“རྣམ་གྲངས་ཀྱིས་མ་དངུལ་སྒུག་པའི”གནད་དོན་ནུས་ཤུགས་ཡོད་རྒུས་ཐག་གཅོད་བྱེད་དགོས། རྒྱུ་རྐྱེན་གཙོ་བོ་འགན་ལེན་ལ་རྒྱུན་མཐུད་ཤུགས་སྣོན་རྒྱག་པ་དང་། རྣམ་གྲངས་ལ་ཞིབ་མཆན་འགོད་པའི་བརྒྱུད་རིམ་ལེགས་སུ་གཏོང་བ། རྣམ་གྲངས་ཀྱི་དུས་འཁོར་ཧྲིལ་པོའི་ཞབས་ཞུའི་བྱེད་ཐབས་ནན་དུ་ཏན་ཏིག་གཏོང་བ་བཅས་བྱས་ནས་རྣམ་གྲངས་དེ་བས་མང་བ་སྔ་ཙམ་དོན་འཁྱོལ་དང་སྤྱོད་འགོ་ཚུགས་རྒྱུར་སྐུལ་འདེད་གཏོང་དགོས། འགན་འཁྲི་ནན་དུ་ཏན་ཏིག་བཏང་ནས་རྣམ་གྲངས་བཀོད་གཏོང་བྱེད་ཤུགས་ཆེ་རུ་གཏོང་བ་དང་། འགོག་རྐྱེན་གྱི་གནད་དོན་དུས་ཐོག་ཏུ་མཐུན་སྦྱོར་ཐག་གཅོད་བྱེད་པ། གཙོ་གནད་རྣམ་གྲངས་འཛུགས་སྐྲུན་ལ་གོ་རིམ་ལྡན་པའི་ངང་སྐུལ་འདེད་ནུས་ལྡན་གཏོང་བ་བཅས་བྱས་ནས་ལོ་འཁོར་གྱི་དམིགས་ཚད་ལས་འགན་བདེ་བླག་ངང་ལེགས་གྲུབ་ཡོང་བར་འདེགས་སྐྱོར་བྱེད་དགོས།
འབྲེལ་ཡོད་གསར་འགྱུར།