རང་སྐྱོང་ལྗོངས་ཀྱིས་ཡང་དག་པའི་སྲིད་དོན་ལས་རྗེས་ལྟ་བ་འཛུགས་པ་དང་ལག་བསྟར་གྱི་སློབ་སྦྱོང་སློབ་གསོའི་ལས་དོན་བཀོད་གཏོང་ཚོགས་འདུ་འཚོགས་པ།
ཟླ་7ཚེས་14ཉིན། རང་སྐྱོང་ལྗོངས་ཀྱིས་ཡང་དག་པའི་སྲིད་དོན་ལས་རྗེས་ལྟ་བ་འཛུགས་པ་དང་ལག་བསྟར་གྱི་སློབ་སྦྱོང་སློབ་གསོའི་ལས་དོན་བཀོད་གཏོང་ཚོགས་འདུ་འཚོགས་ཏེ། ཞི་ཅིན་ཕིང་གི་ཏང་འཛུགས་སྐྱོང་དགོངས་པ་སློབ་སྦྱོང་ལག་བསྟར་གཏིང་ཟབ་བྱས་པ་དང་། དཔོན་གསར་གྱིས་དཔོན་རྙིང་གི་ལས་གཞུག་མི་སྐྱོང་བའི་མངོན་གསལ་དོད་པའི་གནད་དོན་གཅིག་སྡུད་བཅོས་སྒྲིག་གི་ལས་དོན་ལ་བཀོད་གཏོང་བྱས་པ་རེད། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་རྒྱུན་ཨུ་དང་རྩ་འཛུགས་པུའི་པུའུ་ཀྲང་ལའེ་ཅའོ་ཚོགས་འདུར་ཞུགས་ནས་གསུང་བཤད་གནང་བ་རེད།
ལའེ་ཅའོ་ཡིས་གསུངས་དོན། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་སློབ་སྦྱོང་ལས་དོན་ཆེད་སྒྲུབ་ཚོགས་ཆུང་གིས་བཀོད་གཏོང་ལ་སྤྱི་འདོམས་བྱེད་ཤུགས་ཆེ་རུ་བཏང་སྟེ་ལས་ཀའི་འགན་འཁྲི་ནན་དུ་གཏོང་བ་དང་། ལྗོངས་ཡོངས་ཀྱི་རིམ་ཁག་འགོ་ཁྲིད་ཚན་ཁག་དང་འགོ་ཁྲིད་ལས་བྱེད་པས་ཞི་ཅིན་ཕིང་གི་ཏང་འཛུགས་སྐྱོང་དགོངས་པ་ལག་བསྟར་དོན་འཁྱོལ་མཐའ་གཅིག་ཏུ་བྱེད་པར་སྐུལ་འདེད་གཏོང་བ། ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་དང་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ལས་དོན་བླང་བྱ་གཞིར་བཟུང་དཔོན་གསར་གྱིས་དཔོན་རྙིང་གི་ལས་གཞུག་མི་སྐྱོང་བ་སོགས་ཞིབ་ཕྲའི་གནད་དོན་རིགས་12ལ་འབེན་དམིགས་ཡོ་བཅོས་དང་རིགས་དབྱེ་ཇུས་བསྟར་བྱས་ཏེ། ལོ་རྒྱུས་ཀྱི་རང་འགུལ་སྙིང་སྟོབས་ལ་བརྟེན་ནས་དཔོན་རྙིང་གི་ལས་གཞུག་དང་དུ་ལེན་པ་དང་། དཀའ་བ་དང་ལེན་དང་རྙོག་དྲར་མི་འཛེམས་པའི་སྙིང་རུས་ལ་བརྟེན་ནས་དཔོན་རྙིང་གི་ལས་གཞུག་ཡག་པོ་སྐྱོང་དགོས། སྒོ་དབྱེ་བཅོས་སྒྲིག་མཐའ་འཁྱོངས་ཀྱིས་མང་ཚོགས་ཀྱི་ལྟ་སྐུལ་རང་འགུལ་ངང་དང་ལེན་བྱས་ཏེ། མང་ཚོགས་ཀྱི་ཁས་ལེན་ཚད་དང་བློ་ཡིད་ཚིམ་ཚད་དེ་བཅོས་སྒྲིག་གི་ཕན་འབྲས་ལ་བརྟག་བཤེར་བྱེད་པའི་རྩ་བའི་ཚད་གཞིར་བརྩི་དགོས། སྦྱོང་བཤེར་བཅོས་གསུམ་ལ་གཞི་གཅིག་ཏུ་སྐུལ་འདེད་བཏང་ནས་ལྟ་སྐུལ་ནན་པོ་དང་མཛུབ་ཁྲིད་ངོ་མ་མཐའ་འཁྱོངས་བྱས་ཏེ། སློབ་སྦྱོང་སློབ་གསོ་དང་གཅིག་སྡུད་བཅོས་སྒྲིག་ལས་དོན་ལ་འགོ་ཡོད་མཇུག་ཡོད་དང་ལག་ལེན་དུ་འཁྱོལ་ཞིང་ཕན་འབྲས་ཐོན་པར་འགན་ལེན་བྱེད་པ་མ་ཟད། རྒྱ་ཆེའི་ཏང་ཡོན་ལས་བྱེད་པས་ལག་ལེན་དང་། མི་དམངས། ལོ་རྒྱུས་བཅས་ཀྱི་ཞིབ་དཔྱད་ཐེག་པའི་ལས་རྗེས་གཏོད་རྒྱུར་ཁྲིད་སྟོན་ཡང་བྱས་ཏེ“ལོ་ལྔ་ཚན་བཅོ་ལྔ་པའི”འགོ་ཡག་པོ་འཛུགས་པ་དང་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་བོད་གསར་སྐྲུན་པར་སྲ་ཞིང་བརྟན་པའི་འགན་ལེན་བྱེད་དགོས།
འབྲེལ་ཡོད་གསར་འགྱུར།