ལིའུ་ཅང་ཁོངས་གཏོགས་ཏང་ཀྲི་པུའི་བརྗོད་དོན་གཙོ་བོའི་ཏང་གི་ཉིན་མོའི་བྱེད་སྒོར་ཞུགས་ནས་ཆེད་དོན་ཏང་གི་སློབ་ཚན་ཁྲིད་གནང་བ།
ཀྲུང་གོ་གུང་ཁྲན་ཏང་དབུ་བརྙེས་ནས་ལོ་ངོ་105འཁོར་བར་རྟེན་འབྲེལ་ཞུ་བའི་མཚམས་སུ། ཉེ་ཆར། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་རྒྱུན་ལས་ཧྲུའུ་ཅི་གཞོན་པ་དང་སྲིད་ཁྲིམས་ཨུ་ལྷན་གྱི་ཧྲུའུ་ཅི་ལིའུ་ཅང་ཁོངས་གཏོགས་རང་སྐྱོང་ལྗོངས་ཏང་ཨུད་གཞུང་དོན་ཐིང་གི་ཆེད་དོན་གཞུང་ལས་ཁང་གི་ཏང་ཀྲི་པུའི་བརྗོད་དོན་གཙོ་བོའི་ཏང་གི་ཉིན་མོའི་བྱེད་སྒོར་ཞུགས་ནས་ཆེད་དོན་ཏང་གི་སློབ་ཚན་ཁྲིད་ཅིང་། ཁོང་གིས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི“བདུན་གཅིག”གསུང་བཤད་གལ་ཆེན་གྱི་དགོངས་དོན་དང་ཞི་ཅིན་ཕིང་གི་ཏང་འཛུགས་སྐྱོང་གི་དགོངས་པ་སློབ་སྦྱོང་ལག་བསྟར་གཏིང་ཟབ་དང་། ལྷག་བསམ་རྣམ་དག་གིས་གཞུང་དོན་ཐིང་ལས་དོན་གྱི“མཐའ་འཁྱོངས་ལྔའི”སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་ལག་བསྟར། ཏང་ལ་ལྷག་བསམ་རྣམ་དག་མཐའ་གཅིག་ཏུ་བྱེད་པ། སྙིང་རུས་འབད་འབུངས་ལ་བརྟེན་ནས་ལེགས་སྐྱེས་འབུལ་བ། ཐོག་མཐའ་བར་གསུམ་དུ་ཆབ་སྲིད་ཐད་ཉམས་སད་ཐེག་ཐུབ་པ་དང་། ལས་དོན་ཐད་ཉམས་སད་ཐེག་ཐུབ་པ། སྤྱོད་ཚུལ་ཐད་ཉམས་སད་ཐེག་ཐུབ་པ། སྤྱོད་གཙང་ཐད་ཉམས་སད་ཐེག་ཐུབ་པ་བཅས་བྱས་ནས། བོད་ཡུན་རིང་བདེ་འཁོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཆེད་ལེགས་སྐྱེས་དེ་བས་ཆེ་བ་འབུལ་དགོས་པའི་ནན་བཤད་གནང་བ་རེད།
ལིའུ་ཅང་གིས་གསུངས་དོན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི“བདུན་གཅིག”གསུང་བཤད་གལ་ཆེན་ནི་མར་ཁེ་སི་རིང་ལུགས་ཀྱི་ཚད་ལྡན་ཡིག་ཆ་གལ་ཆེན་ཞིག་ཡིན་པ་དང་། ཞི་ཅིན་ཕིང་གི་ཏང་འཛུགས་སྐྱོང་གི་དགོངས་པས་ལོ་བརྒྱའི་ཏང་ཆེན་པོས་ཏང་ལ་དོ་དམ་དང་ཏང་བཅོས་སྐྱོང་དང་། ཏང་དར་རྒྱས་དང་ཏང་སྟོབས་ཆེར་གཏོང་བའི་གནས་ཚད་གསར་པ་རྒྱུན་ཆད་མེད་པ་གཏོད་པར་ཁྲིད་སྟོན་བྱེད་བཞིན་ཡོད་པས། ང་ཚོས་གཞི་གཅིག་ཏུ་སློབ་སྦྱོང་དང་། གོ་བ་ལེན་པ། ལག་བསྟར་བཅས་བྱེད་པ་དང་། ཟབ་སྦྱོང་མཐིལ་རྟོགས་དང་དངོས་སྒྲུབ་ལག་བསྟར་ཁྲོད་ཕུགས་བསམ་དང་དད་སེམས་བརྟན་དུ་གཏོང་བ། ཏང་གཤིས་བློ་སྦྱོང་ལ་ཤུགས་སྣོན་རྒྱག་པ། དམིགས་ཡུལ་གྱི་འདུ་ཤེས་བརྟན་པོ་འཛུགས་པ། སྤྱོད་ཚུལ་བཟང་པོ་རྒྱུན་འཁྱོངས། ཡང་དག་པའི་སྲིད་དོན་ལས་རྗེས་ལྟ་བ་སེམས་རྒྱུད་ལ་འཇགས་པ་དང་ལག་ལེན་དུ་འཁྱོལ་བ་བཅས་བྱས་ཏེ་དངོས་སྒྲུབ་དང་། ལས་རྗེས་དངོས། ཕན་འབྲས་དངོས་བཅས་ལ་བརྟེན་ནས“གཏན་འཁེལ་གཉིས”ལ་བློ་བརྟན་འགྱུར་མེད་ངང་བརྩི་བཀུར་ཞུ་བ་དང“སྲུང་སྐྱོང་གཉིས”མཐའ་གཅིག་ཏུ་ཐུབ་པར་བྱེད་དགོས།
ལིའུ་ཅང་གིས་ནན་བཤད་གནང་དོན། ཐོག་མཐའ་བར་གསུམ་དུ་ཆབ་སྲིད་ཐད་ཉམས་སད་ཐེག་ཐུབ་པ་བྱེད་པར་རྒྱུན་སྲིང་ལྷོད་མེད་ངང་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པར་བརྟེན་ནས་བློ་སྒྲིལ་སེམས་སྐྱེད་བྱེད་པ་དང་། རང་རྟོགས་ངང་བསམ་བློ་དང་། ཆབ་སྲིད། བྱ་སྤྱོད་བཅས་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་དང་ཚད་མཐོའི་གཅིག་གྱུར་ཡོང་བར་བྱེད་པ། ཆབ་སྲིད་ཀྱི་སྒྲིག་ཁྲིམས་དང་ཆབ་སྲིད་ཀྱི་སྒྲིག་ལམ་ནན་པོ་སྲུང་བ། ཕུགས་བསམ་དང་དད་སེམས་བརྟན་པོར་བརྟེན་ནས་ཏང་ལ་ལྷག་བསམ་རྣམ་དག་བཅས་བྱས་ནས་དུས་དང་རྣམ་པ་ཀུན་ཏུ་མཐའ་གཅིག་ཏུ་ལྷག་བསམ་རྣམ་དག་དང་། སྤྱོད་གཙང་། བློ་འགེལ་ཆོག་པ་བཅས་བྱེད་དགོས། ཐོག་མཐའ་བར་གསུམ་དུ་ལས་དོན་ཐད་ཉམས་སད་ཐེག་ཐུབ་པ་བྱེད་པར་མི་དམངས་ཀྱི་ལངས་ཕྱོགས་སུ་བརྟན་པོར་ལངས་པ་དང་། དམངས་ལ་བཅངས་པའི་བརྩེ་སེམས་ཟབ་ཏུ་གཏོང་བ། སློབ་སྦྱོང་ལ་ཤུགས་སྣོན་བརྒྱབ་ནས་འཇོན་ཐང་ཆེ་རུ་གཏོང་བ། རང་རྟོགས་ངང་སྤྱི་ཡོངས་ཀྱི་མིག་རྒྱང་དང་། འཐབ་ཇུས་ཀྱི་མིག་རྒྱང་། བརྒྱུད་རིམ་ལྡན་པའི་འདུ་ཤེས་བཅས་ལ་བརྟེན་ནས་གནད་དོན་ལ་བསམ་བློ་གཏོང་བ་དང་། ཐབས་ཇུས་འདོན་པ། ལས་དོན་སྒྲུབ་པ་བཅས་བྱེད་པ། བློ་གཅིག་སེམས་གཅིག་གིས་གཞུང་དོན་སྒྲུབ་པ་དང་མཐུན་སྒྲིལ་ལས་སྒྲུབ་བཅས་བྱས་ཏེ་འགན་འཁྲི་ཡག་པོ་སྒྲུབ་པ་དང་། འགན་འཁྲི་ཡག་པོ་འཁུར་བ། རང་ཚོད་ཟིན་པ་བཅས་བྱེད་དགོས། ཐོག་མཐའ་བར་གསུམ་དུ་སྤྱོད་གཙང་ཐད་ཉམས་སད་ཐེག་ཐུབ་པ་བྱེད་པར་ཏང་ཡོན་ལས་བྱེད་པའི་རྒྱུན་གཏན་གྱི་སློབ་གསོ་དོ་དམ་ལ་ཤུགས་སྣོན་རྒྱག་པ་དང་། དུས་རྟག་ཏུ་སྤྱོད་གཙང་རང་འདོམས་ཀྱི་ཀུན་སྤྱོད་རྒྱུན་འཁྱོངས་བྱེད་པ། ཁྱིམ་ཚང་གི་སློབ་གསོ་དང་ཁྱིམ་སྲོལ་ལ་གཙིགས་ཆེན་བཅས་བྱས་ཏེ་དྲང་པོ་དྲང་གཞག་དང་ཕྱི་གསལ་ནང་གསལ་གྱི་ཁོར་ཡུག་ཁྲོད་ལས་སྒྲུབ་ལས་གཏོད་བྱེད་དགོས།
འབྲེལ་ཡོད་གསར་འགྱུར།