དབུ་ཤོག>སྲིད་དོན།>སྲིད་དོན་གསར་འགྱུར།
  • ཞུས་ཀྲི་ཝུན་གྱིས་ལྗོངས་ཏང་ཨུད་དྲིལ་བསྒྲགས་པུའི་པུའུ་དོན་ཨུ་ལྷན་ཚན་ཁག་གི་རིཌ་པའི་གཞུང་ལུཌ་སློབ་སྦྱོང་ལྟེ་བའི་ཚོགས་ཆུང་གི་སློབ་སྦྱོང་ཚོགས་འདུ་གཙོ་སྐྱོང་གནང་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2026-07-15

    ཉེ་ཆར། ལྗོངས་ཏང་ཨུད་ཀྱི་རྒྱུན་ཨུ་དང་དྲིལ་བསྒྲཌ་པུའི་པུའུ་ཀྲང་ཞུས་ཀྲི་ཝུན་གྱིས་ལྗོངས་ཏང་ཨུད་དྲིལ་བསྒྲགས་པུའི་པུའུ་དོན་ཨུ་ལྷན་ཚན་ཁག་གི་རིགས་པའི་གཞུང་ལུགས་སློབ་སྦྱོང་ལྟེ་བའི་ཚོགས་ཆུང་གི་2026ལོའི་སློབ་སྦྱོང་ཚོགས་འདུ་ཐེངས་གསུམ་པ་གཙོ་སྐྱོང་གནང་ནས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་སྤྱི་ཡོངས་ཀྱི་རྒྱལ་ཁབ་བདེ་འཇགས་ལྟ་བའི་སྐོར་གྱི་རྣམ་བཤད་གལ་ཆེན་ལ་ཆེད་དོན་སློབ་སྦྱོང་བྱས་པ་དང་། གོམ་སྟབས་རྗེས་མའི་ལས་དོན་ཡག་པོ་བསྒྲུབ་པར་བླང་བྱ་བཏོན་གནང་བ་རེད།

    ཚོགས་འདུའི་ཐོག་ནན་བཤད་བྱས་དོན། གཙོ་གནད་ལས་འགན་དོན་འཁྱོལ་དང་འགག་རྩའི་ཁྱབ་ཁོངས་ལ་དམ་པོར་དམིགས་ནས་འདུ་ཤེས་འཛིན་སྟངས་ཀྱི་བདེ་འཇགས་སྲུང་བཅད་ཕྱོགས་ཡོངས་ནས་བརྟན་དུ་གཏོང་དགོས་པ་དང་། གཙོ་རྐང་ལ་དམ་པོར་དམིགས་ནས་མི་རིགས་མཐུན་སྒྲིལ་གྱི་དྲང་ཕྱོགས་དྲིལ་བསྒྲགས་རྒྱུན་མཐུད་བྱས་ཏེ་ཀྲུང་ཧྭ་མི་རིགས་ཐུན་མོང་གི་བསམ་པའི་ཁྱིམ་གཞིས་བསྐྲུན་ནས་མི་རིགས་ཁག་གི་མང་ཚོགས་ཀྱི“མོས་སེམས་ལྔ”རྒྱུན་ཆད་མེད་པར་ཆེ་རུ་གཏོང་དགོས་པ། གཡུལ་ས་བརྟན་པོ་བསྲུངས་ནས་འདུ་ཤེས་འཛིན་སྟངས་ཀྱི་ལས་ཀའི་འགན་འཁྲིའི་ལམ་ལུགས་དོན་འཁྱོལ་ནན་ཏན་བྱེད་པ་དང་། གཡུལ་ས་འཛུགས་སྐྱོང་དང་དོ་དམ་བྱེད་ཤུགས་ཆེ་རུ་གཏོང་བ། དྲ་རྒྱའི་ཕྱོཌ་བསྡུས་བཅོས་སྐྱོང་དང་གླེང་ཕྱོགས་ཀྱི་ཉེན་ཁ་འགོག་ཟོན་བྱེད་ཤུགས་ཆེ་རུ་གཏོང་བ་བཅས་བྱས་ཏེ་ཉེན་ཁ་དང་མངོན་མེད་རྐྱེན་ངན་སྣ་ཚོགས་ལ་འགོག་སེལ་མཐའ་གཅིག་ཏུ་བྱེད་དགོས་པ། དྲིལ་བསྒྲགས་བྱེད་ཟབ་དུ་བཏང་ནས་སྨྱན་སྦྱོར་ལས་སྟེགས་ཀྱི་ཐོན་ཁུངས་སྣ་ཚོགས་གཅིག་གྱུར་འཆར་འགོད་བྱེད་པ་དང་། དྲ་ཐོག་དང་དྲ་ཕྱི་གཞི་གཅིག་ཏུ་མཉམ་འགུལ་དང་སྐད་སྒྲ་གཅིག་མཚུངས་སྒྲོགས་པ། དྲིལ་བསྒྲགས་ཀྱི་གཡུལ་ས་ཁག་རྒྱ་སྟོབས་ཆེ་རུ་གཏོང་བ་དང་བེད་སྤྱོད་ཡག་པོ་བཅས་བྱས་ཏེ། སྤྱི་ཡོངས་ཀྱི་རྒྱལ་ཁབ་བདེ་འཇགས་ལྟ་བ་སློབ་སྦྱོང་ལག་བསྟར་བྱེད་རྒྱུ་དེ་མང་ཚོགས་ཁྲོད་དུ་གཏིང་ཟབ་ཁྱབ་པ་དང་མི་སེམས་ལ་ཟུག་པར་སྐུལ་འདེད་གཏོང་དགོས་པ། བྱ་ཐབས་དང་རྩ་དོན་ཁོང་དུ་ཆུད་པ་དང་དངོས་སྒྲུབ་ཀྱི་བྱ་ཐབས་སྤྱད་ནས་ཡང་དག་པའི་སྲིད་དོན་ལས་རྗེས་ལྟ་བ་འཛུགས་པ་དང་ལག་བསྟར་གྱི་སློབ་སྦྱོང་སློབ་གསོར་སྐུལ་འདེད་ཏན་ཏིག་བཏང་སྟེ་སྤྱོད་ཚུལ་ནན་པོར་བརྟེན་ནས་སྤྱི་ཡོངས་ཀྱི་རྒྱལ་ཁབ་བདེ་འཇགས་ལྟ་བ་དོན་འཁྱོལ་མཐར་ཕྱིན་དང་ཕན་འབྲས་ཐོན་པར་སྐུལ་འདེད་གཏོང་དགོས།

    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཆོས་སྒྲོན།

འབྲེལ་ཡོད་གསར་འགྱུར།