དབུ་ཤོག>སྲིད་དོན།>སྲིད་དོན་གསར་འགྱུར།
  • ཀྲུང་གོ་ཁྲིམས་རིག་སློབ་ཚོགས་ཁྲིམས་གཞིའི་རིག་པ་ཞིབ་འཇུག་ལྷན་ཚོགས་ཀྱི་གཞོན་ནུའི་གླེང་སྟེགས་སྐབས་བདུན་པ་དང“ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པ་འཛུགས་པར་སྐུལ་འདེད་གཏོང་བའི་ཁྲིམས་སྐྱོང་འགན་ལེན”གྱི་རིག་གཞུང་བགྲོ་གླེང་ཚོགས་འདུ་ལྷ་སར་འཚོགས་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |     སྤེལ་དུས།  2026-07-14

    ཞུས་ཞན་མིང་དང་སུན་ཞན་ཀྲུང་ཚོགས་འདུར་ཞུགས་ནས་ཤིས་ཚིག་བསྒྲོན་པ།

    ཚེས་11ཉིན་གྱི་སྔ་དྲོ། ཀྲུང་གོ་ཁྲིམས་རིག་སློབ་ཚོགས་ཁྲིམས་གཞིའི་རིག་པ་ཞིབ་འཇུག་ལྷན་ཚོགས་ཀྱི་གཞོན་ནུའི་གླེང་སྟེགས་སྐབས་བདུན་པ་དང“ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པ་འཛུགས་སྐྱོང་ལ་སྐུལ་འདེད་གཏོང་བའི་ཁྲིམས་སྐྱོང་འགན་ལེན”གྱི་རིག་གཞུང་བགྲོ་གླེང་ཚོགས་འདུ་ལྷ་སར་འཚོགས་ཤིང་། རྒྱལ་ཡོངས་ཀྱི་མཐོ་སློབ་ཉི་ཤུ་ཡི་རིགས་གཅིག་མཁས་ཅན་དང་མཁས་དབང་དང་གཞོན་ནུ་ཤེས་ལྡན་པ་ལྷ་སར་འཛོམས་ནས་ཞི་ཅིན་ཕིང་གི་ཁྲིམས་སྐྱོང་དགོངས་པའི་རིགས་པའི་གཞུང་ལུགས་ལ་འཆད་འགྲེལ་དང་། 《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་སྐུལ་སྤེལ་བཅའ་ཁྲིམས》ལག་བསྟར། ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་བརྟན་པོ་འཛུགས་པའི་ཁྲིམས་སྐྱོང་འགན་ལེན་སོགས་ཀྱི་གྲོས་གཞི་གལ་ཆེན་ལ་དམིགས་ནས་རིག་གཞུང་སྤེལ་རེས་བྱས་པ་རེད།

    ཆེས་མཐོའི་མི་དམངས་ཞིབ་དཔྱོད་ཁང་བློ་འདྲི་ཨུ་ལྷན་གྱི་ཀྲུའུ་རེན་གཞོན་པ་དང་ཀྲུང་གོ་ཁྲིམས་རིག་སློབ་ཚོགས་ཁྲིམས་གཞིའི་རིག་པ་ཞིབ་འཇུག་ལྷན་ཚོགས་ཀྱི་མཚན་འཛིན་ཚོགས་གཙོ་དགེ་རྒན་ཆེ་མོ་བ་ཞུས་ཞན་མིང་ཚོགས་འདུར་ཞུགས་ནས་ཤིས་ཚིག་བསྒྲོན་པ་རེད། རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་གྱི་ཀྲུའུ་རེན་གཞོན་པ་དང་བོད་ལྗོངས་སློབ་ཆེན་ཏང་ཨུད་ཀྱི་ཧྲུའུ་ཅི་སུན་ཞན་ཀྲུང་གིས་ཤིས་ཚིག་བསྒྲོན་པ་རེད།

    ཚོགས་འདུར་བསྟན་དོན། ཁྲིམས་སྐྱོང་ནི་རྒྱལ་སྐྱོང་བདེ་འགོད་ཀྱི་རྨང་རྡོ་ལྟ་བུ་དང་དུས་རབས་གསར་པའི་མི་རིགས་ལས་དོན་གྱི་རྩ་བའི་འགན་ལེན་ཞིག་རེད། བོད་ལྗོངས་སློབ་ཆེན་གྱིས་དེ་གོ་སྐབས་སུ་བྱས་ཏེ་ཞི་ཅིན་ཕིང་གི་ཁྲིམས་སྐྱོང་དགོངས་པ་སློབ་སྦྱོང་གཏིང་ཟབ་བྱེད་པ་དང་། རྒྱལ་ཡོངས་ཀྱི་ཁྲིམས་གཞིའི་རིག་པའི་ལས་རིགས་དང་སྤེལ་རེས་མཉམ་ལས་ལ་ཤུགས་སྣོན་རྒྱག་པ། 《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་སྐུལ་སྤེལ་བཅའ་ཁྲིམས》བོད་དུ་དོན་འཁྱོལ་བྱས་ནས་ཕན་འབྲས་ཐོན་པར་སྐུལ་འདེད་གཏོང་བ་བཅས་བྱས་ཏེ་ཁྲིམས་གཞིར་བརྟེན་ནས་མི་རིགས་མཐུན་སྒྲིལ་ལ་སྲུང་སྐྱོང་དང་རིག་གཞུང་གི་འགན་འཁྲི་ཁུར་ནས་མཐའ་མཚམས་ཡུན་རིང་བདེ་འཁོད་ལ་སྲུང་སྐྱོང་བྱེད་དགོས།

    ད་ཐེངས་ཀྱི་གླེང་སྟེགས་ཀྲུང་གོ་ཁྲིམས་རིག་སློབ་ཚོགས་ཁྲིམས་གཞིའི་རིག་པ་ཞིབ་འཇུག་ལྷན་ཚོགས་ཀྱིས་གཙོ་གཉེར་བྱས་པ་དང་བོད་ལྗོངས་སློབ་ཆེན་གྱིས་སྒྲུབ་འགན་ཁུར་ཡོད།


    འགན་འཁུར་རྩོམ་སྒྲིག་པ། པ་སངས་དབང་མོ།

འབྲེལ་ཡོད་གསར་འགྱུར།