དབུ་ཤོག>སྲིད་དོན།>འགོ་ཁྲིད་བྱེད་སྒོ།>ཡན་ཅིན་ཧའེ།
  • ཡན་ཅིན་ཧའེ་ཡིས་རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་གྱི་ཏང་ཙུའི་ཚོགས་འདུ(རྒྱ་ཆེ)འཚོགས་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2026-07-13

    ཚེས་10ཉིན་གྱི་ཕྱི་དྲོར། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་དང་། རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་གྱི་ཏང་ཙུའི་ཧྲུའུ་ཅི་དང་ཀྲུའུ་རེན་བཅས་ཡིན་པའི་ཡན་ཅིན་ཧའེ་ཡིས་རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་གྱི་ཏང་ཙུའི་རིགས་པའི་གཞུང་ལུགས་སློབ་སྦྱོང་ལྟེ་བའི་ཚོགས་ཆུང་གི་2026ལོའི་སློབ་སྦྱོང་ཚོགས་འདུ(རྒྱ་ཆེ)ཐེངས་ལྔ་པ་གཙོ་སྐྱོང་གནང་ནས། ཞི་ཅིན་ཕིང་གི་ཏང་འཛུགས་སྐྱོང་གི་དགོངས་པ་དང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་བསམ་བློ་ཆབ་སྲིད་ལས་དོན་སྐོར་གྱི་རྣམ་བཤད་གལ་ཆེན་དང《ཀྲུང་གོ་གུང་ཁྲན་ཏང་གི་བསམ་བློ་ཆབ་སྲིད་ལས་དོན་སྲོལ་ཡིག》བཅས་ལ་སློབ་སྦྱོང་གཏིང་ཟབ་བྱས་ཏེ། བསམ་བློ་སྔར་བས་གཅིག་གྱུར་དང་ཐུན་མོང་གི་ངོས་འཛིན་གཅིག་ཏུ་བསྒྲིལ་ནས། སྤུས་ཚད་མཐོ་བའི་ཏང་འཛུགས་སྐྱོང་གིས་མི་དམངས་འཐུས་ཚོགས་ལས་དོན་གྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྣེ་ཁྲིད་བྱས་པ་རེད། རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་གྱི་ཏང་ཙུའི་ཁོངས་མིས་སྤེལ་རེས་གཏམ་བཤད་བྱས་པ་རེད།

    ཡན་ཅིན་ཧའེ་ཡིས་ནན་བཤད་གནང་དོན། ཞི་ཅིན་ཕིང་གི་ཏང་འཛུགས་སྐྱོང་གི་དགོངས་པས་ཏང་འཛུགས་སྐྱོང་གི་ཆེས་མཐོའི་རྩ་དོན་དང་། འཐབ་ཇུས་བྱེད་ཕྱོགས། རིན་ཐང་དོན་གཉེར་། ལས་ཀའི་བཀོད་སྒྲིག བྱ་ཐབས་དང་ཐབས་ལམ་བཅས་གསལ་འགྲེལ་གཏིང་ཟབ་གནང་ཡོད། “རྒྱུ་མཚན་གང་ཞིག་ཡིན་པ”ཤེས་རྟོགས་ཐུབ་པར་བྱས་ཏེ་ཞི་ཅིན་ཕིང་གི་ཏང་འཛུགས་སྐྱོང་གི་དགོངས་པའི་རིགས་པའི་གཞུང་ལུགས་ཀྱི་གཏན་ཚིགས་ཁོང་དུ་ཡང་དག་ཆུད་པར་བྱེད་དགོས། ལྟེ་བར་དམིགས་པ་དང་སྤྱི་ཡོངས་ལ་ཞབས་འདེགས་ཞུ་རྒྱུ་མཐའ་འཁྱོངས་བྱས་ནས་ཏང་འཛུགས་སྐྱོང་དང་ལས་སྒོ་མཉམ་འདྲེས་གཏིང་ཟབ་དང་གསར་གཏོད་འཕེལ་རྒྱས་ལ་སྔར་བས་སྐུལ་འདེད་བཏང་ནས། ཏང་གི་འགོ་ཁྲིད་མཐའ་འཁྱོངས་དང་ཏང་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་རྒྱུ་དེ་ཁྲིམས་འཛུགས་དང་། ལྟ་སྐུལ། ཐག་གཅོད། བསྐོ་འཐེན་བཅས་ལས་དོན་གྱི་ཕྱོགས་གང་ཅིའི་བརྒྱུད་རིམ་ཧྲིལ་པོར་དོན་འཁྱོལ་བྱེད་དགོས། “གང་ཞིག་སྒྲུབ་དགོས་པ”ཤེས་རྟོགས་ཐུབ་པར་བྱས་ཏེ་ཏང་ལ་དོ་དམ་དང་ཏང་བཅོས་སྐྱོང་གི་ཆབ་སྲིད་ཀྱི་འགན་འཁྲི་མཐའ་གཅིག་ཏུ་འཁུར་དགོས། ཆབ་སྲིད་ཀྱི་བླ་སྲོག་གཏོད་དེ་ཏང་གི་འགོ་ཁྲིད་མཐའ་འཁྱོངས་དང་ཏང་ཙུའུ་ཡི་ནུས་པ་བཏོན་ནས། ཆབ་སྲིད་ཀྱི་རྩ་དོན་གྱི་གནད་དོན་གལ་ཆེན་ཐད་ཐོག་མཐའ་བར་གསུམ་དུ་དར་ཆ་གསལ་སྟོན་དང་ལངས་ཕྱོགས་བརྟན་པོར་བཟུང་བ་དང་། ཀི་སྒྲོག་གྲི་འཕྱར་དང་གོམ་པ་གང་ཡང་ཕྱིར་བཤོལ་བྱེད་མི་རུང་། བསམ་བློའི་རྨང་གཞི་བརྟན་པོ་བཙུགས་ནས་ཏང་ཙུའུ་ཡིས་སློབ་སྦྱོང་སྣེ་ཁྲིད་དང་། ཀྲི་པུའུ་ཡིས་ཞིབ་འཇུག་སློབ་སྦྱོང་། འཐུས་མིས་ལག་ལེན་སློབ་སྦྱོང་བཅས་མཐའ་འཁྱོངས་བྱས་ཏེ་རིགས་པའི་གཞུང་ལུགས་ཀྱིས་དྲག་ཆས་སྤྲོས་རྒྱུ་རྒྱུན་མཐུད་གཏིང་ཟབ་ཏུ་བཏང་ནས་མི་དམངས་འཐུས་ཚོགས་ཀྱི་བསམ་བློའི་གཡུལ་ས་སྟོབས་ཆེར་གཏོང་དགོས། རྩ་འཛུགས་ཀྱི་སྟོབས་ཤུགས་ཆེ་རུ་གཏོང་བ་དང་། དུས་རབས་གསར་པའི་ཏང་གི་རྩ་འཛུགས་ལམ་ཕྱོགས་དོན་འཁྱོལ་ནན་པོ། མི་དམངས་འཐུས་ཚོགས་ཀྱི་ལས་བྱེད་པའི་དཔུང་ཁག་འཛུགས་སྐྱོང་ལ་དམ་འཛིན་ནན་པོ་དང་ཏན་ཏིག་བཅས་བྱས་ཏེ་མི་དམངས་འཐུས་ཚོགས་ཀྱི་འཐུས་མིའི་ཁྲོད་ཀྱི་ཏང་ཡོན་གྱི་གདོང་ལེན་སྟོབས་ཤུགས་སྐུལ་སློང་གང་ལེགས་བྱེད་དགོས།

     ཚེས་10ཉིན་གྱི་ཕྱི་དྲོར། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་དང་། རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་གྱི་ཏང་ཙུའི་ཧྲུའུ་ཅི། ཀྲུའུ་རེན་ཡན་ཅིན་ཧའེ་ཡིས་རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་གྱི་ཏང་ཙུའི་ཚོགས་འདུ(རྒྱ་ཆེ)གཙོ་སྐྱོང་གནང་ནས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་ཉེ་དུས་ཀྱི་གསུང་བཤད་གལ་ཆེན་དང་། མཛུབ་སྟོན་གལ་ཆེན། རྩོམ་ཡིག་གལ་ཆེན་བཅས་ཀྱི་དགོངས་དོན་བརྒྱུད་བསྒྲགས་སློབ་སྦྱོང་དང་། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་འབྲེལ་ཡོད་ཚོགས་འདུའི་དགོངས་དོན་སློབ་སྦྱོང་། འབྲེལ་ཡོད་ཀྱི་དོན་གནད་ལ་ཞིབ་འཇུག གོམ་སྟབས་རྗེས་མའི་ལས་དོན་བཀོད་སྒྲིག་བཅས་གནང་བ་རེད།

    ཡན་ཅིན་ཧའེ་ཡིས་ནན་བཤད་གནང་དོན། མི་དམངས་ཀྱི་ཚེ་སྲོག་དང་རྒྱུ་ནོར་གྱི་བདེ་འཇགས་ཚད་གཞི་མཐོ་པོས་སྲུང་སྐྱོང་ཡག་པོ་བྱེད་དགོས། མཐའ་ཚད་ཀྱི་བསམ་གཞིག་དང་མཐའ་ཟད་ཀྱི་བསམ་གཞིག་བརྟན་པོར་བཙུགས་ནས་རང་ལྗོངས་ཀྱི་ཆུ་མཚོ་མཛོད་ཀྱི་ཉེན་ཁའི་མངོན་མེད་རྐྱེན་ངན་གྲལ་བཤེར་དང་འཕྲལ་སྡོམ་རོགས་སྐྱོབ་ལ་དམིགས་ནས་བརྟག་ཞིབ་བྱེད་པ་དང་། འཐུས་མི་སྒྲིག་འཛུགས་བྱས་ནས་ལྟ་ཞིབ་བྱས་ཏེ་མི་དམངས་འཐུས་ཚོགས་ཀྱི་བྱ་སྤྱོད་དངོས་ལ་བརྟེན་ནས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་གྱི་བླང་བྱ་དོན་འཁྱོལ་བྱེད་དགོས། བྱང་ཚད་མཐོ་པོས་ལས་བྱེད་པའི་དཔུང་ཁག་འཛུགས་སྐྱོང་ཡག་པོ་བྱས་ཏེ་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་བཏོན་གནང་བའི“ཡོད་པ་བཞིའི”ཚད་གཞི་མི་དམངས་འཐུས་ཚོགས་ཀྱི་ལས་བྱེད་པའི་དཔུང་ཁག་འཛུགས་སྐྱོང་གི་ཐོག་མཐའ་བར་གསུམ་དུ་ཁྱབ་པར་བྱས་ནས་ལྷག་བསམ་རྣམ་དག་དང་། སྤྱོད་གཙང་། འགན་ཁུར་ཕོད་པ་བཅས་ཀྱི་མི་དམངས་འཐུས་ཚོགས་ཀྱི་ལས་བྱེད་པའི་དཔུང་ཁག་ཅིག་གཏོད་དགོས། བླང་བྱ་མཐོ་པོས་སྤྱི་ཚོགས་བརྟན་ལྷིང་སྲུང་སྐྱོང་ཡག་པོ་བྱེད་པ་དང་། མི་རིགས་མཐུན་སྒྲིལ་ཡར་ཐོན་སྐུལ་སྤེལ་བཅའ་ཁྲིམས་དྲིལ་བསྒྲགས་ལག་བསྟར་བྱེད་པར་སྐུལ་འདེད་གཏིང་ཟབ་གཏོང་བ། ཕྱོགས་ཡོངས་ནས་ལག་བསྟར་བྱ་རྒྱུའི་གཏན་འབེབས་མགྱོགས་མྱུར་བཟོ་བ་དང་། མིག་སྔའི་ལས་སླ་པོར་བྱུང་བ་མིན་པའི་མཐུན་སྒྲིལ་བརྟན་ལྷིང་གི་རྣམ་པ་བཟང་པོ་སྲ་བརྟན་དང་འཕེལ་རྒྱས་གཏོང་དགོས།

    ཡན་ཅིན་ཧའེ་ཡིས་ནན་བཤད་གནང་དོན། སྐྱེ་ཁམས་ཁོར་ཡུག་ལྟ་ཞིབ་ས་ཚིགས་དེ་རང་ལྗོངས་ཀྱི་སྐྱེ་ཁམས་ཁོར་ཡུག་གི་སྤུས་ཚད་འགྱུར་ལྡོག་གི་འཕེལ་ཚུལ་ཁོང་དུ་གནད་སྨིན་ཆུད་པ་དང་མངོན་གསལ་དོད་པའི་ཁོར་ཡུག་གི་གནད་དོན་དུས་ཐོག་ཏུ་ཤེས་རྟོགས་བྱེད་པ་མ་ཟད། གནད་དོན་ཐག་གཅོད་ལ་སྐུལ་འདེད་གཏོང་བར་དོན་སྙིང་གལ་ཆེན་ལྡན་ཡོད། ས་ཚིགས་བཀོད་སྒྲིག་གནད་ལ་འཁེལ་བར་བྱས་ཏེ་ས་གནས་དང་གྲོང་ཁྱེར་ཁག་ཏུ་ས་ཚིགས་འཛུགས་པའི་བསམ་འཆར་གྱི་རྨང་གཞིའི་ཐོག་དབྱེ་ཞིབ་གནད་ལ་འཁེལ་བ་དང་སྟབས་བསྟུན་ལེགས་སྒྲིག་བྱས་ནས་ལྟ་ཞིབ་ས་ཚིགས་འགག་རྩའི་སྐྱེ་ཁམས་བྱེད་ནུས་ཁུལ་དུ་ཁྱབ་ཐུབ་པའི་འགན་ལེན་བྱེད་དགོས་ལ། དཔེ་མཚོན་རང་བཞིན་དང་འཐུས་ཚབ་རང་བཞིན་ལ་ཕན་ཚུན་ལྟ་རྟོག་ཀྱང་བྱས་ཏེ་ས་མཐོའི་སྐྱེ་ཁམས་ཀྱི་སྣ་མང་རང་བཞིན་དངོས་འབྲེལ་མཚོན་ཐུབ་པར་བྱེད་དགོས། ཤེས་ཚོར་རྐྱེན་པོ་ཡོང་བར་བྱས་ནས་རྒྱུན་རྣམ་ཅན་གྱི་ལྟ་ཞིབ་ཟིན་ཐོའི་ལམ་ལུགས་བཙུགས་ནས་དེ་གར་སྐྱོད་མཁན་འཐུས་མི་དང་། གཞི་རིམ་ལྟ་ཞིབ་པ། གྲོང་སྡོད་ལས་དོན་རུ་ཁག ཞིང་འབྲོག་མང་ཚོགས་སོགས་ལ་བརྟེན་ནས། འཁྱགས་རོམ་ཆུང་དུ་འགྲོ་བ་དང་། རྩྭ་ཐང་ཉམས་ཞན་དུ་འགྲོ་བ། འདམ་ར་ཆུང་དུ་འགྲོ་བ། སྐྱེ་དངོས་སྣ་མང་རང་བཞིན་ལ་འགྱུར་ལྡོག་འགྲོ་བ། གད་སྙིགས་དང་བཙོག་ཆུ་གཙང་གསིང་སོགས་ཀྱི་མངོན་གསལ་དོད་པའི་གནད་དོན་ལ་དོ་ཁུར་དམ་ཟབ་བྱས་ཏེ“མང་ཚོགས་ཀྱིས་དོ་ཁུར་བྱེད་པ་དང་། ས་གནས་ས་ཐོག་ཏུ་ཞིབ་དཔྱད་བྱེད་པ། དེ་རང་དུ་ཐོ་འགོད་བྱེད་པ། གནས་ཚུལ་གོང་ཞུ་བྱེད་པ”བཅས་ཀྱི་ལས་ཀའི་ལམ་སྲོལ་གང་མགྱོགས་ཆགས་པར་བྱས་ནས་མངོན་མེད་ཀྱི་སྐྱེ་ཁམས་ཉེན་ཁ་དུས་ཐོག་ཏུ་ཤེས་རྟོགས་བྱེད་དགོས། ཞིབ་འཇུག་བརྡར་གཅོད་གཏིང་ཟབ་བྱས་ཏེ་སྐྱེ་ཁམས་ཁོར་ཡུག་དང་། རང་བྱུང་ཐོན་ཁུངས། ནགས་རྩྭ། ཆུ་བེད་སོགས་སྲིད་གཞུང་སྡེ་ཚན་གྱི་ལས་དོན་དང་མཉམ་འགུལ་བྱ་རྒྱུར་ཤུགས་སྣོན་རྒྱག་པ་དང་། ཚན་ཞིབ་ཁང་དང་མཐོ་སློབ་ཀྱི་རིགས་གཅིག་མཁས་ཅན་དང་འཐུས་མིའི་ཁྲོད་ཀྱི་ཆེད་ལས་མི་སྣ་དེའི་ནང་ཞུགས་རྒྱུར་དུས་བཀག་ཐོག་གདན་དྲངས་ཏེ་ས་མཐོའི་སྐྱེ་ཁམས་སྲུང་སྐྱོང་གི་གནས་ཚུལ་ལ་དབྱེ་ཞིབ་གཏིང་ཟབ་དང་། སྤྱི་ཁྱབ་རང་བཞིན་གྱི་གནད་དོན་ཞུན་བརྡར། མངོན་མེད་ཀྱི་འབྱུང་རྩ་སྔོག་འདོན་བཅས་བྱས་ནས་རྒྱུན་ལས་ཨུ་ལྷན་གྱིས་ཐབས་ཇུས་ལ་གྲོས་ཞིབ་བྱ་རྒྱུར་ཚན་རིག་དང་མཐུན་པའི་འདེགས་སྐྱོར་མཁོ་འདོན་བྱེད་དགོས།

    འགན་འཁུར་རྩོམ་སྒྲིག་པ། ཚེ་བརྟན་རྡོ་རྗེ།

འབྲེལ་ཡོད་གསར་འགྱུར།