དབུ་ཤོག>སྲིད་དོན།>འགོ་ཁྲིད་བྱེད་སྒོ།>ལིའུ་ཅང་།
  • རང་སྐྱོང་ལྗོངས་སྲིད་གྲོས་སྐབས་བཅུ་གཉིས་པའི་རྒྱུན་ལས་ཨུ་ལྷན་གྱི་ཚོགས་འདུ་ཐེངས་བཅུ་དྲུག་པ་འཚོགས་པ།

    ལིའུ་ཅང་ཚོགས་འདུར་ཞུགས་ནས་གསུང་བཤད་གནང་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2026-07-13

    ཚེས་9ཉིན། རང་སྐྱོང་ལྗོངས་སྲིད་གྲོས་སྐབས་བཅུ་གཉིས་པའི་རྒྱུན་ལས་ཨུ་ལྷན་གྱི་ཚོགས་འདུ་ཐེངས་བཅུ་དྲུག་པ་ལྷ་སར་འཚོཌ་པ་རེད། ཚོགས་འདུའི་ཐོག་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཀྲུང་གོ་གུང་ཁྲན་ཏང་དབུ་བརྙེས་ནས་ལོ་ངོ་105འཁོར་བའི་རྟེན་འབྲེལ་ཚོགས་ཆེན་ཐོག་གནང་བའི་གསུང་བཤད་གལ་ཆེན་གྱི་དགོངས་དོན་དང་ཞི་ཅིན་ཕིང་གི་ཏང་འཛུགས་སྐྱོང་གི་དགོངས་པ་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱས་ཤིང་།“དམངས་འཚོ་འགན་སྲུང་དང་ལེགས་གཏོང་དང་། དམངས་འཚོའི་བདེ་རྩ་རྒྱུན་མཐུད་ཆེར་གཏོང”གི་བརྗོད་དོན་གཙོ་བོར་དམིགས་ནས་གྲོས་མོལ་སྲིད་གླེང་བྱས་པ་རེད། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་རྒྱུན་ལས་ཧྲུའུ་ཅི་གཞོན་པ་དང་རང་སྐྱོང་ལྗོངས་སྲིད་གྲོས་ཀྱི་ཏང་ཙུའི་ཧྲུའུ་ཅི་ལིའུ་ཅང་ཚོགས་འདུར་ཞུགས་ནས་གསུང་བཤད་གནང་བ་རེད།

    ཚེ་རིང་ཐར་དང་། མོང་ཞའོ་ལིན། སྒྲུབ་ཁང་ཐུབ་བསྟན་མཁས་གྲུབ། རྫོང་ལོ་བྱམས་པ་མཁས་གྲུབ། པད་མ་དབང་འདུས། སྒྲོལ་དཀར། ལང་ཧྥུའུ་ཁོན། ཡུས་ཡུན་ཀུའེ། ཝང་ཀང་བཅས་ཚོགས་འདུར་ཞུགས་པ་དང་། བསོད་ནམས་ཉི་མས་ཚོགས་འདུ་གཙོ་སྐྱོང་གནང་བ་རེད།

    ཚོགས་འདུའི་ཐོག་ནན་བཤད་བྱས་དོན། ལྗོངས་ཡོངས་ཀྱི་རིམ་ཁག་སྲིད་གྲོས་རྩ་འཛུགས་ཀྱིས་མི་དམངས་ལྟེ་བར་འཛིན་པའི་འཕེལ་རྒྱས་ཀྱི་བསམ་བློ་ལག་ལེན་གཏིང་ཟབ་བསྟར་བ་དང་། དམངས་འཚོ་ལེགས་གཏོང་དང་མི་སེམས་གཅིག་སྒྲིལ་བྱ་རྒྱུ་དེ་ལས་ཀའི་འགོ་འཛུགས་ས་དང་དོན་ལ་བབས་སར་བརྩི་བ། “དོན་ཆེན་བཞིར”དམིགས་པ་དང“འཛུགས་གཏོད་བཞིར”ཤུགས་རྒྱག་པ། རང་ལྗོངས་ཀྱི“ལོ་ལྔ་ཚན་བཅོ་ལྔ་པའི”འཆར་འགོད་ནང་གི་ལས་ཞུགས་འབབ་འཕར་དང་། སློབ་གསོ་སྤུས་འདེགས། བདེ་ཐང་བོད་ལྗོངས། སྤྱི་ཚོགས་འགན་སྲུང་། རྒན་གསོའི་ཞབས་ཞུ། མི་འབོར་འཕེལ་རྒྱས། སྐྱེ་ཁམས་དམངས་ཕན། མཐའ་བརྟན་དང་། མཐའ་དར། དམངས་ཕྱུག་སོགས་ཐད་ཀྱི་ལས་འགན་བཀོད་སྒྲིག་ལ་དམ་པོར་དམིགས་པ། འཐབ་ས་དང་པོར་བསྐྱོད་ནས་ལག་ལེན་གསར་གཏོད་ཀྱི་གསོན་ཉམས་དོད་པའི་ཉམས་མྱོང་དང་། མི་རིགས་ཁག་གི་མང་ཚོགས་ཀྱི་རེ་འདུན་དང་རེ་ཞུ། སྲིད་ཇུས་ལག་ལེན་བསྟར་བའི་དཀའ་གནད་དང་འགག་གནད་བཅས་ཤེས་རྟོགས་བྱེད་པ། གཏད་ཇུས་གྲོས་འདོན་གྱི་རྒྱང་ལྟའི་རང་བཞིན་དང་གནད་སྨིན་རང་བཞིན་ཆེ་རུ་གཏོང་བ། སྲིད་གླེང་ཇུས་འདོན་གྱི་གཏིང་ཚད་ཟབ་ཏུ་གཏོང་བ་བཅས་བྱས་ནས་ཏང་ཨུད་དང་སྲིད་གཞུང་ལ་གཞོགས་འདེགས་ཀྱིས་དམངས་འཚོར་ཕན་པ་དང་། དམངས་སེམས་དྲོ་བ། དམངས་འདུན་སྒྲུབ་པ་བཅས་ཀྱི་ལས་དོན་མང་ཚོགས་ཀྱི་བློ་ལ་བབ་པ་ཞིག་སྒྲུབ་དགོས།

    ཚོགས་འདུའི་ཐོག་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཀྲུང་གོ་གུང་ཁྲན་ཏང་དབུ་བརྙེས་ནས་ལོ་ངོ་105འཁོར་བའི་རྟེན་འབྲེལ་ཚོགས་ཆེན་ཐོག་གནང་བའི་གསུང་བཤད་གལ་ཆེན་གྱི་དགོངས་དོན་དང་ཞི་ཅིན་ཕིང་གི་ཏང་འཛུགས་དགོངས་པ་གོ་བ་ལོན་པ་དང་། ཁོང་དུ་ཆུད་པ། དངོས་སུ་སྒྲུབ་པ། “གཏན་འཁེལ་གཉིས”ཀྱི་ཐག་གཅོད་རང་བཞིན་གྱི་དོན་སྙིང་ལ་གོ་བ་གཏིང་ཟབ་ལེན་པ། “སྲུང་སྐྱོང་གཉིས”མཐའ་གཅིག་ཏུ་ཐུབ་པ་བྱེད་པ། ཏང་འཛུགས་སྐྱོང་གི་དགོངས་པ་རླབས་པོ་ཆེ་དར་སྤེལ་ཤུགས་ཆེན་གཏོང་བ། ཡང་དག་པའི་སྲིད་དོན་ལས་རྗེས་ལྟ་བ་འཛུགས་པ་དང་ལག་ལེན་བསྟར་བ། ལོ་འཁོར་གྱི་སྲིད་གྲོས་འཆར་གཞི་ཕྱོགས་ཡོངས་ནས་དོན་འཁྱོལ་བྱེད་པ། “གངས་ལྗོངས་སེམས་མཐུན”གྱི་འགན་སྒྲུབ་སྤུས་རྟགས་ཧུར་ཐག་གཏོད་པ། “འབྲེལ་བ་ལྔའི”ལས་དོན་ཏན་ཏིག་ངང་སྒྲུབ་པ། “གཏམ་རྒྱུད་ཤོད་པ”དང་། “གྲོགས་པོ་སྒྲིག་པ” “བྱ་བ་དངོས་སྒྲུབ་པ”བཅས་ཀྱི་རིམ་སྤེལ་བྱ་སྤྱོད་གོ་རིམ་ལྡན་པའི་ངང་སྤེལ་བ། སྤྱོད་ཚུལ་ལེགས་གཏོང་དང་དོན་འཁྱོལ་ལ་མུ་མཐུད་དམ་འཛིན་ནན་པོ་བྱེད་པ། ཆེད་དོན་སྲིད་གྲོས་ལས་ཁུངས་ཀྱི་ནུས་པ་གང་ལེགས་འདོན་པ་བཅས་བྱས་ནས། སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་བོད་གསར་འཛུགས་སྐྲུན་བྱེད་ཆེད་སྲིད་གྲོས་ཀྱི་ལེགས་སྐྱེས་འབུལ་དགོས་ཞེས་ནན་བཤད་བྱས་པ་རེད།

    ཚོགས་འདུའི་ཐོག《སྲིད་གྲོས་བོད་རང་སྐྱོང་ལྗོངས་ཨུ་ཡོན་ལྷན་ཁང་ཆེད་དོན་ཨུ་ཡོན་ལྷན་ཁང་གི་སྤྱི་སྲོལ》དང《སྲིད་གྲོས་བོད་རང་སྐྱོང་ལྗོངས་ཨུ་ཡོན་ལྷན་ཁང་གི་གྲོས་གཞིའི་ལས་དོན་སྲོལ་ཡིག》ལ་གྲོས་ཞིབ་བྱས་ནས་གྲོས་འཆམ་བྱུང་བ་དང་། མི་དོན་བྱ་བར་གྲོས་ཞིབ་བྱས་ནས་གྲོས་འཆམ་བྱུང་བ་རེད།

    འགན་འཁུར་རྩོམ་སྒྲིག་པ། ཚེ་བརྟན་རྡོ་རྗེ།

འབྲེལ་ཡོད་གསར་འགྱུར།