དབུ་ཤོག>སྲིད་དོན།>སྲིད་དོན་གསར་འགྱུར།
  • རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་སྐབས་བཅུ་གཉིས་པའི་རྒྱུན་ལས་ཨུ་ལྷན་གྱི་ཀྲུའུ་རེན་ཚོགས་འདུ་ཐེངས་རེ་དགུ་པ་འཚོགས་པ།

    ཡན་ཅིན་ཧའེ་ཡིས་གཙོ་སྐྱོང་གནང་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |     སྤེལ་དུས།  2026-07-10

    ཚེས་8ཉིན་གྱི་ཕྱི་དྲོར། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་དང་རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་གྱི་ཀྲུའུ་རེན་ཡན་ཅིན་ཧའེ་ཡིས་རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་སྐབས་བཅུ་གཉིས་པའི་རྒྱུན་ལས་ཨུ་ལྷན་གྱི་ཀྲུའུ་རེན་ཚོགས་འདུ་ཐེངས་རེ་དགུ་པ་གཙོ་སྐྱོང་གནང་བ་རེད།

    ཚོགས་འདུར་ནན་བཤད་བྱས་དོན། ཡང་དག་པའི་སྲིད་དོན་ལས་རྗེས་ལྟ་བ་བརྟན་པོ་འཛུགས་པ་དང་ལག་བསྟར་བྱས་ཏེ་དམིགས་ཚད་གཏན་འཁེལ་དང་འགག་སྒྲོལ་དཀའ་སེལ་གྱིས“ལོ་ལྔ་ཚན་བཅོ་ལྔ་པའི”འགོ་ཚུགས་ལོར་སྤུས་ཚད་མཐོ་བའི་གྲུབ་འབྲས་ཧུར་ཐག་གཏོད་དགོས། “བརྟན་པོ་དང་ཡར་རྒྱས”སྤྱི་འདོམས་བྱས་ཏེ་རྨང་གཞི་བརྟན་དུ་དང་སྤུས་ཚད་མཐོ་རུ་གཏོང་དགོས། ཁྲིམས་གཏན་འཁེལ་བའི་དབང་ཚད་དང་ཁྲིམས་གཏན་འཁེལ་བའི་གོ་རིམ་གཞིར་བཟུང་འགན་འཁྲི་ནན་པོ་བསྒྲུབས་ཏེ་ཁྲིམས་སྐྱོང་གི་མཐའ་ཚད་དང་། ལས་ཀའི་མཐའ་ཚད། བདེ་འཇགས་ཀྱི་མཐའ་ཚད་བཅས་བརྟན་པོ་བསྲུངས་ནས་ཁྲིམས་གཏན་འཁེལ་བའི་ལས་འགན་ཁག་དོན་ཐོག་ཏུ་འཁྱོལ་བར་སྐུལ་འདེད་བརྟན་པོ་བཏང་སྟེ། འགན་འཁྲི་སྒྲུབ་རིང་ཐོན་པའི་ཉེན་ཁ་འགོག་ཟོན་བྱེད་དགོས། བརྟན་པའི་རྨང་གཞིའི་ཐོག་རང་འགུལ་ངང་གསར་པ་དང་། འགྱུར་ལྡོག ཚད་བརྒལ་བཅས་དོན་གཉེར་བྱེད་པ་དང་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ལྟེ་བའི་ལས་དོན་དང་ཡང་ཡང་བསྡུར་ནས་གསར་གཏོད་རང་བཞིན་གྱི་ལྟ་སྐུལ་དང་ཁྱད་ལྡན་ཅན་གྱི་ཁྲིམས་འཛུགས་རྣམ་གྲངས་ཇུས་འགོད་བྱས་ཏེ་མི་དམངས་འཐུས་ཚོགས་ཀྱི་འགན་སྒྲུབ་ཀྱི་བཀྲག་མདངས་འཚེར་སའི་སྤུས་རྟགས་གཏོད་དགོས། “འཛུགས་པ་དང་བརྒལ་བ”སྤྱི་འདོམས་བྱས་ཏེ་རྙིང་གཏོར་གསར་འཛུགས་དང་། གཏོར་འཛུགས་མཉམ་སྤེལ་བྱེད་དགོས། གནད་སྨིན་དང་ཚན་རིག་དང་མཐུན་པའི་སྒོ་ནས་ཁྲིམས་འཛུགས་དང་། བཙན་ཞིང་ནན་པའི་ལྟ་སྐུལ། འཐུས་མིའི་ཞབས་ཞུ་དོ་དམ་སོགས་གཙོ་གནད་ཁྱབ་ཁོངས་ལ་དམིགས་ནས་ལམ་ལུགས་འཛུགས་པ་དང་ཚད་ལྡན་དུ་བཏང་ནས་མི་དམངས་འཐུས་ཚོགས་ཀྱི་འགན་སྒྲུབ་ལས་དོན་ལམ་སྲོལ་རྒྱུན་ཆད་མེད་པར་འཐུས་སྒོ་ཚང་དུ་བཏང་སྟེ། བརྒྱུད་རིམ་ཧྲིལ་པོའི་མི་དམངས་དམངས་གཙོའི་ལམ་ལུགས་མ་ལག་འཐུས་སྒོ་ཚང་དུ་གཏོང་དགོས། གོམས་སྟོབས་བསམ་གཞིག་དང་འགྲོ་ལམ་ལ་བརྟེན་པའི་སྣང་ཚུལ་མེད་པར་བཟོ་བ་དང་། རང་འགན་གཞན་དཀྲི་དང་ཁྲལ་སེལ་སླ་བཅོས་སོགས་ཀྱི་སྲོལ་ངན་མེད་པར་བཟོ་བ། ལས་ཀའི་ཁྲོད་གནས་པའི“སྒུག་བརྟེན་སློང་གསུམ”གྱི་བསམ་བློ་དང“འགྲིག་པ་ཙམ”གྱི་བསམ་ཚུལ་མེད་པར་བཟོ་དགོས། “བདེན་རྫུན”སྤྱི་འདོམས་བྱས་ཏེ་བདེན་རྫུན་ཕན་ཚུན་བསྡུར་བ་དང་ཤེས་སྦྱོར་གཅིག་མཐུན་བྱེད་དགོས། རིགས་པའི་གཞུང་ལུགས་ཀྱིས་དྲག་ཆས་སྤྲོས་པ་དང་། ཆབ་སྲིད་འཛུགས་སྐྱོང་། བསམ་བློར་ཁྲིད་སྟོན་བཅས་ལ་ཤུགས་སྣོན་རྒྱག་པ་དང་མི་དམངས་འཐུས་ཚོགས་ཀྱི་རིགས་པའི་གཞུང་ལུགས་ལ་ཞིབ་འཇུག་དང་། ལམ་ལུགས་འཆད་འགྲེལ། ཁྲིམས་ལུགས་ཁྱབ་གདལ་བཅས་ཀྱི་སློབ་གསོ་ཏན་ཏིག་སྤེལ་ནས་ཆབ་སྲིད་ཀྱི་བརྡར་ཤ་གཅོད་ནུས་དང་། ཆབ་སྲིད་ཀྱི་གོ་རྟོགས་སད་ནུས། ཆབ་སྲིད་ཀྱི་ལག་བསྟར་བྱེད་ནུས་བཅས་མུ་མཐུད་ཆེ་རུ་གཏོང་དགོས། བརྟག་ཞིབ་དང་། ལྟ་སྐུལ་སྒྲུབ་གཉེར། དོན་འཁྱོལ་བཅས་ལ་དམ་འཛིན་ཏན་ཏིག་བྱེད་དགོས། “རྩ་ལག་མཉམ་བཅོས”སྤྱི་འདོམས་བྱས་ཏེ་རྩ་ལག་མཉམ་བཅོས་དང་ཕྱོགས་བསྡུས་ཇུས་བསྟར་བྱེད་དགོས། སྐོར་ཞིབ་ལྟ་སྐུལ་དང་། ཁོར་སྲུང་ལྟ་བཤེར། ཕྱོགས་བསྡུས་དཔྱད་ཞིབ། ཆེད་དོན་ལྟ་ཞིབ་སོགས་ཀྱི་ལན་སྤྲོད་གནད་དོན་ལ་དམིགས་ཏེ་འཕྲལ་མར་བྱ་སྤྱོད་སྤེལ་བ་དང་དུས་བཅད་ནང་བཅོས་སྒྲིག་བྱས་ཏེ་ཐོ་རེ་རེ་བཞིན་བསུབ་དགོས། གནད་དོན་རྒྱབ་ཀྱི་སྤྱི་འདོམས་ལམ་སྲོལ་དང་། འགན་འཁྲིའི་འཁོར་འབྲེལ། ལས་ཀའི་སྤྱོད་ཚུལ་བཅས་ཀྱི་ཞན་ཆ་སྔོག་འདོན་གཏིང་ཟབ་བྱས་ཏེ་ཞིབ་ཕྲའི་གནད་དོན་ཐག་གཅོད་དང་ཕུགས་ཕན་ལམ་ལུགས་འཐུས་སྒོ་ཚང་དུ་གཏོང་བར་མཉམ་དུ་ཤུགས་སྣོན་རྒྱག་དགོས། “ཉེ་ས་དང་རིང་ས”སྤྱི་འདོམས་བྱས་ཏེ་མིག་སྔར་གཞི་ཚུགས་ནས་ཕུགས་ཀྱི་ཇུས་གཞི་འདིང་དགོས། རྒྱུན་ལས་ཨུ་ལྷན་གྱི་ལས་དོན་སྙན་སྒྲོན་དང“གཙོ་གནད་གཉིས་དང་འཆར་གཞི་གསུམ”དང་ཡང་ཡང་བསྡུར་ནས་ཁྲིམས་སྲོལ་གྲོས་ཞིབ་དང་། ཁྲིམས་སྒྱུར་ཞིབ་བཤེར། ཆེད་དོན་བརྟག་ཞིབ། འཐུས་མིའི་ལྟ་ཞིབ་སོགས་ཀྱི་ཁྲིམས་གཏན་ལས་འགན་སྤུས་འབོར་གཉིས་ལྡན་ངང་ལེགས་གྲུབ་བྱེད་དགོས། “དོན་ཆེན་བཞིར”དམིགས་ནས“འཛུགས་གཏོད་བཞིར”ཤུགས་སྣོན་རྒྱག་པ་དང“ལོ་ལྔ་ཚན་བཅོ་ལྔ་པའི”འཆར་འགོད་ལག་བསྟར་ལ་དམ་པོར་དམིགས་ཏེ་རྒྱང་ལྟའི་རང་བཞིན་གྱི་སྒོ་ནས་ཁྲིམས་འཛུགས་བཀོད་ཇུས་དང་ལྟ་སྐུལ་གྲོས་གཞི་ཇུས་འགོད་བྱེད་དགོས།

    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།

འབྲེལ་ཡོད་གསར་འགྱུར།