རེན་ཝེ་ཡིས་ལྗོངས་ཡོངས་ཀྱི་ཞོད་ཐན་སྔོན་འགོག་ལས་དོན་གྱི་ཆེད་དོན་བཀོད་གཏོང་ཚོགས་འདུ་གཙོ་སྐྱོང་གནང་བ།
ཚེས་3ཉིན། ལྗོངས་ཏང་ཨུད་ཀྱི་རྒྱུན་ཨུ་དང་རང་སྐྱོང་ལྗོངས་ཀྱི་རྒྱུན་ལས་ཀྲུའུ་ཞི་གཞོན་པ་རེན་ཝེ་ཡིས་ལྗོངས་ཡོངས་ཀྱི་ཞོད་ཐན་སྔོན་འགོག་ལས་དོན་གྱི་ཆེད་དོན་བཀོད་གཏོང་ཚོགས་འདུ་གཙོ་སྐྱོང་གནང་ནས། ས་གནས་ཁག་དང་སྡེ་ཚན་ཁག་གི་ཞོད་ཐན་སྔོན་འགོག་གི་ལས་དོན་དོན་འཁྱོལ་བྱས་ཚུལ་བཀོད་གཏོང་གིས་རང་ལྗོངས་ཀྱི་འབྲུབ་འགོག་ལས་དོན་སླར་ཡང་བཀོད་སྒྲིག་གནང་བ་རེད།
རེན་ཝེ་ཡིས་ནན་བཤད་གནང་དོན། རིམ་པ་ཁག་དང་སྡེ་ཚན་ཁག་གིས་རང་ལྗོངས་ཀྱི་འབྲུབ་དུས་ཁོང་དུ་གཏིང་ཟབ་ཆུད་པར་བྱས་ཏེ། འབྲུབ་དུས་བདེ་འཇགས་ངང་སྒྲོལ་བའི་ཆབ་སྲིད་ཀྱི་འགན་འཁྲི་མཐའ་གཅིག་ཏུ་འཁུར་བ་དང་། ཉེན་ཁར་འབྱུང་རྩ་ནས་དོ་དམ་ཚོད་འཛིན་དང་མངོན་མེད་རྐྱེན་ངན་གྲལ་བཤེར་བཅོས་སྒྲིག་བྱེད་ཤུགས་ཆེ་རུ་བཏང་ནས། ཞོད་ཐན་སྔོན་འགོག་གི་ལས་དོན་ཁག་ནུས་ཤུགས་ཡོད་རྒུས་ཡག་པོ་སྒྲུབ་དགོས། འགག་རྩའི་ལྷུ་ཚིགས་མངོན་གསལ་དོད་དུ་བཏང་ནས་མངོན་མེད་རྐྱེན་ངན་གྲལ་བཤེར་གཏིང་ཟབ་བྱེད་པ་དང་། འཁྱགས་རོམ་དང་། སྐྲུན་བཞིན་པའི་ལས་གྲྭ གཏེར་སྙིགས་གསོག་མཛོད། ཆུ་ལོག་དང་འདམ་རྡོའི་ཆུ་རུད་སོགས་གཙོ་གནད་ལ་དམ་པོར་དམིགས་ཏེ། སྔོན་ཚུད་ནས་ཉེན་བརྡ་གཏོང་བ་དང་གནོད་འཚེ་ཕོག་སྐབས་ཉེན་གཡོལ་གནས་སྤོའི་ལམ་སྲོལ་དོན་འཁྱོལ་བྱེད་པ། འབྲུབ་འགོག་གི“བདེ་འཇགས་དྲ་བ”ཚགས་དམ་དུ་གཏོང་དགོས། ཕྱོགས་ཁག་གི་འགན་འཁྲི་ནན་དུ་གཏོང་བ་དང་། འཕྲལ་སྡོམ་ལས་རེས་ལ་ཤུགས་སྣོན་རྒྱག་པ། མཉམ་འགོག་མཉམ་བཅོས་ཀྱི་མཉམ་ཤུགས་གཅིག་ཏུ་སྒྲིལ་བ་བཅས་བྱས་ནས། འབྲུབ་དུས་ཀྱི་ཉེན་ཁ་སྣ་ཚོགས་ལ་འགོག་ཟོན་བྱེད་པའི་ལས་དོན་ནུས་ཤུགས་ཡོད་རྒུས་ཡག་པོ་བསྒྲུབས་ཏེ། མི་དམངས་མང་ཚོགས་ཀྱི་ཚེ་སྲོག་དང་རྒྱུ་ནོར་གྱི་བདེ་འཇགས་ལ་འགན་ལེན་ཏན་ཏིག་བྱེད་དགོས།
འབྲེལ་ཡོད་གསར་འགྱུར།