རང་སྐྱོང་ལྗོངས་ཏང་ཨུད་རིགས་པའི་གཞུང་ལུགས་སློབ་སྦྱོང་ལྟེ་བའི་ཚོགས་ཆུང་གིས་ཀྲུང་གོ་གུང་ཁྲན་ཏང་དབུ་བརྙེས་ནས་ལོ་ངོ་105འཁོར་བའི་རྟེན་འབྲེལ་ཚོགས་ཆེན་གཅིག་སྡུད་ཐོག་གསན་གཟིགས་དང་སློབ་སྦྱོང་གནང་བ།
ཝང་ཅུན་ཀྲེང་གིས་གཙོ་སྐྱོང་གནང་ནས་གསུང་བཤད་གནང་བ།
ཟླ་7ཚེས་1ཉིན་གྱི་སྔ་དྲོར། ཀྲུང་གོ་གུང་ཁྲན་ཏང་དབུ་བརྙེས་ནས་ལོ་ངོ་105འཁོར་བའི་རྟེན་འབྲེལ་ཚོགས་ཆེན་པེ་ཅིང་དུ་གཟབ་རྒྱས་ངང་འཚོགས་ཤིང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས“བདུན་གཅིག་བྱས་རྗེས་གཟེངས་རྟགས”ཐོབ་མཁན་ལ་བྱས་རྗེས་གཟེངས་རྟགས་གནང་བ་དང་འབྲེལ་གསུང་བཤད་གལ་ཆེན་ཡང་གནང་བ་རེད། རང་སྐྱོང་ལྗོངས་ཏང་ཨུད་རིགས་པའི་གཞུང་ལུགས་སློབ་སྦྱོང་ལྟེ་བའི་ཚོགས་ཆུང་གིས་ལྷ་ས་ནས་ཚོགས་ཆེན་གཅིག་སྡུད་ཐོག་གསན་གཟིགས་དང་སློབ་སྦྱོང་གནང་བ་རེད། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་ཝང་ཅུན་ཀྲེང་གིས་གཙོ་སྐྱོང་གནང་ནས་གསུང་བཤད་གནང་བ་རེད།
ཚང་མས་ངོས་འཛིན་བྱས་དོན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཏང་དང་རྒྱལ་ཁབ་ཀྱི་བྱ་གཞག་འཕེལ་རྒྱས་ཀྱི་སྤྱི་ཡོངས་ཀྱི་མཐོ་ཚད་ནས་ལོ་105ཡི་རིང་ཀྲུང་གོ་གུང་ཁྲན་ཏང་གིས་རྒྱལ་ཡོངས་མི་རིགས་ཁག་གི་མི་དམངས་ལ་མཐུན་སྒྲིལ་སྣེ་ཁྲིད་བྱས་ཏེ་བསྐྱོད་མྱོང་བའི་འོད་སྟོང་འཕྲོ་བའི་ལོ་རྒྱུས་ཀྱི་ལམ་བུ་དང་བཏོད་པའི་གྲུབ་འབྲས་རླབས་པོ་ཆེར་ཕྱོགས་ཡོངས་ནས་ཕྱིར་དྲན་དང་ཕྱོགས་སྡོམ་གནང་བ་དང་། ཀྲུང་གོ་གུང་ཁྲན་ཏང་གིས་རྒྱུན་ཆད་མེད་པར་འོད་སྟོང་གཏོད་ཐུབ་དོན་གྱི་ཕུལ་བྱུང་ཁྱད་ཡོན་གསལ་སྟོན་གཏིང་ཟབ་གནང་བ།རྒྱང་ལམ་གསར་པའི་ཐོག་ཀྲུང་གོ་གུང་ཁྲན་ཏང་མི་ཡོངས་ལ་ངེས་པར་དུ་ཏང་གི་གཞི་རྩའི་རིགས་པའི་གཞུང་ལུགས་དང་། གཞི་རྩའི་ལམ་ཕྱོགས། གཞི་རྩའི་མཛད་ཇུས་བཅས་མཐའ་འཁྱོངས་བྱེད་དགོས་པ་དང་། ངེས་པར་དུ་མི་དམངས་ལ་དམ་པོར་བརྟེན་ནས་ལོ་རྒྱུས་ཀྱི་བྱ་གཞག་རླབས་པོ་ཆེ་གསར་དུ་གཏོད་དགོས་པ། ངེས་པར་དུ་མདུན་སྐྱོད་ལམ་བུའི་ཐོག་འཕྲད་པའི་ཉེན་ཁ་དང་འགྲན་སློང་ལ་ཁ་གཏད་ཧུར་ཐག་གཅོག་དགོས་པ། ངེས་པར་དུ་མིའི་རིགས་ཀྱི་ལས་དབང་གཅིག་མཐུན་ཚོགས་པ་འཛུགས་པར་མུ་མཐུད་སྐུལ་འདེད་གཏོང་དགོས་པ། ངེས་པར་དུ་རྒྱུན་འཁྱོངས་ལྷོད་མེད་ངང་ཕྱོགས་ཡོངས་ནས་ཏང་ནན་པོས་སྐྱོང་བར་སྐུལ་འདེད་གཏོང་དགོས་པ་བཅས་ཀྱི་བླང་བྱ་ཁ་གསལ་བཏོན་གནང་ནས། ཏང་ཡོངས་ལ་འོད་སྟོང་འབར་བའི་ལོ་རྒྱུས་གསར་པ་གཏོད་དགོས་པའི་རླབས་ཆེ་བའི་འབོད་སྐུལ་གནང་བ་རེད། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་ནི་གཟིགས་རྒྱང་རིང་བ་དང་། དགོངས་པ་གཏིང་ཟབ་པ། ནང་དོན་ཕུན་སུམ་ཚོགས་པ་བཅས་ཡོད་ལ། གསུང་བཤད་ཀྱི་ནང་དོན་ཧྲིལ་པོར་བདེན་དོན་གྱི་སྟོབས་ཤུགས་མངོན་ཞིང་། དེ་ནི་ང་ཚོས་ཕྱོགས་ཡོངས་ནས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་འཛུགས་སྐྲུན་བྱེད་པའི་ཚན་རིག་དང་མཐུན་པའི་རྩ་འཛིན་དང་བྱ་སྤྱོད་ཀྱི་ཕྱོགས་སྟོན་ཞིག་རེད།
ཝང་ཅུན་ཀྲེང་གིས་ནན་བཤད་གནང་དོན། ལྗོངས་ཡོངས་ཀྱི་རིམ་ཁག་སྡེ་ཚན་ཁག་གིས་སློབ་སྦྱོང་དང་གོ་བ་ནན་ཏན་བླངས་ཏེ་བསམ་བློ་དང་བྱ་སྤྱོད་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་གྱི་དགོངས་དོན་ཐོག་གཅིག་གྱུར་ཡོང་བར་བྱེད་དགོས། ཟབ་སྦྱོང་མཐིལ་རྟོགས་དང་དོན་འཁྱོལ་དངོས་སྒྲུབ་མཐའ་འཁྱོངས་ཀྱིས“གཏན་འཁེལ་གཉིས”ཀྱི་ཐག་གཅོད་རང་བཞིན་གྱི་དོན་སྙིང་ལ་གོ་བ་གཏིང་ཟབ་ལེན་པ་དང་། “འདུ་ཤེས་བཞི”ཟབ་ཏུ་གཏོང་བ། “གདེང་ཚོད་བཞི”བརྟན་དུ་གཏོང་བ། “སྲུང་སྐྱོང་གཉིས”ཐུབ་པ་བཅས་བྱེད་པ་དང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་གྱི་ཚན་རིག་མ་ལག་ལ་གོ་བ་གཏིང་ཟབ་བླངས་ཏེ་དེའི་ནང་གི་ཚན་རིག་དང་མཐུན་པའི་འཇིག་རྟེན་ལྟ་བ་དང་བརྟག་ཐབས་སྨྲ་བ་ཁོང་དུ་ཆུད་པར་བྱེད་པ། ཞི་ཅིན་ཕིང་གི་ཏང་འཛུགས་སྐྱོང་གི་དགོངས་པ་སློབ་སྦྱོང་ལག་བསྟར་བྱེད་པ། ཕུགས་འདུན་དད་སེམས་བརྟན་དུ་གཏོང་བ་དང་ཐོག་མའི་བསམ་འདུན་དང་འགན་འཁྲི་ལག་ལེན་བསྟར་བ་བཅས་བྱས་ནས། སློབ་སྦྱོང་གི་གྲུབ་འབྲས་བོད་ཡུན་རིང་བདེ་འཁོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་ཕན་འབྲས་ལ་དངོས་སུ་འགྱུར་བར་བྱེད་དགོས།
ཝང་ཅུན་ཀྲེང་གིས་ནན་བཤད་གནང་དོན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་བྱ་རྒྱུ་དེ་བོད་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་ཐོག་མཐའ་བར་གསུམ་དུ་ཁྱབ་པར་བྱེད་དགོས། རྩ་འཛུགས་ཀྱི་འགོ་ཁྲིད་ལ་ཤུགས་སྣོན་བརྒྱབ་སྟེ་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་བྱ་རྒྱུ་དང་ཞི་ཅིན་ཕིང་གི་ཏང་འཛུགས་སྐྱོང་གི་དགོངས་པ་སློབ་སྦྱོང་ལག་བསྟར་བྱ་རྒྱུ་མཐའ་གསལ་མཐིལ་རྟོགས་བྱས་ནས། འདི་ཉིད་ཡང་དག་པའི་སྲིད་དོན་ལས་རྗེས་ལྟ་བ་འཛུགས་པ་དང་ལག་བསྟར་གྱི་སློབ་སྦྱོང་སློབ་གསོའི་ནང་དོན་གལ་ཆེན་དུ་བརྩིས་ཏེ། སྤྱི་འདོམས་མཐུན་སྦྱོར་དང་ལྟ་སྐུལ་མཛུབ་ཁྲིད་ལ་ཤུགས་སྣོན་བརྒྱབ་ནས། བསམ་བློའི་ཐད་ཚད་མཐོའི་རང་རྟོགས་དང་། བྱ་སྤྱོད་ཐད་འགྱུར་མེད་ནུས་ལྡན། ལས་དོན་ཐད་སྣེ་ཁྲིད་སྐུལ་འདེད་བཅས་ཐུབ་པར་བྱེད་དགོས། སློབ་སྦྱོང་དྲིལ་བསྒྲགས་ལ་དམ་འཛིན་ཡག་པོ་བྱས་ཏེ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་བྱ་རྒྱུ་དེ་རིམ་ཁག་ཏང་ཨུད་རིགས་པའི་གཞུང་ལུགས་སློབ་སྦྱོང་ལྟེ་བའི་ཚོགས་ཆུང་གི་སློབ་སྦྱོང་ནང་དོན་དང་། རིམ་ཁག་ཏང་གི་སློབ་གྲྭའི་གསོ་སྦྱོང་གི་ངེས་སྦྱོང་སློབ་ཚན། མཐོ་སློབ་ཀྱི་བསམ་བློ་ཆབ་སྲིད་སློབ་གསོ་དང་སློབ་ཁང་སློབ་ཁྲིད་ཀྱི་ནང་དོན་གལ་ཆེན་བཅས་ནང་འཇུག་དགོས། རིམ་ཁག་འགོ་ཁྲིད་ལས་བྱེད་པས་མིག་དཔེ་ཡག་པོ་བསྟན་ཏེ། སྔོན་ལ་སློབ་སྦྱོང་དང་སློབ་སྦྱོང་གཏིང་ཟབ་བྱས་ནས། རྒྱ་ཆེའི་ལས་བྱེད་པ་དང་མང་ཚོགས་ལ་སྐུལ་ཁྲིད་བྱས་ཏེ་སློབ་སྦྱོང་ལག་བསྟར་གྱི་ཚ་རླབས་ཤིག་འཕྱུར་བར་བྱེད་དགོས། སྟོབས་ཤུགས་གཅིག་སྡུད་ཀྱིས་དམིགས་ཡུལ་ཅན་དང་། ཚོགས་རིགས་དབྱེ་བ། མཉམ་འགུལ་ཅན་བཅས་ཀྱི་སྒྲོག་འགྲེལ་བྱས་ཏེ། མང་ཚོགས་ཀྱི་གོ་བདེ་ཞིང་ཤེས་སླ་བའི་སྐད་ཆ་དང་ལྟ་འདོད་ལ་ཉན་སྤྲོ་བའི་རྣམ་པའི་ཐོག་ནས་གཞི་རིམ་གྱི་འཐབ་ས་དང་པོར་དྲིལ་བསྒྲགས་བྱས་ཏེ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་གྱི་དགོངས་དོན་གངས་ལྗོངས་ས་མཐོའི་ཁྱིམ་ཚང་ཁྲི་སྟོང་མང་པོར་ཁྱབ་པར་སྐུལ་འདེད་ཏན་ཏིག་གཏོང་དགོས། ཐོས་བསམ་སྤྱོད་གསུམ་ཟུང་འབྲེལ་དང་ཤེས་དད་སྦྱོར་གསུམ་གཅིག་གྱུར་མཐའ་འཁྱོངས་ཀྱིས་ཇི་མ་ཇི་བཞིན་སྦྱོང་བ་དང་། གོ་དོན་མཐིལ་རྟོགས་ཀྱིས་སྦྱོང་བ། དོན་དངོས་དང་ཟུང་འབྲེལ་གྱིས་སྦྱོང་བ་བཅས་བྱས་ཏེ། རྒྱ་ཆེའི་ལས་བྱེད་པས་ཡང་དག་པའི་སྲིད་དོན་ལས་རྗེས་ལྟ་བ་བརྟན་པོ་འཛུགས་པ་དང་ལག་ལེན་བསྟར་བ་དང་། ཚན་རིག་དང་མཐུན་པའི་སྒོ་ནས་ལས་དོན་ཁག་སྤེལ་བར་སྐུལ་འདེད་བཏང་ནས། ལག་ལེན་དང་། མི་དམངས། ལོ་རྒྱུས་བཅས་ཀྱི་ཞིབ་དཔྱད་ཐེག་ཐུབ་པའི་གྲུབ་འབྲས་དངོས་རྒྱུན་ཆད་མེད་པར་གཏོད་དགོས།
འབྲེལ་ཡོད་གསར་འགྱུར།