དབུ་ཤོག>སྲིད་དོན།>སྲིད་དོན་གསར་འགྱུར།
  • རེན་ཝེ་བོད་ཀྱི“འཕྲལ་སྡོམ་ལས་འགན། 2026ལོའི”ས་ཡོམ་ཚབས་ཆེན་གྱི་གནོད་འཚེའི་རོགས་སྐྱོབ་ནང་སྦྱོང་བྱེད་སྒོར་ཞུགས་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |     སྤེལ་དུས།  2026-06-29

    ཚེས་26ཉིན། འཕྲལ་རྐྱེན་མྱུར་སེལ་དོ་དམ་པུའུ་དང་བོད་རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་གིས་མཉམ་དུ་གཉེར་བའི་བོད་ཀྱི་“འཕྲལ་སྡོམ་ལས་འགན། 2026ལོའི”ས་ཡོམ་ཚབས་ཆེན་དང་ཆེས་ཚབས་ཆེན་གྱི་གནོད་འཚེའི་རོགས་སྐྱོབ་ནང་སྦྱོང་བྱེད་སྒོ་ལྷ་ས་དང་། ལྷོ་ཁ། ཉིང་ཁྲི་བཅས་སུ་བདེ་བླག་ངང་སྤེལ་བ་རེད། ལྗོངས་ཏང་ཨུད་ཀྱི་རྒྱུན་ཨུ་དང་རང་སྐྱོང་ལྗོངས་ཀྱི་རྒྱུན་ལས་ཀྲུའུ་ཞི་གཞོན་པ་རེན་ཝེ་དང་འཕྲལ་རྐྱེན་མྱུར་སེལ་དོ་དམ་པུའི་འབྲེལ་ཡོད་སི་དང་ཅུས་ཀྱི་འགན་འཁུར་བ་ནང་སྦྱོང་བྱེད་ས་གཙོ་བོའི་བྱེད་སྒོར་ཞུགས་པ་མ་ཟད་གསུང་བཤད་ཀྱང་གནང་བ་དང་། ཧྲན་ཏུང་དང་ཡུན་ནན་སོགས་ཞིང་ཆེན་7གྱི་འཕྲལ་རྐྱེན་མྱུར་སེལ་དོ་དམ་ཐིང་གིས་མི་སྣ་མངགས་ནས་ལྟ་སྦྱོང་བྱས་པ་རེད།

    རེན་ཝེ་ཡིས་ནན་བཤད་གནང་དོན། “ནང་སྦྱོང”ལ་བརྟེན་ནས་སྔོན་འགོག་དང་དམག་གྲབས་བྱས་ཏེ། བསམ་བློ་དང་འགན་འཁྲིའི་འཛིང་རགས་སྔར་བས་བརྟན་དུ་གཏོང་བ་དང་། གནས་ཚུལ་རྙོག་འཛིང་ཆེ་ཤོས་དང་དཀའ་ངལ་ཆེ་ཤོས་ལ་གཞི་ཚུགས་ཏེ་ས་ཡོམ་གྱི་གནོད་འཚེ་ཆེན་པོར་ཁ་གཏད་ཡག་པོ་འཇལ་བའི་གྲ་སྒྲིག་ཁག་ཡག་པོ་བྱེད་དགོས། དངོས་འཐབ་ཀྱི་དགོས་མཁོར་དམིགས་ནས་འཕྲལ་སྡོམ་སྔོན་ཇུས་ཡག་པོ་བཟོ་བ་དང་འཕྲལ་སྡོམ་འཕྲིན་གཏོང་སོགས་འགག་རྩའི་སྟོབས་ཤུགས་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་པ། ལྟ་ཞིབ་ཚད་ལེན་དང་སྔོན་བརྡ་གཏོང་བ་སོགས་ཀྱི་བརྒྱུད་རིམ་ཧྲིལ་པོའི་ལམ་སྲོལ་འཐུས་སྒོ་ཚང་དུ་གཏོང་བ། གནོད་འཚེ་སྣ་ཚོགས་འཕྲད་སྐབས་རོགས་སྐྱོབ་བྱེད་པའི་ཆེད་ལས་ཀྱི་སྦྱོང་བརྡར་དང་། ལག་རྩལ་གསར་པ། སྒྲིག་ཆས་གསར་པ་བཅས་བེད་སྤྱོད་བྱེད་ཤུགས་ཆེ་རུ་གཏོང་བ། འཕྲལ་སྡོམ་རོགས་སྐྱོབ་ཀྱི་ནུས་པ་ཆེ་རུ་གཏོང་བ་བཅས་བྱེད་དགོས། གཞི་རིམ་གྱི་རྨང་གཞི་བརྟན་དུ་གཏོང་བ་དང་། ཚན་རིག་ཁྱབ་གདལ་དང་དྲིལ་བསྒྲགས་བྱེད་ཟབ་ཏུ་གཏོང་བ། གཞི་རིམ་གྱི་འཕྲལ་སྡོམ་རོགས་སྐྱོབ་ཀྱི་སྟོབས་ཤུགས་དང་དང་བླངས་པའི་རུ་ཁག་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་པ། འཕྲལ་སྡོམ་དངོས་ཟོག་གྲབས་གསོག་མ་ལག་འཐུས་སྒོ་ཚང་དུ་གཏོང་བ། མཉམ་འགོག་མཉམ་བཅོས་ཀྱི་དྲ་རྒྱ་ཚགས་དམ་དུ་གཏོང་བ་བཅས་བྱེད་དགོས། 

    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།

འབྲེལ་ཡོད་གསར་འགྱུར།