དབུ་ཤོག>སྲིད་དོན།>སྲིད་དོན་གསར་འགྱུར།
  • བསྟན་པས་རང་སྐྱོང་ལྗོངས་ནགས་ལས་བརྟག་དཔྱད་འཆར་འགོད་ཞིབ་འཇུག་ཁང་དང་ནགས་ཤིང་ཚན་རིག་ཞིབ་འཇུག་ཁང་ལ་བརྟག་ཞིབ་གནང་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |     སྤེལ་དུས།  2026-06-29

    ཉེ་ཆར། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་རྒྱུན་ཨུ་དང་རང་སྐྱོང་ལྗོངས་ཀྱི་རྒྱུན་ལས་ཀྲུའུ་ཞི་གཞོན་པ་བསྟན་པས་རང་སྐྱོང་ལྗོངས་ནགས་ལས་བརྟག་དཔྱད་འཆར་འགོད་ཞིབ་འཇུག་ཁང་དང་ནགས་ཤིང་ཚན་རིག་ཞིབ་འཇུག་ཁང་དུ་ཕེབས་ཏེ་ལྗོངས་ཡོངས་ཀྱི་ནགས་རྩྭའི་ཐོན་ཁུངས་བརྟག་དཔྱད་དང་ཚན་ཞིབ་ལས་དོན་སོགས་ཀྱི་གནས་ཚུལ་ལ་བརྟག་ཞིབ་གནང་ཞིང་། སྐྱི་བ་ཤིང་གི་སོན་སྤུས་ཐོན་ཁུངས་འཚོལ་བསྡུ་དང་། སྣོད་ཆས་མྱུག་གསོ། ནགས་སོན་འདེབས་པའི་ཚོད་ལྟ་སོགས་ཀྱི་གྲུབ་འབྲས་ལ་གཙོ་གནད་ཐོག་མཁྱེན་རྟོགས་གནང་བ་དང་། ཤིང་སོན་སྐྱེ་ཚད་དང་། སྐྱེ་འཚམ་ས་ཁོངས། གཡོག་བྱེད་དཀའ་གནད་བཅས་ཀྱི་སྐོར་བཀའ་འདྲི་ཞིབ་ཕྲ་གནང་བ་མ་ཟད། ལག་རྩལ་གྱི་འགག་སྒྲོལ་དང་ཚོད་འདེབས་སོགས་ཀྱི་གཙོ་གནད་ལས་དོན་ཡག་པོ་བསྒྲུབ་རྒྱུའི་ཐད་བཀོད་སྒྲིག་ཀྱང་གནང་བ་རེད།

    བསྟན་པས་ནན་བཤད་གནང་དོན། ཚན་རིག་དང་མཐུན་པའི་སྒོ་ནས་ཚོད་ལྟའི་ཇུས་གཞི་བཟོས་ཏེ་ད་ཡོད་ཀྱི་ཐོན་ཁུངས་དང་ལག་རྩལ་རྨང་གཞིར་གཞི་འཛུགས་པ་དང་། ལག་ལེན་དུ་འཁྱོལ་ཐུབ་ངེས་ཀྱི་ཚོད་ལྟའི་ཆེད་དོན་ཇུས་གཞི་ཞིབ་འཇུག་དང་སྒྲིག་བཟོ་བྱེད་པ། ལག་བསྟར་ཐབས་ལམ་དང་། དངོས་སྤྱོད་བྱ་ཐབས། ཚོད་ལྟའི་དུས་བཀག་བཅས་ལུགས་མཐུན་ངང་གཏན་འཁེལ་བྱེད་པ། དུས་མཚམས་དང་ས་ཁོངས་དབྱེ་ནས་ཚོད་འདེབས་ལས་དོན་སྤེལ་བ་བཅས་བྱེད་དགོས། ལྟེ་བའི་ལག་རྩལ་གྱི་ཚན་ཞིབ་འགག་སྒྲོལ་བྱས་ནས་ཤིང་སོན་འདེབས་གསོ་དང་སོན་འདེབས་མྱུ་གུ་འབུས་ཚད་སོགས་ད་ཡོད་ལག་རྩལ་གྱི་ཞན་ཆ་གཅིག་སྡུད་ཐོག་འགག་སྒྲོལ་བྱེད་པར་དམིགས་ཤིང་། སྐྱི་བ་ཤིང་གི་ཚན་ཞིབ་འགག་སྒྲོལ་གྱི་ཆེད་དོན་རྣམ་གྲངས་འཛུགས་རྒྱུའི་རེ་ཞུ་ཧུར་ཐག་བྱས་ཏེ་གཞི་རིམ་མང་ཚོགས་ཀྱིས་ཡུན་རིང་བྱེ་བཅོས་བྱས་པ་ལས་གྲུབ་པའི་རང་ཡུལ་གྱི་སྤྱོད་གོ་ཆོད་པའི་བྱེད་ཐབས་བསྡུ་ལེན་གང་ལེགས་བྱས་ནས་སྲོལ་རྒྱུན་གྱི་ལག་ལེན་ཉམས་མྱོང་དང་ཆེད་ལས་ཀྱི་ཚན་ཞིབ་གྲུབ་འབྲས་ཟུང་འབྲེལ་ཡག་པོ་བྱས་ཏེ་ཚད་ལྡན་ཅན་དང་། བསྐྱར་བཟོ་རུང་བ། ཁྱབ་གདལ་གཏོང་ཆོག་པ་བཅས་ཀྱི་འདེབས་གསོ་འདེབས་འཛུགས་ལག་རྩལ་གྱི་མ་ལག་མགྱོགས་མྱུར་ཆགས་པར་བྱེད་དགོས། སྡེ་ཚན་གྱི་མཐུན་སྦྱོར་མཉམ་འགུལ་ལ་ཤུགས་སྣོན་བརྒྱབ་སྟེ་འཕེལ་རྒྱས་སྒྱུར་བཅོས་དང་ཚན་རྩལ་སོགས་འབྲེལ་ཡོད་འགན་ནུས་སྡེ་ཚན་དང་རང་འགུལ་ངང་འབྲེལ་མཐུད་མཐུན་སྦྱོར་དང་། ཕྱོགས་ཁག་གི་ཐོན་ཁུངས་སྟོབས་ཤུགས་སྤྱི་འདོམས་ངང་སྡེབ་སྒྲིལ། འགག་སྒྲོལ་དཀའ་སེལ་དང་འབེན་དམིགས་ཚད་བརྒལ་བཅས་བྱས་ཏེ། སྐྱི་བ་ཤིང་གི་ཚོད་ལྟའི་ལས་དོན་ལ་མཚོན་རྟགས་རང་བཞིན་དང་ངོ་བོའི་རང་བཞིན་གྱི་གྲུབ་འབྲས་ཐོབ་པར་འགན་ལེན་བྱེད་དགོས།

    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།

འབྲེལ་ཡོད་གསར་འགྱུར།