དབུ་ཤོག>སྲིད་དོན།>སྲིད་དོན་གསར་འགྱུར།
  • 2025ལོའི་ལོ་འཁོར་གྱི་གྲོང་གསེབ་དར་རྒྱས་འཐབ་ཇུས་ལ་སྐུལ་འདེད་གཏོང་བའི་གྲུབ་འབྲས་དངོས་ཀྱི་དཔྱད་ཞིབ་ལན་སྤྲོད་གནད་དོན་དག་ཐེར་ལས་དོན་གྱི་བཀོད་སྒྲིག་ཚོགས་འདུ་ལྷ་སར་འཚོཌ་པ།

    ལིའུ་ཅང་ཚོགས་འདུར་ཞུགས་ནས་གསུང་བཤད་གནང་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |     སྤེལ་དུས།  2026-06-29

     རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཆོག་མཆན་ཐོབ་པ་བརྒྱུད། ཚེས་23ཉིན། 2025ལོའི་ལོ་འཁོར་གྱི་གྲོང་གསེབ་དར་རྒྱས་འཐབ་ཇུས་ལ་སྐུལ་འདེད་གཏོང་བའི་གྲུབ་འབྲས་དངོས་ཀྱི་དཔྱད་ཞིབ་ལན་སྤྲོད་གནད་དོན་དག་ཐེར་ལས་དོན་གྱི་བཀོད་སྒྲིག་ཚོགས་འདུ་ལྷ་སར་འཚོགས་ཤིང་། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་རྒྱུན་ལས་ཧྲུའུ་ཅི་གཞོན་པ་དང་རང་སྐྱོང་ལྗོངས་ཏང་ཨུད་གྲོང་གསེབ་ལས་དོན་འགོ་ཁྲིད་ཚོགས་ཆུང་གི་རྒྱུན་ལས་ཙུའུ་ཀྲང་གཞོན་པ་ལིའུ་ཅང་ཚོགས་འདུར་ཞུགས་ནས་གསུང་བཤད་གནང་བ་རེད། ཁོང་གིས་ནན་བཤད་གནང་དོན། “གཏན་འཁེལ་གཉིས”ཀྱི་ཐག་གཅོད་རང་བཞིན་གྱི་དོན་སྙིང་ལ་གོ་བ་གཏིང་ཟབ་བླངས་ཏེ“སྲུང་སྐྱོང་གཉིས”མཐའ་གཅིག་ཏུ་ཐུབ་པར་བྱས་ནས“ཞིང་གསུམ”ལས་དོན་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་རྣམ་བཤད་གལ་ཆེན་དང་། བོད་ཀྱི་ལས་དོན་སྐོར་གྱི་མཛུབ་སྟོན་གལ་ཆེན། དུས་རབས་གསར་པའི་ཏང་གི་བོད་སྐྱོང་མཛད་ཇུས་བཅས་ཕྱོགས་ཡོངས་ནས་ལག་ལེན་བསྟར་ཏེ་ཡང་དག་པའི་སྲིད་དོན་ལས་རྗེས་ལྟ་བ་འཛུགས་པ་དང་ལག་ལེན་བསྟར་བ་དང་། དག་ཐེར་གྱི་ཆབ་སྲིད་འགན་འཁྲི་མཐའ་གཅིག་ཏུ་འཁུར་བ། རྩོལ་ཤུགས་ཆེར་སྐྱེད་ཀྱིས་ལན་སྤྲོད་གནད་དོན་དག་ཐེར་ལ་དམ་འཛིན་ཡག་པོ་བྱེད་པ། དབུལ་སྒྲོལ་འགག་སྒྲོལ་གྱི་གྲུབ་འབྲས་རྒྱུན་མཐུད་སྲ་བརྟན་དང་རྒྱ་སྐྱེད་གཏོང་བ་བཅས་བྱེད་དགོས།

    ཞུས་ཀྲི་ཐའོ་ཡིས་ཚོགས་འདུ་གཙོ་སྐྱོང་གནང་བ་རེད།

    ལིའུ་ཅང་གིས་བསྟན་དོན། གྲོང་གསེབ་ཕྱོགས་ཡོངས་ནས་དར་རྒྱས་ཡོང་བར་སྐུལ་འདེད་གཏོང་རྒྱུ་ནི་ཆབ་སྲིད་ཀྱི་ལས་འགན་ཞིག་ཡིན་ཞིང་། གཞི་ཁྱོན་ལྡན་པའི་དབུལ་ལོག་མི་ཐེབས་པ་དང་དབུལ་པོར་མི་འགྱུར་བའི་མཐའ་ཚད་སྲུང་རྒྱུ་ནི་ཡུན་རིང་གི་དམག་འཐབ་དྲག་པོ་ཞིག་རེད།

    ལིའུ་ཅང་གིས་ནན་བཤད་གནང་དོན། ཡང་དག་པའི་སྲིད་དོན་ལས་རྗེས་ལྟ་བ་འཛུགས་པ་དང་ལག་ལེན་བསྟར་བ་དང་། གཙོ་གནད་དང་དཀའ་གནད་ལ་དམིགས་པ་དང་འབེན་ཕྱོགས་སྲིད་ཇུས་ལག་བསྟར་ལ་གནད་སྨིན་དམིགས་པ། གཞི་གཅིག་ཅན་དང་བརྒྱུད་རིམ་ལྡན་པའི་སྒོ་ནས་དག་ཐེར་ལས་དོན་ལ་སྐུལ་འདེད་གཏོང་བ་བཅས་བྱས་ཏེ། གྲོང་ཁྱེར་དང་རྫོང་ཡོངས་ལ་རིམ་པ་བཞིན་དག་ཐེར་ཕྱོགས་ཡོངས་ལ་ཁྱབ་པ་དང་སྡེ་ཚན་ལ་དག་ཐེར་ལྟ་བསྡུར་ཕྱོགས་ཡོངས་ནས་ཁྱབ་པར་བྱས་ཏེ་དག་ཐེར་ལས་འགན་དོན་འཁྱོལ་བྱ་རྒྱུར་ཕྱོགས་ཡོངས་ནས་སྐུལ་འདེད་ནན་པོ་གཏོང་དགོས། རོགས་སྐྱོར་ཐོན་ལས་ཀྱི“ཁག་གཅིག་རེ་བཞི”ཚད་བརྒལ་སར་བྱས་ཏེ་རོགས་སྐྱོར་རྣམ་གྲངས་ཀྱི་མ་དངུལ་འགུལ་རྣམ་དོ་དམ་ལ་དམ་འཛིན་ཏན་ཏིག་དང་། རིགས་དབྱེའི་ཐག་གཅོད་བྱེད་ཐབས་དོན་ཐོག་ཏུ་འཁྱོལ་མགྱོགས་སུ་གཏོང་བ། རོགས་སྐྱོར་རྣམ་གྲངས་མ་དངུལ་གྱི་ཞིང་འབྲེལ་ཞིང་ཁྲིད་ལམ་སྲོལ་དོན་འཁྱོལ་བྱེད་པ། རོགས་སྐྱོར་ཐོན་ལས་ཀྱི་སྤུས་ཚད་དང་ཕན་འབྲས་ཆེ་རུ་གཏོང་གང་ཐུབ་བཅས་བྱེད་དགོས། ཐབས་ལམ་སྣ་མང་ལ་བརྟེན་ནས་ལས་ཞུགས་བརྟན་པོ་ཡོང་བར་སྐུལ་འདེད་གཏོང་བ་དང་། ལས་ཞུགས་རོགས་སྐྱོར་སྲིད་ཇུས་དྲིལ་བསྒྲགས་བྱེད་ཤུགས་ཆེ་རུ་གཏོང་བ། རྩལ་ནུས་གསོ་སྦྱོང་གི་དམིགས་སའི་རང་བཞིན་ཆེ་རུ་གཏོང་བ། དགོས་མཁོར་གཞིགས་ནས་ལས་མི་གླ་རྒྱུ་འོས་སྦྱོར་བྱེད་པ། ནུས་ཤུགས་ཡོད་རྒུས་ལས་ཞུགས་རོགས་སྐྱོར་གྱི་འཇུར་མིག་སེལ་བ་བཅས་བྱེད་དགོས། རོགས་སྐྱོར་བྱེད་ཐབས་དོན་འཁྱོལ་གནད་སྨིན་གྱིས་འགུལ་རྣམ་ལྟ་ཞིབ་ཚད་ལེན་དང་། གནད་སྨིན་དབྱེ་འབྱེད། ཚན་རིག་དང་མཐུན་པའི་དོ་དམ་བཅས་བྱས་ནས་འཇལ་དགོས་རིགས་ཚང་མ་འཇལ་བ་དང་རོགས་རམ་བྱེད་དགོས་རིགས་ཚང་མར་རོགས་རམ་བྱས་ཏེ་གཞི་ཁྱོན་ལྡན་པའི་དབུལ་ལོག་དབུལ་འགྱུར་སྔོན་འགོག་གི་མཐའ་ཚད་བརྟན་པོ་སྲུང་དགོས། ཡུལ་གཞན་དུ་གནས་སྤོས་རྗེས་ཀྱི་རྗེས་མཐུད་རོགས་སྐྱོར་མུ་མཐུད་ཟབ་སྤེལ་དང་། རྨང་གཞིའི་སྒྲིག་བཀོད་དང་ཐོན་ལས་འཛུགས་སྐྱོང་ལ་ཤུགས་སྣོན། སྤྱི་པའི་ཞབས་ཞུ་ལེགས་སྒྲུབ། མང་ཚོགས་ཀྱི་འཚོ་བའི་སྐྱིད་སྣང་ཆེ་རུ་གཏོང་བ་བཅས་བྱེད་དགོས། སྲིད་ཇུས་ཀྱི་ཕན་ནུས་རྒྱུན་མཐུད་ཆེ་རུ་གཏོང་བ་དང་། ཐོན་ལས་འཕེལ་རྒྱས་ཀྱི་སྤུས་ནུས་ཆེ་རུ་གཏོང་བ། མང་ཚོགས་ལ་རྒྱུན་མཐུད་འབབ་འཕར་བརྟན་པོ་ཡོང་བར་སྐུལ་འདེད་གཏོང་བ་བཅས་བྱེད་དགོས། ཞིང་འབྲེལ་ཁྱབ་ཁོངས་ཀྱི་རྣམ་གྲངས་དང་། མ་དངུལ། ཡིད་རྟོན་དངུལ་བུན་བཅས་དོ་དམ་ཚད་ལྡན་བྱས་ཏེ། ནུས་ཆེའི་སྒོ་ནས་བེད་སྤྱོད་དང་། གནད་སྨིན་བེད་སྤྱོད། སྤྱོད་གཙང་བེད་སྤྱོད་བཅས་བྱེད་དགོས། ཏང་འཛུགས་སྐྱོང་གི་ཁྲིད་སྟོན་མཐའ་འཁྱོངས་དང་། ཞིང་འབྲོག་ཁུལ་གྱི་གཞི་རིམ་རྩ་འཛུགས་འཛུགས་སྐྱོང་བྱེད་ཤུགས་ཆེ་རུ་གཏོང་བ། གྲོང་གསེབ་བཅོས་སྐྱོང་ལ་སྐུལ་འདེད་གཏོང་བ་བཅས་བྱས་ནས་གནས་འཕྲོད་ལས་འཚམ་མཛེས་མཐུན་གསུམ་ལྡན་གྱི་གྲོང་གསེབ་ཧུར་ཐག་བསྐྲུན་དགོས།

    ལིའུ་ཅང་གིས། འགན་འཁྲི་དོན་འཁྱོལ་བྱེད་ཤུགས་ཆེ་རུ་གཏོང་བ་དང་། ལས་ཀ་འབྲེལ་མཐུད་བྱེད་ཤུགས་ཆེ་རུ་གཏོང་བ། གཅིག་ཤེས་ཀུན་གྲོལ་དང་། རྣག་ཐོག་བཙག་འཁེལ། འཕྲལ་སྒྲུབ་འཕྲལ་བཅོས། ལྟ་སྐུལ་སློབ་སྟོན་ནན་པོ་བཅས་ཀྱི་ཐོག་ནས“དཔོན་གསར་གྱིས་དཔོན་རྙིང་གི་ལས་གཞུག་སྐྱོང་བའི”ལས་དོན་ཡག་པོ་བསྒྲུབས་ཏེ་རིམ་པ་བཞིན་གནོན་ཤུགས་བརྒྱུད་སྤྲོད་དང་རིམ་པ་བཞིན་དག་ཐེར་ལ་དམ་འཛིན་ཏན་ཏིག་བྱེད་དགོས་པའི་བླང་བྱ་བཏོན་ཡོད། 

    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།

འབྲེལ་ཡོད་གསར་འགྱུར།