དབུ་ཤོག>སྲིད་དོན།>སྲིད་དོན་གསར་འགྱུར།
  • ཞུས་ཀྲི་ཝུན་གྱིས་ལྷ་ས་གྲོང་ཁྱེར་དུ་དྲིལ་བསྒྲགས་དང་བསམ་བློ་རིག་གནས་ལས་དོན་ལ་བརྟག་ཞིབ་གནང་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2026-06-26

     ཉེ་ཆར། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་རྒྱུན་ཨུ་དང་དྲིལ་བསྒྲགས་པུའི་པུའུ་ཀྲང་ཞུས་ཀྲི་ཝུན་ལྷ་ས་གྲོང་ཁྱེར་དུ་ཕེབས་ནས་དྲིལ་བསྒྲགས་དང་བསམ་བློ་རིག་གནས་ལས་དོན་ལ་བརྟག་ཞིབ་གནང་བ་རེད།

    ལྷ་ས་གྲོང་ཁྱེར་གྱི་ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་བརྟན་པོ་འཛུགས་པའི་བརྗོད་དོན་གཙོ་བོའི་འགྲེམས་ཁང་དང་། དེ་བཞིན་དུས་རབས་གསར་པའི་ཤེས་དཔལ་ལག་ལེན་ས་ཚིགས་སུ་ཞུས་ཀྲི་ཝུན་གྱིས་འགྲེམས་ཁང་གི་ངོ་སྤྲོད་ནན་ཏན་གསན་ཏེ། དུས་རབས་གསར་པའི་ཤེས་དཔལ་ལག་ལེན་ས་ཚིགས་ཀྱི་སྤྱི་ཡོངས་ཀྱི་འཆར་འགོད་དང་། བྱེད་ནུས་ཀྱི་བཀོད་པ། དེ་བཞིན་དྲིལ་བསྒྲགས་སློབ་གསོའི་ལས་དོན་བཅས་ལ་ཁས་ལེན་གང་ལེགས་གནང་བ་རེད། ཁོང་གིས་གསུངས་དོན། གཡུལ་སའི་ཐོན་ཁུངས་ཀྱི་ལེགས་ཆ་གང་ལེགས་སྤྱད་དེ། སྡེ་ཚན་དབར་གྱི་མཐུན་སྦྱོར་མཉམ་འགུལ་ལ་ཤུགས་སྣོན་རྒྱག་པ་དང་། བརྗོད་དོན་གཙོ་བོའི་སློབ་གསོ་དང་། ཞིབ་སློབ་སྤེལ་རེས། རིག་གནས་དམངས་ཕན་སོགས་ཀྱི་བྱེད་སྒོ་སྣ་ཚོགས་རྒྱུན་རྣམ་ཅན་བཞིན་སྤེལ་ནས་ལས་བྱེད་པ་དང་། མང་ཚོགས། སློབ་མ། ཡུལ་སྐོར་བ་བཅས་དེའི་ནང་ཞུགས་རྒྱུའི་ཡིད་དབང་འགུགས་གང་ཐུབ་བྱེད་དགོས།

    ཞི་བདེ་གླིང་གནའ་བོའི་ཨར་སྐྲུན་སྒོ་ར་ཆེན་པོ་ཉམས་གསོ་དང་སྲུང་སྐྱོང་བྱ་ཡུལ་དུ། ཞུས་ཀྲི་ཝུན་གྱིས་གནའ་བོའི་ཨར་སྐྲུན་ཉམས་གསོའི་ལས་རིམ་དང་། སྲུང་སྐྱོང་ཇུས་གཞི། དེ་བཞིན་རྗེས་མཐུད་ཀྱི་བེད་སྤྱོད་འཆར་གཞི་བཅས་ལ་མཁྱེན་རྟོགས་ཞིབ་ཕྲ་གནང་ཞིང་། བར་སྐོར་དང་སྤང་མདའ་ཚང་གནའ་བོའི་ཨར་སྐྲུན་སྒོ་ར་ཆེན་པོར། ཞུས་ཀྲི་ཝུན་གྱིས་ཕེབས་ཞོར་དང་གཟིགས་ཞོར་དུ་ཡུལ་སྐོར་བ་དང་ཐོན་ལས་གཉེར་སྐྱོང་བ་དང་བྱམས་བརྩེའི་སྤེལ་རེས་གནང་བ་རེད།

    ལྷ་ས་གྲོང་ཁྱེར་མཉམ་འདྲེས་སྨྱན་སྦྱོར་ལྟེ་གནས་སུ། ཞུས་ཀྲི་ཝུན་གྱིས་དྲིལ་བསྒྲགས་གྲུབ་འབྲས་ཀྱི་བརྙན་ཐུང་ལ་གཟིགས་པ་དང་ལས་ཀའི་སྙན་སེང་གསན་ནས། ལྟེ་གནས་ཀྱི་ལས་སྟེགས་འཛུགས་སྐྲུན་དང་། ནང་དོན་གསར་རྩོམ། གླེང་ཕྱོགས་ཀྱི་དྲིལ་བསྒྲགས་དང་ཁྲིད་སྟོན་སོགས་ཀྱི་ལས་དོན་སྤེལ་ཚུལ་ལ་མཁྱེན་རྟོགས་ཞིབ་ཕྲ་གནང་ཞིང་། ཁོང་གིས་ནན་བཤད་གནང་དོན། གཙོ་རྒྱུན་སྨྱན་སྦྱོར་གྱི་མ་ལག་རང་བཞིན་གྱི་འཕོ་འགྱུར་མུ་མཐུད་ཆེ་རུ་བཏང་སྟེ། ཡང་དག་པའི་ཆབ་སྲིད་ཀྱི་ཁ་ཕྱོགས་དང་། གླེང་ཕྱོགས་ཀྱི་ཁྲིད་སྟོན། རིན་ཐང་གི་འཛིན་ཕྱོགས་བཅས་ལ་སྟངས་འཛིན་ནན་པོ་བྱས་ནས། ལྷ་སའི་གཏམ་རྒྱུད་ཡག་པོ་ཤོད་པ་དང་བོད་ཀྱི་སྐད་སྒྲ་བརྒྱུད་བསྒྲགས་ཡག་པོ་བྱེད་དགོས།

    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཆོས་སྒྲོན།

འབྲེལ་ཡོད་གསར་འགྱུར།