ཝང་ཅུན་ཀྲེང་གིས་རང་སྐྱོང་ལྗོངས་ཏང་ཨུད་ཏང་གི་སློབ་གྲྭའི(ལྗོངས་སྲིད་འཛིན་སློབ་གླིང)སློབ་མ་དང་དགེ་རྒན་ལས་བཟོ་དང་བཞུགས་མོལ་གནང་བ།
ལིའུ་ཅང་ཞུགས་པ།

ཟླ་6ཚེས་17ཉིན། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་དང་རང་སྐྱོང་ལྗོངས་ཏང་ཨུད་ཏང་གི་སློབ་གྲྭའི་སློབ་སྤྱི་ཝང་ཅུན་ཀྲེང་གིས་རང་སྐྱོང་ལྗོངས་ཏང་ཨུད་ཏང་གི་སློབ་གྲྭའི(ལྗོངས་སྲིད་འཛིན་སློབ་གླིང)སློབ་མ་དང་དགེ་རྒན་ལས་བཟོའི་འཐུས་མི་དང་བཞུགས་མོལ་གནང་བ།
● ཞི་ཅིན་ཕིང་གི་ཏང་འཛུགས་སྐྱོང་གི་དགོངས་པ་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱས་ཏེ། ཡང་དག་པའི་སྲིད་དོན་ལས་རྗེས་ལྟ་བ་བརྟན་པོ་འཛུགས་པ་དང་ལག་ལེན་བསྟར་ནས་ལྷག་བསམ་རྣམ་དག་དང་། སྤྱོད་གཙང་། འགན་འཁྲི་འཁུར་ཕོད་པ་བཅས་ཀྱི་ལས་བྱེད་པའི་དཔུང་ཁག་ཧུར་ཐག་གཏོད་དགོས།
ཀྲུང་གོ་གུང་ཁྲན་ཏང་དབུ་བརྙེས་ནས་ལོ་ངོ་105འཁོར་བའི་སྐབས་འདིར། ཟླ་6ཚེས་17ཉིན། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་དང་རང་སྐྱོང་ལྗོངས་ཏང་ཨུད་ཏང་གི་སློབ་གྲྭའི་སློབ་སྤྱི་ཝང་ཅུན་ཀྲེང་གིས་རང་སྐྱོང་ལྗོངས་ཏང་ཨུད་ཏང་གི་སློབ་གྲྭའི(ལྗོངས་སྲིད་འཛིན་སློབ་གླིང)སློབ་མ་དང་དགེ་རྒན་ལས་བཟོའི་འཐུས་མི་དང་བཞུགས་མོལ་གནང་བ་རེད། ཁོང་གིས། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་དང་ཞི་ཅིན་ཕིང་གི་ཏང་འཛུགས་སྐྱོང་གི་དགོངས་པ་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱས་ཏེ་ཡང་དག་པའི་སྲིད་དོན་ལས་རྗེས་ལྟ་བ་བརྟན་པོ་འཛུགས་པ་དང་ལག་ལེན་བསྟར་ནས་ལྷག་བསམ་རྣམ་དག་དང་། སྤྱོད་གཙང་། འགན་འཁྲི་འཁུར་ཕོད་པ་བཅས་ཀྱི་ལས་བྱེད་པའི་དཔུང་ཁག་ཧུར་ཐག་བཏོད་ནས། བོད་ཡུན་རིང་བདེ་འཁོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཆེད་ལེགས་སྐྱེས་དེ་བས་ཆེ་བ་འབུལ་དགོས་པའི་ནན་བཤད་གནང་བ་རེད།
ཚོགས་ཞུགས་མི་སྣས་མགྲིན་གཅིག་ཏུ་བརྗོད་དོན། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པའི་ཚན་རིག་དང་མཐུན་པའི་མ་ལག་དང་། ལྟེ་བའི་དོན་སྙིང་། ལག་ལེན་གྱི་བླང་བྱ་བཅས་ཕྱོགས་ཡོངས་དང་བརྒྱུད་རིམ་ལྡན་པའི་སྒོ་ནས་སློབ་སྦྱོང་དང་གོ་བ་བླངས་ནས། དེའི་ཁྲོད་ཀྱི་ཚན་རིག་དང་མཐུན་པའི་འཇིག་རྟེན་ལྟ་བ་དང་བརྟག་ཐབས་སྨྲ་བ་ཟབ་སྦྱོང་མཐིལ་རྟོགས་བྱས་ཏེ་བསམ་བློར་དྲག་ཆས་སྤྲོས་པ་དང་། ལག་ལེན་ལ་མཛུབ་ཁྲིད་བྱེད་པ། ལས་དོན་ལ་སྐུལ་འདེད་གཏོང་བ་བཅས་ཏན་ཏིག་བྱེད་ཀྱི་ཡིན།
ཝང་ཅུན་ཀྲེང་གིས་ནན་བཤད་གནང་དོན། “སྤྱི་དོན་དུ་ཏང་འཛུགས་པ་དང་། དམངས་ཆེད་བདེ་རྩ་སྐྲུན་པ། ཚན་རིག་དང་མཐུན་པའི་ཐབས་ཇུས་འགོད་པ། དངོས་འཛིན་དངོས་སྒྲུབ”བཅས་ཀྱི་སྤྱིའི་བླང་བྱ་ཕྱོགས་ཡོངས་ནས་དོན་འཁྱོལ་བྱས་ཏེ་ཡང་དག་པའི་སྲིད་དོན་ལས་རྗེས་ལྟ་བ་བརྟན་པོ་འཛུགས་པ་དང་ལག་ལེན་བསྟར་དགོས། སྤྱི་དོན་དུ་ཏང་འཛུགས་པའི་ཏང་གཤིས་ཀྱི་རྩ་དོན་བརྟན་སྲུང་དང་། ཏང་གཤིས་ཞུན་བརྡར་བྱེད་ཤུགས་ཆེ་རུ་གཏོང་བ། བསམ་བློའི་གོ་རྟོགས་དང་། བསམ་པའི་འཁྱེར་སོ། ཀུན་སྤྱོད་བློ་སྦྱོང་བྱེད་ཚད་བཅས་མཐོ་རུ་གཏོང་བ། ཐོག་མཐའ་བར་གསུམ་དུ་བསམ་བློ་མཐོ་ས་ནས་གཏོང་བ་དང་། མཐོ་སར་ལངས་པ། མིག་རྒྱང་རིང་བ། བསམ་བློ་གཏིང་ཟབ་གཏོང་བ། གསལ་པོ་ཤོད་པ་བཅས་བྱས་ཏེ་བྱས་འབྲས་ཐོབ་པར་ངས་མི་རྩོད་པ་དང་བྱས་རྗེས་འཇོག་པར་ང་ཡིས་འབད་པའི་འགན་འཁྲི་འཁུར་སེམས་ལ་བརྟེན་ནས་བློ་གཅིག་སེམས་གཅིག་གིས་ཏང་དང་མི་དམངས་ཀྱི་ཆེད་དུ་འགན་འཁྲི་གཙང་སྒྲུབ་བྱེད་དགོས། མི་དམངས་ལ་བདེ་རྩ་སྐྲུན་པའི་རིན་ཐང་དོན་གཉེར་མཐའ་འཁྱོངས་བྱེད་པ་དང་། མི་དམངས་ལྟེ་བར་འཛིན་པའི་འཕེལ་རྒྱས་ཀྱི་བསམ་བློ་བརྟན་པོ་འཛུགས་པ། ཐོག་མཐའ་བར་གསུམ་དུ་མི་དམངས་ཀྱི་ལངས་ཕྱོགས་སུ་བརྟན་པོ་ལངས་པ། མི་སེར་ལ་བརྟན་པོ་ཕྱོགས་པ། ཆེས་རྒྱ་ཆེའི་མི་དམངས་ཀྱི་རྩ་བའི་ཁེ་ཕན་མངོན་འགྱུར་ཡག་པོ་དང་། སྲུང་སྐྱོང་ཡག་པོ། འཕེལ་རྒྱས་ཡག་པོ་བཅས་གཏོང་བ། དམངས་འཚོའི་དོན་དངོས་ཏན་ཏིག་ངང་ཡག་པོ་སྒྲུབ་པ་བཅས་བྱས་ཏེ་མི་རིགས་ཁག་གི་མང་ཚོགས་ཀྱི་ཐོབ་སྣང་དང་སྐྱིད་སྣང་ཟམ་མི་ཆད་པར་ཆེ་རུ་གཏོང་དགོས། ཚན་རིག་དང་མཐུན་པར་ཇུས་ཐག་གཅོད་པའི་ལས་ཀ་བྱེད་སྟངས་ཁོང་དུ་ཆུད་པ་དང་། དངོས་ཐོག་བདེན་འཚོལ་མཐའ་འཁྱོངས། བརྟག་དཔྱད་ཞིབ་འཇུག་དར་སྤེལ། རང་རྟོགས་ངང་དགོས་མཁོ་དམངས་ལ་འདྲི་བ་དང་ཐབས་ཇུས་དམངས་ལ་འདྲི་བ། གྲོས་མོལ་གྱི་ཐབས་ཇུས་སྒྲིག་སྲོལ་ལ་བརྩི་སྲུང་ནན་པོ་ཞུ་བ། དམངས་གཙོ་དང་གཅིག་སྡུད་གཅིག་གྱུར་དམ་ཚགས་བཅས་བྱས་ཏེ་ཇུས་ཐག་གཅོད་རིགས་ཚན་རིག་དང་དམངས་གཙོ་དང་མཐུན་པ། ལག་བསྟར་སེམས་ཐག་ཆོད་ཅིང་ནུས་པ་ལྡན་པ། ལས་དོན་སྒྲུབ་རིགས་ཁྲིམས་མཐུན་ནུས་ཆེ་བཅས་ཡོང་བ་བྱེད་དགོས། དངོས་འཛིན་དངོས་སྒྲུབ་ཀྱི་སྤྱོད་ཚུལ་བཟང་པོ་དར་སྤེལ་གཏོང་བ་དང་སྤྱོད་ཚུལ་ཡང་དག་བྱུང་ཚེ་སྲིད་དོན་ལས་རྗེས་ཏན་ཏིག་འཇོག་ཐུབ། རང་སྐྱོང་ལྗོངས་ཏང་ཨུད་ཀྱིས་རྒྱུན་སྲིང་ལྷོད་མེད་ངང་སྤྱོད་ཚུལ་ལེགས་གཏོང་དང་དོན་འཁྱོལ་ལ་དམ་འཛིན་ནན་པོ་བྱེད་པ་དང་། ལྗོངས་ཡོངས་ཀྱི་གོང་འོག་ཚང་མས་ཏང་སྲོལ་སྲིད་སྲོལ་དང་སྤྱི་ཚོགས་ཀྱི་དར་སྲོལ་གསར་རྐྱང་ཆགས་པར་བྱེད་པ། རྒྱ་ཆེའི་ལས་བྱེད་པས་སྤྱོད་ཚུལ་བཟང་པོ་སྔར་བས་དར་སྤེལ་གཏོང་བ་བཅས་བྱས་ཏེ་ཡང་དག་པའི་སྲིད་དོན་ལས་རྗེས་ལྟ་བ་དེ་དངོས་ཐོག་བདེན་འཚོལ་དང་དམ་པ་དོན་གཉེར་གྱི་ཞིབ་ཕྲའི་བྱ་སྤྱོད་ཐོག་མངོན་པར་བྱས་ནས་རྨང་གཞི་འདིང་བ་དང་། ཕུགས་ལ་ཕན་པ། ཕན་འབྲས་དངོས་ཐོན་པ་བཅས་ཀྱི་བྱ་བ་མང་ཙམ་བསྒྲུབས་ཐོག་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་དང་ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་བོད་དུ་ལག་བསྟར་དོན་འཁྱོལ་མཐའ་གཅིག་ཏུ་ཐུབ་པའི་འགན་ལེན་བྱེད་དགོས།
ཝང་ཅུན་ཀྲེང་གིས་ནན་བཤད་གནང་དོན། ལས་ཀའི་འཇོན་ཐང་དང་ཆུ་ཚད་མཐོ་རུ་ཧུར་ཐག་བཏང་ནས་བོད་ཡུན་རིང་བདེ་འཁོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཆེད་ལེགས་སྐྱེས་དེ་བས་ཆེ་བ་འབུལ་དགོས། སྤྱི་ཡོངས་ཀྱི་འདུ་ཤེས་ཟབ་ཏུ་བཏང་ནས་ཐོག་མཐའ་བར་གསུམ་དུ་སྤྱི་ཡོངས་ལ་བརྟེན་ནས་གནད་དོན་ལ་བསམ་གཞིགས་བྱེད་པ་དང་། ཐབས་ཇུས་འདོན་པ། ལས་དོན་སྒྲུབ་པ་བཅས་བྱས་ཏེ་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་བོད་ལ་ཁ་གསལ་བཏོན་གནང་བའི་བརྟན་ལྷིང་དང་། འཕེལ་རྒྱས། སྐྱེ་ཁམས། མཐའ་སྟོབས་བཅས་ཀྱི་དོན་ཆེན་བཞི་དོན་འཁྱོལ་ཡོང་བར་སྤྱི་འདོམས་སྐུལ་འདེད་གཏོང་བ་དང་གཟེར་འདེབས་ཀྱི་སྙིང་སྟོབས་ལ་བརྟེན་ནས“འཛུགས་གཏོད་བཞི”དོན་འཁྱོལ་དང་ཕན་འབྲས་ཐོན་པར་སྐུལ་འདེད་བཏང་སྟེ་ས་ཁོངས་གཅིག་ལ་འོད་སྣང་སྦྱིན་པ་དང་དེ་བས་སྤྱི་ཡོངས་ལ་བཀྲག་མདངས་འཚེར་ཐུབ་པ་བྱེད་དགོས། བསམ་གཞིགས་གསར་གཏོད་ཧུར་ཐག་དང་རང་ངོས་གསར་བརྗེས་ཀྱི་བློ་སྟོབས་དང་བློ་རྒྱར་བརྟེན་ནས་གནས་ཚུལ་གསར་པར་ཞིབ་འཇུག་དང་། གནད་དོན་གསར་པ་ཐག་གཅོད། ཚན་རིག་དང་མཐུན་ཞིང་ཕན་ནུས་ལྡན་པའི་ལས་ཀའི་ལམ་སྲོལ་འཚོལ་ཞིབ། བྱེད་ཐབས་བཟང་པོ་དང་ཉམས་མྱོང་བཟང་པོར་སློབ་སྦྱོང་དང་དཔྱད་གཞིར་འཛིན་མཁས་པོ་བཅས་བྱས་ཏེ་རང་རང་ས་ཁུལ་དང་རང་རང་སྡེ་ཚན་གྱི་ལས་ཀར་གྲུབ་འབྲས་གསར་པ་རྒྱུན་ཆད་མེད་པར་ཐོབ་པར་སྐུལ་འདེད་གཏོང་དགོས། ཕྱོགས་བསྡུས་བྱང་ཚད་མཐོ་རུ་གཏོང་བ་དང་། གང་ཞིག་བྱེད་དགོས་པ་དེ་སྦྱོང་དགོས་པ་དང་གང་ཞིག་མི་འདང་བ་དེ་གསབ་རྒྱུ་མཐའ་འཁྱོངས་བྱེད་པ། དུས་བབ་འཕེལ་རྒྱས་དང་རང་འགུལ་ངང་འཚམ་པར་བྱེད་པ། ཤེས་བྱ་སློབ་སྦྱོང་ལ་ཤུགས་སྣོན་རྒྱག་པ། ཤེས་བྱའི་མ་ལག་འཐུས་སྒོ་ཚང་དུ་གཏོང་བ། ལས་དོན་བྱང་ཆུབ་པ་བཅས་བྱེད་དགོས། རང་འཁྲིའི་ལས་གནས་ལ་གཞི་ཚུགས་པ་དང་། མི་དྲང་པོ་བྱེད་པ་དང་རང་འཁྲིའི་ལས་སྒྲུབ་པ། རང་འཁྲིའི་ལས་གནས་བརྟན་སྲུང་དང་རང་འགན་གཙང་སྒྲུབ། རང་འཁྲིའི་ལས་དོན་ཏན་ཏིག་སྒྲུབ་པ་བཅས་བྱས་ཏེ་བོད་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་ལག་ལེན་ཁྲོད་བྱས་རྗེས་གསར་པ་འཇོག་དགོས།
ཝང་ཅུན་ཀྲེང་གིས་ནན་བཤད་གནང་དོན། བློ་བརྟན་འགྱུར་མེད་ངང་ཕྱོགས་ཡོངས་ནས་ཏང་ནན་པོས་སྐྱོང་བའི་འཐབ་ཇུས་མཛད་ཕྱོགས་ལག་བསྟར་བྱས་ཏེ་ལྷག་བསམ་རྣམ་དག་དང་། སྤྱོད་གཙང་། འགན་འཁྲི་འཁུར་ཕོད་པ་བཅས་ཀྱི་དུས་རབས་གསར་པའི་ལས་བྱེད་པ་ཡག་པོ་ཞིག་བྱེད་དགོས། སྤྱོད་གཙང་རང་འདོམས་ཀྱི་འདུ་ཤེས་ཟབ་ཏུ་གཏོང་བ་དང་། བསམ་བློའི་ཐོག་ནས་རྨང་གཞི་བརྟན་གཏོང་ལ་སྣང་ཆེན་བྱེད་པ། རུལ་སུངས་ལ་ངོ་རྒོལ་བྱེད་པར་དམིགས་བསལ་རང་བཞིན་མེད་པའི་བསམ་བློ་བརྟན་པོ་འཛུགས་པ། སྤྱོད་གཙང་སྲིད་སྐྱོང་གི་གོམ་པ་དང་པོ་ཡག་པོ་སྤོ་བ། སྒྲིག་ཁྲིམས་དང་སྒྲིག་ལམ་སྔོན་ལ་འཇོག་པ་བཅས་བྱས་ནས་སྤྱོད་གཙང་གཞུང་དྲང་གི་ཆབ་སྲིད་ཁོར་ཡུག་ཧུར་ཐག་གཏོད་དགོས། ཡང་དག་པའི་དབང་ཆའི་ལྟ་བ་འཛུགས་པ་དང་། དབང་ཆ་དྲང་གཞག་ངང་སྤྱོད་པ་དང་། ཁྲིམས་ལྟར་དབང་ཆ་སྤྱོད་པ། དམངས་ཆེད་དབང་ཆ་སྤྱོད་པ། སྤྱོད་གཙང་ངང་དབང་ཆ་སྤྱོད་པ་བཅས་མཐའ་འཁྱོངས་བྱེད་པ། ཏང་ཕྱི་ནང་གི་ལྟ་སྐུལ་རང་རྟོགས་ངང་དང་ལེན་བྱས་ཏེ་རུལ་བསླད་ཀྱི་དྲི་མས་གཏན་ནས་མི་འགོས་པའི་གུང་ཁྲན་ཏང་མིའི་ཆབ་སྲིད་ཀྱི་རང་མདངས་ནམ་ཡང་མི་ཉམས་པར་བྱེད་དགོས། ལྷག་བསམ་རྣམ་དག་དང་། སྤྱོད་གཙང་། འགན་འཁུར་ཕོད་པ་བཅས་བྱེད་ཐུབ་པ་དང་། ལྷག་བསམ་རྣམ་དག་ནི་གཤིས་རྒྱུད་ཅིག་ཡིན་པ་དང་། དྭངས་གཙང་ནི་བསམ་བློའི་འཁྱེར་སོ་ཞིག་ཡིན་པ། འགན་འཁྲི་འཁུར་ཕོད་པ་ནི་ལས་འགན་ཞིག་ཡིན་པ་བཅས་ལ་གོ་བ་གཏིང་ཟབ་ལེན་པ་དང་། ཤེས་སྦྱོར་གཅིག་མཐུན་དང་གཏམ་སྤྱོད་གཅིག་གྱུར་མཐའ་འཁྱོངས། ལས་དོན་སྒྲུབ་རིང་སློབ་སྦྱོང་དང་སློབ་སྦྱོང་བྱེད་རིང་ལས་དོན་སྒྲུབ་པ། ཤེས་སྦྱོར་གཅིག་མཐུན་ཁྲོད་ཡང་དག་པའི་སྲིད་དོན་ལས་རྗེས་ལྟ་བ་བརྟན་པོ་འཛུགས་པ་དང་ལག་ལེན་བསྟར་དགོས། རིམ་ཁག་ཏང་ཨུད་ཀྱིས་འཇོན་ཐང་ལ་གཞིགས་ནས་ལས་བྱེད་པ་བཀོལ་སྤྱོད་དང་ལས་རྗེས་ལ་གཞིགས་ནས་གདེང་འཇོག་བྱེད་པ་དང་། གཞི་རིམ་གྱི་འཐབ་ཕྱོགས་དང་པོར་ལས་བྱེད་པ་ཤེས་རྟོགས་དང་། འདེམས་བསྐོ བཀོལ་སྤྱོད་བཅས་བྱེད་མཁས་པོ་བྱེད་པ། ཤེས་ལྡན་པ་ཕུལ་བྱུང་འབུར་དུ་ཐོན་པའི་ལས་ཀའི་ལམ་སྲོལ་འཐུས་སྒོ་ཚང་དུ་གཏོང་བ་བཅས་བྱས་ནས་དངོས་སྒྲུབ་ལ་བརྩི་མཐོང་དང་འགན་འཁུར་ཕོད་པར་སྐུལ་ལྕག་བྱེད་པའི་རྣམ་པ་བཟང་པོ་ཆགས་པར་བྱེད་དགོས། རིམ་ཁག་ཏང་གི་སློབ་གྲྭས་ཏང་གི་བསམ་བློ་དང་རིགས་པའི་གཞུང་ལུགས་འཛུགས་སྐྱོང་གི་གཡུལ་ས་གལ་ཆེན་གྱི་ནུས་པ་བཏོན་ཏེ་ཏང་གི་ཆེད་དུ་ཤེས་ལྡན་པ་གསོ་སྐྱོང་དང་ཏང་གི་ཆེད་དུ་ཐབས་འདོན་པའི་འགན་འཁྲི་ཏན་ཏིག་འཁུར་བ་དང་། ཞི་ཅིན་ཕིང་གི་ཏང་འཛུགས་སྐྱོང་གི་དགོངས་པ་གསོ་སྦྱོང་མ་ལག་ནང་འཇུག་པ། སློབ་གསོ་གསོ་སྦྱོང་བྱེད་ཐབས་ལེགས་སུ་གཏོང་བ། སློབ་གསོ་གསོ་སྦྱོང་གི་སྤུས་ཚད་མཐོ་རུ་གཏོང་བ། ཕྱོགས་བསྡུས་སློབ་གཉེར་གྱི་ཆུ་ཚད་མཐོ་རུ་གཏོང་བ་བཅས་བྱས་ཏེ་ཏང་གི་སློབ་གྲྭར་ལས་བྱེད་པས་སྦྱངས་ནས་འབྲས་བུ་ཐོན་པ་དང་སྦྱངས་ནས་གོ་རྟོགས་སད་པར་བྱེད་དགོས། ཚན་ཞིབ་ཀྱི་སྲིད་དོན་སྐྱོང་རོགས་ཀྱི་ནུས་པ་ཆེ་རུ་གཏོང་བ་དང་། ཏང་གི་གསར་གཏོད་རིགས་པའི་གཞུང་ལུགས་ཞིབ་འཇུག་དང་གསལ་འགྲེལ། ཏང་གི་རིགས་པའི་གཞུང་ལུགས་གསར་གཏོད་ལ་སྐུལ་འདེད་གཏོང་བ། ཏང་དང་སྲིད་གཞུང་ལ་ཐབས་འདོན་ཇུས་འབུལ་བྱེད་པ་སོགས་ཐད་སྤུས་ཚད་མཐོ་བའི་གྲུབ་འབྲས་དེ་བས་མང་བ་ཐོན་པར་བྱེད་དགོས།
འབྲེལ་ཡོད་གསར་འགྱུར།