དབུ་ཤོག>སྲིད་དོན།>འགོ་ཁྲིད་བྱེད་སྒོ།>ལིའུ་ཅང་།
  • ལིའུ་ཅང་ལྗོངས་ཡོངས་ཀྱི་སྲིད་ཁྲིམས་འགོ་ཁྲིད་ལས་བྱེད་པའི་ཆེད་དོན་བགྲོ་གླེང་འཛིན་གྲྭར་ཞུགས་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2026-06-24

    ཚེས་22ཉིན། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་རྒྱུན་ལས་ཧྲུའུ་ཅི་གཞོན་པ་དང་སྲིད་ཁྲིམས་ཨུ་ལྷན་གྱི་ཧྲུའུ་ཅི་ལིའུ་ཅང་ལྗོངས་ཡོངས་ཀྱི་སྲིད་ཁྲིམས་འགོ་ཁྲིད་ལས་བྱེད་པའི་ཆེད་དོན་བགྲོ་གླེང་འཛིན་གྲྭའི་སློབ་འགོ་ཚུགས་པའི་མཛད་སྒོར་ཞུགས་པ་དང་འབྲེལ་ཟུར་ཁྲིད་ཀྱང་གནང་བ་རེད།

    ཀྲུའུ་ཧྲོའུ་ཁོའོ་ཡིས་གཙོ་སྐྱོང་གནང་བ་དང་ཚེ་བརྟན་ཞུགས་པ་རེད།

    ད་ཐེངས་ཀྱི་བགྲོ་གླེང་འཛིན་གྲྭའི་ལས་འགན་གཙོ་བོ་ནི་ཞི་ཅིན་ཕིང་གི་ཏང་འཛུགས་སྐྱོང་གི་དགོངས་པ་དང་། ཡང་དག་པའི་སྲིད་དོན་ལས་རྗེས་ལྟ་བ་འཛུགས་པ་དང་ལག་ལེན་བྱེད་པ་དང་སྤྱོད་ཡོན་གཉིས་ལྡན་དང་བྱང་ཚད་མཐོ་བའི་སྲིད་ཁྲིམས་དཔུང་ཁག་འཛུགས་སྐྱོང་བྱ་རྒྱུའི་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་རྣམ་བཤད་གལ་ཆེན་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱེད་པ་དང་། རྒྱལ་ཡོངས་སྲིད་ཁྲིམས་འགོ་ཁྲིད་ལས་བྱེད་པའི་ཆེད་དོན་བགྲོ་གླེང་འཛིན་གྲྭ་དང་ལྷག་པར་དུ་ཧྲུའུ་ཅི་ཁྲེན་ཝུན་ཆིང་གི་གསུང་བཤད་ཀྱི་དགོངས་དོན་དང་ཧྲུའུ་ཅི་ཝང་ཅུན་ཀྲེང་གི“དམར་ཞིང་མཁས་པའི”བླང་བྱ་དོན་འཁྱོལ་ནན་ཏན་བྱེད་རྒྱུ་ཡིན་པ་མ་ཟད། ལྗོངས་ཡོངས་ཀྱི་སྲིད་ཁྲིམས་དཔུང་ཁག་འཛུགས་སྐྱོང་ལ་བཀོད་སྒྲིག་དང་སྐུལ་འདེད་གཏོང་རྒྱུ་ཡིན་པ་རེད།

    ལིའུ་ཅང་གིས་ཡང་དག་པའི་སྲིད་དོན་ལས་རྗེས་ལྟ་བ་འཛུགས་པ་དང་ལག་བསྟར་བྱ་རྒྱུའི་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་རྣམ་བཤད་གལ་ཆེན་རྒྱས་བཤད་གཏིང་ཟབ་གནང་སྟེ། ལོ་རྒྱུས་ཀྱི་དོན་དངོས་འབོར་ཆེན་དྲངས་ནས་རང་རེའི་ཏང་གི་སྤྱི་དོན་དུ་ཏང་འཛུགས་པ་དང་དམངས་དོན་དུ་སྲིད་སྐྱོང་བའི་རིན་ཐང་གི་ཐོག་མའི་དམིགས་ས་དང་སྲིད་དོན་ལས་རྗེས་ཀྱི་དོན་གཉེར་ལ་ཕྱིར་དྲན་གནང་བ་རེད།

    སློབ་སྦྱོང་སློབ་གསོར་སྐུལ་འདེད་ཏན་ཏིག་བཏང་སྟེ་བསམ་བློའི་ཐོག་ནས་རྩ་བའི་གནད་དོན་ཐག་གཅོད་ཧུར་ཐག་དང་། བྱ་སྤྱོད་ཐོག་ནས་དངོས་ཡོད་གནད་དོན་ཐག་གཅོད། སྒྲིག་སྲོལ་དང་ལམ་ལུགས་འཛུགས་པའི་ཐོག་ནས་རྒྱུན་རྣམ་དང་ཕུགས་ཕན་གྱི་གནད་དོན་ཐག་གཅོད་བཅས་བྱེད་དགོས། ཆོས་ཉིད་ལྟར་ལས་དོན་བསྒྲུབ་རྒྱུ་མཐའ་འཁྱོངས་ཀྱིས་ཆུ་ཚད་དེ་བས་མཐོ་བའི་དུས་བདེའི་བོད་ལྗོངས་དང་ཁྲིམས་སྐྱོང་བོད་ལྗོངས་བསྐྲུན་རྒྱུར་སྐུལ་འདེད་གཏོང་དགོས། ཕྱོགས་ཡོངས་ནས་ཏང་ལ་དོ་དམ་དང་ཉེན་རྟོག་པར་དོ་དམ་ནན་པོ་བྱ་རྒྱུར་སྐུལ་འདེད་གཏིང་ཟབ་བཏང་ནས་ལྷག་བསམ་རྣམ་དག་དང་། སྤྱོད་གཙང་། འགན་འཁྲི་འཁུར་ཕོད་པ་བཅས་ཀྱི་ཆབ་སྲིད་ཀྱི་རང་མདངས་ནམ་ཡང་རྒྱུན་འཁྱོངས་བྱེད་དགོས།

    ལིའུ་ཅང་གིས་ནན་བཤད་གནང་དོན། སྤྱོད་ཡོན་གཉིས་ལྡན་དང་བྱང་ཚད་མཐོ་བའི་སྲིད་ཁྲིམས་དཔུང་ཁག་འཛུགས་སྐྱོང་བྱ་རྒྱུའི་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་རྣམ་བཤད་གལ་ཆེན་གྱིས་ང་ཚོར་སྲིད་ཁྲིམས་དཔུང་ཁག་འཛུགས་སྐྱོང་གི་ཚད་གཞི་ནན་པོ་ཁ་གསལ་བཟོས་ཡོད། ལྷག་བསམ་རྣམ་དག་མཐའ་གཅིག་ཏུ་བྱེད་པར་དམིགས་པ་དང་། ཆབ་སྲིད་ཀྱི་འཇོན་ཐང་ཆེ་རུ་གཏོང་བ། བློ་བརྟན་འགྱུར་མེད་ངང་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པར་བརྟེན་ནས་བློ་སྒྲིལ་སེམས་སྐྱེད་བྱེད་པ། བློ་བརྟན་འགྱུར་མེད་ངང“གཏན་འཁེལ་གཉིས”ལ་བརྩི་བཀུར་ཞུ་བ་དང“སྲུང་སྐྱོང་གཉིས”མཐའ་གཅིག་ཏུ་ཐུབ་པ་བཅས་བྱས་ཏེ། “གྲི་མགོ་བཟུང་དབང”ཏང་དང་མི་དམངས་ཀྱི་ལག་ཏུ་དམ་པོར་འཛིན་ཐུབ་པའི་འགན་ལེན་བྱེད་དགོས། རྒྱལ་ཁབ་ཀྱི་ཆབ་སྲིད་བདེ་འཇགས་སྲུང་སྐྱོང་ལ་དམིགས་ནས་རྒྱལ་ཁ་ལེན་པའི་ནུས་པ་ཆེ་རུ་བཏང་སྟེ་འགག་རྩའི་དུས་སུ་དོན་ཐུབ་པ་དང་། མཆོང་ཐུབ་པ། རྒྱལ་ཁ་ལེན་ཐུབ་པ་བཅས་ཀྱི་འགན་ལེན་བྱེད་དགོས། དྲང་བཞག་བདེན་སྐྱོང་ལ་དམིགས་ནས་ཁྲིམས་སྒྱུར་ཁྲིམས་འཛིན་གྱི་ནུས་པ་ཆེ་རུ་གཏོང་བ་དང་། ཁྲིམས་སྐྱོང་གི་བསམ་གཞིག་དང་ཁྲིམས་སྐྱོང་གི་བྱེད་ཐབས་ལ་བརྟེན་ནས་སྤྱི་ཚོགས་དྲང་བཞག་བདེན་སྐྱོང་ལ་སྲུང་སྐྱོང་དང་འགན་ལེན་བྱེད་དགོས། གྲངས་རིག་གི་མཐུན་རྐྱེན་སྦྱོར་བར་དམིགས་ནས་ཚན་རྩལ་བཀོལ་སྤྱོད་ནུས་པ་ཆེ་རུ་བཏང་སྟེ་བོད་ཡུན་རིང་བདེ་འཁོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་ནུས་ཤུགས་ཡོད་རྒུས་སྐུལ་འདེད་གཏོང་དགོས།

    འགན་འཁུར་རྩོམ་སྒྲིག་པ། ཚེ་བརྟན་རྡོ་རྗེ།

འབྲེལ་ཡོད་གསར་འགྱུར།