དབུ་ཤོག>སྲིད་དོན།>སྲིད་དོན་གསར་འགྱུར།
  • 2026ལོའི“ཤེས་དཔལ་བོད་ལྗོངས”ཀྱི་མཉམ་སྒྲོག་འགྲན་ཚོགས་ཀྱི་མཐའ་བསྡུར་བྱས་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2026-06-24

    ཉེ་ཆར། རང་སྐྱོང་ལྗོངས་ཏང་ཨུད་དྲིལ་བསྒྲཌ་པུས་གཙོ་གཉེར་དང་རང་སྐྱོང་ལྗོངས་རིག་རྩལ་ལྷན་ཚོཌ་ཀྱིས་གཉེར་འགན་འཁུར་བའི“གཅིག་མཐུན་ཚོགས་པའི་འདུ་ཤེས་འཛུགས། ཀྲུང་ཧྭའི་བརྩེ་བ་སྒྲོག་འདོན་བྱེད”ཅེས་པའི་2026ལོའི“ཤེས་དཔལ་བོད་ལྗོངས”ཀྱི་མཉམ་སྒྲོག་འགྲན་ཚོགས་ཀྱི་མཐའ་བསྡུར་ལྷ་སར་བྱས་ཤིང་། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་རྒྱུན་ཨུ་དང་དྲིལ་བསྒྲགས་པུའི་པུའུ་ཀྲང་ཞུས་ཀྲི་ཝུན་གྱིས་བྱ་དགའ་ཐོབ་མཁན་ལ་བྱ་དགའ་སྤྲད་གནང་བ་རེད།

    འགྲན་བསྡུར་བྱ་ཡུལ་འཁྲུག་ཆ་དོད་ལ་ཐལ་མོའི་རྡེབ་སྒྲ་རྒྱུན་མི་ཆད་ཅིང་། འཐུས་མིའི་རུ་ཁག་ཁག་གིས་བརྩེ་སེམས་ཟབ་མོས་གྱེར་འདོན་བྱས་ནས། ཏང་དང་། རྒྱལ་ཁབ། སྤྱི་ཚོགས་རིང་ལུགས་བཅས་ལ་དགའ་ཞེན་བྱེད་པའི་བརྩེ་བ་དང་མྱོང་ཚོར་ཟབ་མོ་མཚོན་པར་བྱས་པ་རེད།

    ཤེས་རྟོགས་བྱུང་བར་གཞིཌ་ན། མཐའ་བསྡུར་ལ་ས་མཐོ་བརྟན་སྲུང་དང་ཁྱིམ་ཞེན་རྒྱལ་ཞེན་གྱི་ཐོག་མའི་བསམ་འདུན་དང་། མཁའ་ལམ་གྱི་རྒྱབ་རྟེན་དང་ཟོལ་མེད་ཀྱི་བསྟོད་གླུ། བློ་སེམས་གཅིག་མཐུན་གྱིས་ཕུགས་འདུན་གཏོད་པ་དང་ལང་ཚོའི་གཟི་འོད་འཕྲོ་བར་བྱེད་བཅས་ལེ་ཚན་ཁག་གསུམ་བཀོད་སྒྲིག་བྱས་ཤིང་། རིམ་པ་བཞིན་འདེམས་སྒྲུག་བརྒྱབ་པ་བརྒྱུད། ས་ཁུལ་དང་གྲོང་ཁྱེར་བདུན་དང་ལྗོངས(ཀྲུང་དབྱང)ཐད་གཏོགས་ཀྱི་འབྲེལ་ཡོད་ཚན་པ་སོགས་ཕུལ་བྱུང་འཐུས་མི་རུ་ཁག་12མཐའ་བསྡུར་ནང་ཚུད་པ་དང་། དེ་དག་གི་བརྩམས་ཆོས་ཀྱིས་མཐའ་སྟོབས་དང་། མཐའ་བརྟན། མཐའ་དར་བཅས་དང་། “ལམ་གཉིས”ཀྱི་སྙིང་སྟོབས། མི་རིགས་མཐུན་སྒྲིལ་སོགས་ཀྱི་བརྗོད་དོན་གཙོ་བོར་དམིགས་ནས། ཡུལ་རྣམ་འཁྲབ་སྟོན་དང་། རམ་འདེགས་རོལ་མོ། བརྙན་ལམ་སོགས་སྒྱུ་རྩལ་གྱི་རྣམ་པ་སྣ་ཚོགས་ཀྱི་གྱེར་འདོན་ལ་བརྟེན་ནས། དཔེ་མཚོན་བརྒྱུད་སྤེལ་དང་སྐད་སྒྲར་བརྟེན་ནས་སེམས་མཐུན་གཅིག་སྒྲིལ་གྱིས་མི་རིགས་ཁག་གི་ལས་བྱེད་མང་ཚོགས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་བོད་གསར་འཛུགས་སྐྲུན་བྱེད་པའི་ཚ་ཚ་འུར་འུར་གྱི་ལག་ལེན་ཁྲོད་ཞུགས་པར་སྔར་བས་སྐུལ་སློང་བྱས་པ་རེད།

    འགྲན་བསྡུར་འཁྲུག་པོ་བྱས་པ་བརྒྱུད། གཞིས་རྩེ་གྲོང་ཁྱེར་གྱི་འཐུས་མི་རུ་ཁག་ལ་བྱ་དགའ་ཨང་དང་པོ་ཐོབ་པ་དང་། དུས་མཚུངས་སུ་བྱ་དགའ་ཨང་གཉིས་པ་གཉིས་དང་། བྱ་དགའ་ཨང་གསུམ་པ་གསུམ། དེ་བཞིན་ཕུལ་བྱུང་སྒྲིག་འཛུགས་བྱ་དགའ་དང་དྲ་ཐོག་ཏུ་དགའ་མོས་བྱེད་ཚད་མང་ཤོས་ཀྱི་བྱ་དགའ་བཅས་བདམས་ཐོན་བྱུང་ཡོད།

    འགན་འཁུར་རྩོམ་སྒྲིག་པ། ཚེ་བརྟན་རྡོ་རྗེ།

འབྲེལ་ཡོད་གསར་འགྱུར།