དབུ་ཤོག>སྲིད་དོན།>སྲིད་དོན་གསར་འགྱུར།
  • བོད་ཀྱི་འཐུས་མི་ཚོགས་པ་ཀྲུང་གོ་རྒྱལ་སྤྱིའི་མཁོ་སྤྲོད་འཁོར་འབྲེལ་གྱི་སྐུལ་སྤེལ་འགྲེམས་ཚོགས་སྐབས་བཞི་པར་ཞུཌ་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2026-06-24

    ཟླ་6ཚེས་22ཉིན། ཀྲུང་གོ་རྒྱལ་སྤྱིའི་མཁོ་སྤྲོད་འཁོར་འབྲེལ་གྱི་སྐུལ་སྤེལ་འགྲེམས་ཚོགས་སྐབས་བཞི་པ་པེ་ཅིང་དུ་འགོ་ཚུགས་ཤིང་། རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་གཞོན་པ་ལུའོ་མེ་ཡིས་བོད་ཀྱི་འཐུས་མི་ཚོགས་པའི་སྣེ་ཁྲིད་དེ་ཞུགས་པ་རེད།

    ལུའོ་མེ་འགོ་ཚུགས་མཛད་སྒོར་ཞུགས་རིང་བོད་ཀྱི་ནས་འདེབས་འཛུགས་ཐོན་ལས་འཁོར་འབྲེལ་འགྲེམས་ཁང་ལ་ལྟ་སྐོར་གནང་བ་རེད། རང་ལྗོངས་ཀྱི་འགྲེམས་ཚོགས་ལ་ཞུགས་མཁན་ཁེ་ལས་ཀྱི་འགྲེམས་རྫས་ལ་གཟིགས་ཞིབ་གནང་སྐབས། ལུའོ་མེ་ཡིས་ཁེ་ལས་ཀྱི་འགན་འཁུར་བ་དང་བྱམས་བརྩེའི་སྤེལ་རེས་གནང་ནས་ཐོན་རྫས་འགྲེམས་སྟོན་དང་། ཐོན་སྐྱེད་ལས་སྣོན། ཚན་རྩལ་གསར་གཏོད། ཁྲོམ་རར་འགྲེམས་སྟོན་སོགས་ཀྱི་གནས་ཚུལ་ལ་མཁྱེན་རྟོགས་ཞིབ་ཕྲ་གནང་བ་རེད།

    ཤེས་རྟོགས་བྱུང་བར་གཞིགས་ན། ད་ཐེངས་རང་ལྗོངས་ཀྱིས“སྲིད་གཞུང་གི་ཚོགས་པ་དང་འགྲེམས་ཚོང་ཚོགས་པ”ཟུང་དུ་འབྲེལ་བའི་རྣམ་པའི་ཐོག་ནས་རང་ལྗོངས་ཀྱི་ཁེ་ལས་13འགྲེམས་སྟོན་ལ་ཞུགས་སུ་བཅུག་པ་དང་། འགྲེམས་ཁང་དེ་ནས་ཀྱི་ཐོན་རྫས་དང་། ཁྱད་ལྡན་ཨ་རག་གི་རིགས། ས་མཐོའི་ཇ་ལོ། ཕྱོགས་བསྡུས་ཐོན་རྫས་བཅས་འགྲེམས་ཁུལ་ཆེ་གྲས་བཞིར་དབྱེ་བ་མ་ཟད། དངོས་རྫས་བཤམས་སྟོན་ཁང་དང་། པར་རིས་འགྲེམས་སྟོན། ས་གནས་ས་ཐོག་ཏུ་མྱོང་དཔྱད་སོགས་ཀྱི་བྱེད་ཐབས་བརྒྱུད། ནས་ཀྱི་ཐོན་རྫས་རབ་དང་རིམ་པ་དང་། དབྱར་རྩྭ་དགུན་འབུ།“བོད་ཀྱི་ཆུ་བཟང”སོགས་ས་མཐོའི་ཁྱད་ལྡན་ཐོན་རྫས་གཅིག་སྡུད་ཐོག་འོས་སྦྱོར་བྱས་ཡོད། ད་ཐེངས་འགྲེམས་སྟོན་ལ་ཞུགས་པ་དེས་བོད་ཀྱི་ཁྱད་ལྡན་ཐོན་ལས་ཕྱི་ཕྱོགས་སུ་སྤེལ་རེས་དང་མཉམ་ལས་བྱེད་པར་སྐར་ཁུང་གང་ལེགས་བསྐྲུན་ནས། རང་ལྗོངས་ཀྱིས་འཁོར་འབྲེལ་འགྲེམས་ཚོགས་གོ་སྐབས་སུ་བྱས་ཏེ་མཁོ་སྤྲོད་འཁོར་འབྲེལ་འཕེལ་རྒྱས་ཀྱི་གོ་སྐབས་དམ་འཛིན་གྱིས་ས་མཐོའི་ཁྱད་ལྡན་ཐོན་ལས་འཕེལ་རྒྱས་ཀྱི་གསོན་ཤུགས་རྒྱུན་མཐུད་འཕེལ་བར་བྱ་རྒྱུ་རེད།

    འགན་འཁུར་རྩོམ་སྒྲིག་པ། ཚེ་བརྟན་རྡོ་རྗེ།

འབྲེལ་ཡོད་གསར་འགྱུར།