དབུ་ཤོག>སྲིད་དོན།>སྲིད་དོན་གསར་འགྱུར།
  • ཚེ་རིང་ཐར་གྱིས་ལྷ་སར་བརྟག་ཞིབ་གནང་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2026-06-23

    ཉེ་ཆར། ལྗོངས་ཏང་ཨུད་ཀྱི་རྒྱུན་ཨུ་དང་འཐབ་ཕྱོགས་གཅིག་གྱུར་པུའི་པུའུ་ཀྲང་ཚེ་རིང་ཐར་གྱིས་ལྷ་ས་གྲོང་ཁྱེར་གྱི་ར་ས་འཕྲུལ་སྣང་གཙུག་ལག་ཁང་དང་། དགའ་ལྡན་དགོན། འབྲས་སྤུངས་དགོན། སེ་ར་དགོན་སོགས་སུ་བརྟག་ཞིབ་གནང་བ་དང་། རང་སྐྱོང་ལྗོངས་ཏང་ཨུད་དང་ཧྲུའུ་ཅི་ཝང་ཅུན་ཀྲེང་གི་ཚབ་ཞུས་ནས་ཆོས་ལུགས་ལས་རིགས་ཀྱི་འཐུས་ཚབ་མི་སྣ་དང་དགོན་སྡེ་དོ་དམ་ཨུ་ལྷན་གྱི་ལས་བྱེད་པར་གཟིགས་པ་དང་འཚམས་འདྲི་གནང་བ་དང་འབྲེལ་བཞུགས་མོལ་སྤེལ་རེས་ཀྱང་གནང་བ་རེད།

    ཚེ་རིང་ཐར་གྱིས་ནན་བཤད་གནང་དོན། བསམ་བློ་དང་ཆབ་སྲིད་ཀྱི་ཁྲིད་སྟོན་ལ་ཤུགས་སྣོན་བརྒྱབ་ནས་རྒྱ་ཆེའི་ཆོས་ལུགས་ལས་རིགས་ཀྱི་མི་སྣ་དང་ལྷག་པར་དུ་ན་གཞོན་དགེ་འདུན་པ་ཚོར་ཏང་གི་བཀའ་ལ་ཉན་པ་དང་། ཏང་གི་བཀའ་དྲིན་དྲན་པ། ཏང་གི་རྗེས་སུ་འབྲང་བ། རྒྱལ་གཅེས་ཆོས་གཅེས། ཁྲིམས་སྲུང་སྡོམ་སྲུང་བཅས་བྱ་རྒྱུའི་ཁྲིད་སྟོན་བྱེད་དགོས། ཆོས་ལུགས་བྱེད་སྒོ་སྤེལ་ཡུལ་དང་། ཆོས་ལུགས་བྱེད་སྒོ། དགོན་སྡེ་དང་གྲྭ་བཙུན་བཅས་ལ་ཁྲིམས་ལྟར་དོ་དམ་ཚད་ལྡན་གྱིས《བོད་རང་སྐྱོང་ལྗོངས་ཀྱི་ཆོས་ལུགས་ལས་དོན་སྲོལ་ཡིག》དོན་འཁྱོལ་ནན་ཏན་བྱས་ནས་ཆོས་ལུགས་ལས་དོན་བཅོས་སྐྱོང་གི་ཁྲིམས་སྐྱོང་ཅན་གྱི་ཆུ་ཚད་རྒྱུན་ཆད་མེད་པར་མཐོ་རུ་གཏོང་དགོས། དགོན་སྡེ་དོ་དམ་ཨུ་ལྷན་གྱི་སློབ་གསོ་དོ་དམ་ཞབས་ཞུའི་འགན་ནུས་ཏན་ཏིག་སྒྲུབ་པ་དང་། དགོན་སྡེ་དོ་དམ་བྱེད་པའི་ཕུགས་ཕན་ལམ་སྲོལ་གྱི་ནུས་པ་འདོན་སྤེལ་བྱེད་པ། ལས་ཀའི་འགན་འཁྲི་ནན་དུ་གཏོང་བ་བཅས་བྱས་ནས། མི་སེམས་གོང་བུར་སྒྲིལ་བ་དང་སྟོབས་ཤུགས་གཅིག་སྒྲིལ་གྱི་ལས་དོན་མང་ཙམ་བསྒྲུབས་ཏེ། དགོན་སྡེའི་ཞི་མཐུན་བརྟན་ལྷིང་སྲུང་སྐྱོང་ཏན་ཏིག་བྱེད་དགོས། བོད་བརྒྱུད་ནང་བསྟན་གྱི་རྒྱལ་གཅེས་ཆོས་གཅེས་ཀྱི་སྲོལ་རྒྱུན་བཟང་པོ་རྒྱུན་འཛིན་དང་དར་སྤེལ་བཏང་ནས་དགོན་སྡེའི་གྲྭ་བཙུན་དང་དད་ལྡན་མང་ཚོགས་ལ“མོས་སེམས་ལྔ”རྒྱུན་ཆད་མེད་པར་ཟབ་ཏུ་གཏོང་རྒྱུའི་ཁྲིད་སྟོན་བྱེད་དགོས། ཆོས་ལུགས་ལས་རིགས་ཀྱི་འཐུས་ཚབ་མི་སྣའི་ནུས་པ་འདོན་སྤེལ་དང་། ཆོས་ལུགས་ལས་རིགས་ཀྱི“འདུ་ཤེས་གསུམ”གྱི་སློབ་གསོ་གཏིང་ཟབ་དང་རྒྱ་ཆེར་གཏོང་བ། “ཁྲིམས་སྲོལ་སྦྱོང་བ་དང་། འདུལ་ཁྲིམས་སྲུང་བ། ཉམས་ལེན་གཙོ་བོར་འཛིན་པ། གཟུགས་བརྙན་གཏོད་པ”བཅས་ཀྱི་སློབ་གསོའི་བྱེད་སྒོ་གཏིང་ཟབ་སྤེལ་བ་བཅས་བྱས་ཏེ། བསྟན་དོན་དང་འདུལ་ཁྲིམས་འཆད་འགྲེལ་བྱས་པའི་གྲུབ་འབྲས་དེ་གྲྭ་བཙུན་ཚོ་སློབ་གསོ་དོ་དམ་དང་། རྒྱུན་གཏན་གྱི་ཆོས་བཤད་དཔེ་ཁྲིད། དགོན་སྡེའི་ལས་དོན་ཁག་བཅས་ཀྱི་ནང་ཁྱབ་པར་བྱས་ནས། བོད་བརྒྱུད་ནང་བསྟན་སྐྱོན་བྲལ་ངང་རྒྱུན་འཛིན་དང་འཕེལ་རྒྱས་འགྲོ་བར་སྐུལ་འདེད་བཏང་སྟེ། བོད་བརྒྱུད་ནང་བསྟན་སྤྱི་ཚོགས་རིང་ལུགས་སྤྱི་ཚོགས་དང་འཚམ་མཐུན་ཡོང་བར་ཁྲིད་སྟོན་ཧུར་ཐག་བྱེད་དགོས།

    འགན་འཁུར་རྩོམ་སྒྲིག་པ། སྐལ་བཟང་གྲགས་པ།

འབྲེལ་ཡོད་གསར་འགྱུར།