དབུ་ཤོག>སྲིད་དོན།>སྲིད་དོན་གསར་འགྱུར།
  • ལའེ་ཅའོ་རང་སྐྱོང་ལྗོངས་ཏང་ཨུད་རྩ་འཛུགས་པུའི་ལས་ཁུངས་ཀྱི་གསར་དུ་བསྐོ་གཞག་བྱས་པའི་ལས་བྱེད་པ་དང་མཉམ་སྡེབ་གླེང་མོལ་ཚོགས་འདུར་ཞུགས་པ།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |     སྤེལ་དུས།  2026-06-22

    ཉེ་ཆར། རང་སྐྱོང་ལྗོངས་ཏང་ཨུད་རྩ་འཛུགས་པུའུ་ཡིས་པུའུ་ལས་ཁུངས་ཀྱི་གསར་དུ་བསྐོ་གཞག་བྱས་པའི་ལས་བྱེད་པ་དང་མཉམ་སྡེབ་གླེང་མོལ་ཚོགས་འདུ་འཚོགས་པ་རེད། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་རྒྱུན་ཨུ་དང་རྩ་འཛུགས་པུའི་པུའུ་ཀྲང་ལའེ་ཅའོ་ཚོགས་འདུར་ཞུགས་པ་དང་འབྲེལ་གསུང་བཤད་ཀྱང་གནང་བ་རེད།

    ལའེ་ཅའོ་ཡིས་ནན་བཤད་གནང་དོན། དད་སེམས་བརྟན་པོར་བརྟེན་ནས་རྩ་བ་ཚུགས་པ་དང་བློ་སྦྱོང་བྱས་ཏེ། རྒྱུན་སྲིང་ལྷོད་མེད་ཀྱིས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པར་བརྟེན་ནས་བསམ་བློར་དྲག་ཆས་སྤྲོས་པ་དང་། ལག་ལེན་ལ་མཛུབ་ཁྲིད་བྱེད་པ། ལས་དོན་ལ་སྐུལ་འདེད་གཏོང་བ་བཅས་བྱེད་པ། ཞི་ཅིན་ཕིང་གི་ཏང་འཛུགས་སྐྱོང་གི་དགོངས་པ་ཟབ་སྦྱོང་མཐིལ་རྟོགས་བྱེད་པ་དང་། “གཏན་འཁེལ་གཉིས”ལ་བརྩི་སྲུང་མཐའ་གཅིག་ཏུ་ཞུ་བ་དང“སྲུང་སྐྱོང་གཉིས”མཐའ་གཅིག་ཏུ་ཐུབ་པར་བྱས་ནས། ཐོག་མཐའ་བར་གསུམ་དུ་ཆབ་སྲིད་ཐད་རྦད་དེ་བློས་འགེལ་ཆོག་པ་དང་ཏང་ལ་རྦད་དེ་ལྷག་བསམ་རྣམ་དག་བྱེད་དགོས། “དངོས་སྒྲུབ”ལ་བརྟེན་ནས་རང་ཚུགས་ལས་སྒྲུབ་བྱས་ཏེ། ཡང་དག་པའི་སྲིད་དོན་ལས་རྗེས་ལྟ་བ་བརྟན་པོ་འཛུགས་པ་དང་ལག་བསྟར་བྱེད་པ་དང་། ལས་གནས་ཀྱི་འགན་འཁྲིར་གང་མགྱོགས་རྒྱུས་མངའ་ལོན་པ་དང་ལས་དོན་གྱི་སྲིད་ཇུས་དང་ཚན་རིག་གི་བྱ་ཐབས་ཁོང་དུ་ཆུད་པ་བྱས་ནས། ལས་དོན་དེ་ཉིད“སྒྲུབ་ཡོད་མེད”ནས“ཡག་པོ་སྒྲུབ་ཡོད་མེད”དང“ཕུལ་དུ་བྱུང་བ་ཞིག་སྒྲུབ་ཡོད་མེད”ཀྱི་བར་རྒྱུན་ཆད་མེད་པར་སྒྱུར་བར་བྱེད་དགོས། “ཐེག་པ་ཁུར་ལེན”ལ་བརྟེན་ནས་རང་འགན་གཙང་སྒྲུབ་ཀྱིས་རྩ་དོན་མཐའ་འཁྱོངས་བྱེད་ནུས་པ་དང་། འགག་སྒྲོལ་དཀའ་སེལ་བྱེད་ཕོད་པ། དྲང་གཞག་གཞུང་དྲང་བརྟན་སྲུང་བཅས་བྱས་ནས། རྒྱུན་ཆད་མེད་པར་སྤྱོད་ཚུལ་ལེགས་གཏོང་དང་དོན་འཁྱོལ་ལ་དམ་འཛིན་ནན་པོ་བྱེད་དགོས། “རང་གཅུན”ལ་བརྟེན་ནས་རང་སེམས་རང་གཅུན་གྱིས་རང་གཅུན་ནན་པོ་དང་མཐའ་ཚད་ནན་པོ་སྲུང་བ་དང་། སྤྱོད་གཙང་གི་མི་ཞིག་བྱེད་པ་དང་དྲང་པོ་དྲང་གཞག་གི་ལས་ཀ་བྱས་ནས། རུལ་འགོག་འགྱུར་ཟོན་གྱི་བསམ་བློའི་འགོག་སྲུང་འཛིང་རགས་བརྟན་པོ་སྲུང་དགོས། “དོན་ཆེན་བཞིར”དམིགས་པ་དང“འཛུགས་གཏོད་བཞིར”ཤུགས་བརྒྱབ་སྟེ། ལས་སྒྲུབ་ཀྱི་བསམ་པ་དང་འགན་འཁྲིའི་བསམ་པ་ཤུགས་ཆེན་ལ་བརྟེན་ནས་རྩ་འཛུགས་ལས་དོན་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་བཏང་སྟེ། “ལོ་ལྔ་ཚན་བཅོ་ལྔ་པའི”འགོ་ཡག་པོ་འཛུགས་པ་དང་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་བོད་ཀྱི་ལག་ལེན་གྱི་ལེའུ་གསར་པ་རྩོམ་ཆེད་རྩ་འཛུགས་ཀྱི་འགན་ལེན་བརྟན་པོ་བྱེད་དགོས།

    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།

འབྲེལ་ཡོད་གསར་འགྱུར།