ཞུས་ཀྲི་ཝུན་2026ལོའི་ལྗོངས་ཡོངས་ཀྱི་དྲིལ་བསྒྲགས་བསམ་བློ་རིག་གནས་ཀྱི་གཙོ་གནད་ལས་དོན་སྐུལ་སྤེལ་ཚོགས་འདུར་ཞུགས་པ།
ཚེས་17ཉིན།2026ལོའི་ལྗོངས་ཡོངས་ཀྱི་དྲིལ་བསྒྲགས་བསམ་བློ་རིག་གནས་ཀྱི་གཙོ་གནད་ལས་དོན་སྐུལ་སྤེལ་ཚོགས་འདུ་ལྷ་སར་འཚོགས་ཤིང་། ཚོགས་འདུའི་ཐོག་ཞི་ཅིན་ཕིང་གི་རིག་གནས་དགོངས་པ་སློབ་སྦྱོང་ལག་བསྟར་གཏིང་ཟབ་བྱས་པ་དང་། དྲིལ་བསྒྲགས་བསམ་བློ་རིག་གནས་ལས་དོན་སྐོར་གྱི་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་ཝང་ཅུན་ཀྲེང་གི་མཛུབ་སྟོན་བླང་བྱ་ལག་བསྟར་དོན་འཁྱོལ་བྱས་ཏེ། གྲུབ་འབྲས་ལ་ཕྱོགས་སྡོམ་དང་དུས་བབ་ལ་ཞིབ་འཇུག་བརྡར་གཅོད་བྱས་པ་མ་ཟད། དུས་མཚམས་རྗེས་མའི་གཙོ་གནད་ལས་དོན་བཀོད་སྒྲིག་ཀྱང་བྱས་པ་རེད།
རང་སྐྱོང་ལྗོངས་ཏང་ཨུད་ཀྱི་རྒྱུན་ཨུ་དང་དྲིལ་བསྒྲགས་པུའི་པུའུ་ཀྲང་ཞུས་ཀྲི་ཝུན་ཚོགས་འདུར་ཞུགས་ནས་གསུང་བཤད་གནང་བ་རེད།
ཞུས་ཀྲི་ཝུན་གྱིས་ནན་བཤད་གནང་དོན། ལྗོངས་ཡོངས་ཀྱི་དྲིལ་བསྒྲགས་བསམ་བློ་རིག་གནས་ལས་དོན་ཡག་པོ་བསྒྲུབ་པར་གཞུང་འཁྱོངས་གསར་འབྱེད་དང་དམིགས་སར་དོན་འཁྱོལ་མཐའ་འཁྱོངས་བྱས་ཏེ་ཏང་གི་གསར་གཏོད་རིགས་པའི་གཞུང་ལུགས་ལ་བརྟེན་ནས་བློ་སྒྲིལ་སེམས་སྐྱེད་ལ་དམ་འཛིན་གཏིང་ཟབ་དང་ཏན་ཏིག་བྱས་ཏེ་བསམ་བློ་ཆབ་སྲིད་ཀྱི་སྣེ་ཁྲིད་ནུས་པ་སྔར་བས་ཆེ་རུ་གཏོང་དགོས། ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པ་འཛུགས་སྐྱོང་ལ་དམ་འཛིན་གཏིང་ཟབ་དང་ཏན་ཏིག་བྱས་ནས་མི་རིགས་མཐུན་སྒྲིལ་གྱི་གོང་བུ་འགྲིལ་ཤུགས་སྔར་བས་ཆེ་རུ་གཏོང་དགོས། གསར་འགྱུར་སྨྱན་སྦྱོར་གྱི་ནུས་པ་འདོན་སྤེལ་ལ་དམ་འཛིན་གཏིང་ཟབ་དང་ཏན་ཏིག་བྱས་ནས་གཙོ་རྒྱུན་གླེང་ཕྱོགས་ཀྱི་ཁྲིད་སྟོན་ནུས་པ་སྔར་བས་ཆེ་རུ་གཏོང་དགོས། ལྡོག་ཕྱོགས་ཀྱི་གླེང་ཕྱོགས་སྔོན་འགོག་དང་སེལ་རྒྱུར་དམ་འཛིན་གཏིང་ཟབ་དང་ཏན་ཏིག་བྱས་ཏེ། གླེང་ཕྱོགས་ལ་ཁ་གཏད་འཇལ་བའི་སྟངས་འཛིན་ནུས་པ་སྔར་བས་ཆེ་རུ་གཏོང་དགོས། ཕུལ་བྱུང་གི་སྲོལ་རྒྱུན་རིག་གནས་སྲུང་སྐྱོང་དང་བེད་སྤྱོད་ལ་དམ་འཛིན་གཏིང་ཟབ་དང་ཏན་ཏིག་བྱས་ནས་རིག་གནས་འཕེལ་རྒྱས་ཀྱི་གསར་གཏོད་ནུས་པ་སྔར་བས་ཆེ་རུ་གཏོང་དགོས། བསམ་པའི་དཔལ་ཡོན་སྲོལ་གཏོད་ཀྱི་སྤུས་འབྲས་ལེགས་གཉེར་ལ་དམ་འཛིན་གཏིང་ཟབ་དང་ཏན་ཏིག་བྱས་ཏེ་སྤྱི་ཚོགས་ཀྱི་སྲོལ་བཟང་གཏོད་ནུས་སྔར་བས་ཆེ་རུ་གཏོང་དགོས། བོད་ཀྱི་གཏམ་རྒྱུད་རྒྱལ་སྤྱིར་ཁྱབ་སྤེལ་བྱ་རྒྱུར་དམ་འཛིན་གཏིང་ཟབ་དང་ཏན་ཏིག་བྱས་ནས་ཕྱི་ཕྱོགས་སུ་སྐད་ཆ་ཤོད་དབང་སྔར་བས་ཆེ་རུ་གཏོང་དགོས། མ་ལག་ཅན་གྱི་སྒྲིག་འཛུགས་ལག་བསྟར་ལ་དམ་འཛིན་གཏིང་ཟབ་དང་ཏན་ཏིག་བྱས་ནས་སྤྱི་ཡོངས་ཀྱི་ལས་དོན་ལ་སྤྱི་འདོམས་བྱེད་ནུས་སྔར་བས་ཆེ་རུ་གཏོང་དགོས། ཡང་དག་པའི་སྲིད་དོན་ལས་རྗེས་ལྟ་བ་བརྟན་པོ་འཛུགས་པ་དང་ལག་བསྟར་བྱེད་པ་དང་། “བརྟན”དང“འཕེལ”དང་། “བདེན”དང“རྫུན” “ནང”དང“ཕྱི” “གནས”དང“ཁྱོན”བཅས་དབར་གྱི་འབྲེལ་བར་སྤྱི་འདོམས་སྟངས་འཛིན་ཡག་པོ་བྱས་ནས་ལྗོངས་ཡོངས་ཀྱི་དྲིལ་བསྒྲགས་བསམ་བློ་རིག་གནས་ལས་དོན་སྤུས་ཚད་མཐོ་བའི་འཕེལ་རྒྱས་འགྲོ་བར་ནུས་ཤུགས་ཡོད་རྒུས་སྐུལ་འདེད་གཏོང་དགོས།
འབྲེལ་ཡོད་གསར་འགྱུར།