དབུ་ཤོག>སྲིད་དོན།>སྲིད་དོན་གསར་འགྱུར།
  • ཀརྨ་ཚེ་བརྟན་གྱིས་ལྗོངས་ཡོངས་ཀྱི་དཔལ་འབྱོར་འཁོར་རྒྱུག་དབྱེ་ཞིབ་ཚོགས་འདུ་གཙོ་སྐྱོང་གནང་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2026-06-19

    ཚེས་16ཉིན། ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་དང་རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་ཀརྨ་ཚེ་བརྟན་གྱིས་ཆེད་དོན་ཚོགས་འདུ་གཙོ་སྐྱོང་གནང་ནས། ཟླ་དང་པོ་ནས་ལྔ་པའི་བར་གྱི་ལྗོངས་ཡོངས་ཀྱི་དཔལ་འབྱོར་འཁོར་རྒྱུག་གནས་ཚུལ་སྐོར་གྱི་སྙན་སེང་གསན་པ་དང་། དུས་བབ་ལ་དབྱེ་ཞིབ་དང་ཞིབ་འཇུག་བརྡར་གཅོད་བྱས་ཏེ་གོམ་སྟབས་རྗེས་མའི་ལས་དོན་གཙོ་བོ་བཀོད་སྒྲིག་གནང་བ་རེད། ཁོང་གིས། ཞི་ཅིན་ཕིང་གི་དཔལ་འབྱོར་དགོངས་པ་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱེད་པ་དང་། ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཐབས་ཇུས་བཀོད་སྒྲིག་དང་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ལས་ཀའི་བླང་བྱ་གཞིར་བཟུང་དམིགས་ཚད་ལས་འགན་གཞི་རྩར་འཛིན་པ་དང་ལས་དོན་དོན་འཁྱོལ་ལ་དམ་འཛིན་ནན་པོ་བྱས་ཏེ། ཤུགས་ཚད་དེ་བས་ཆེ་བ་དང་བྱ་ཐབས་དེ་བས་ནན་པོས་དཔལ་འབྱོར་འཁོར་རྒྱུག་བརྟན་པོ་ཐུབ་པར་སྐུལ་འདེད་བཏང་ནས་དཔལ་འབྱོར་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་དགོས་ཞེས་ནན་བཤད་གནང་བ་རེད།

    ཀརྨ་ཚེ་བརྟན་གྱིས། ལྗོངས་ཡོངས་ཀྱི་གོང་འོག་ཚང་མས་ཡིད་ཆེས་བརྟན་དུ་གཏོང་བ་དང་དཔའ་ངར་ཆེན་པོས་སྔོན་ཐོན་བརྩོན་ལེན་བྱས་ཏེ་དཔལ་འབྱོར་གྱི་ལས་དོན་ནི་ལྟེ་བའི་ལས་དོན་ཞིག་ཡིན་པ་དང་། དཔལ་འབྱོར་བརྟན་པོའི་ངང་འཕར་བར་བྱེད་པ་ནི་དཔལ་འབྱོར་གྱི་གནད་དོན་གལ་ཆེན་ཞིག་ཡིན་པ་མ་ཟད། ཆབ་སྲིད་ཀྱི་གནད་དོན་གལ་ཆེན་ཞིག་ཀྱང་ཡིན་པ་ངོས་འཛིན་གཏིང་ཟབ་བྱེད་དགོས།རྣམ་གྲངས་འཛུགས་སྐྲུན་ལ་དམ་འཛིན་ནན་པོ་བྱེད་པ་དང་། རྒྱུ་རྐྱེན་གཙོ་བོའི་འགན་ལེན་ལ་ཤུགས་སྣོན་རྒྱག་པ། ལས་ཡུན་ལྡོག་སྒྲིག་དང་ལས་རིམ་གསལ་འགོད་ཀྱིས་འགོ་བཙུགས་མེད་པའི་རྣམ་གྲངས་གང་མགྱོགས་ལས་འགོ་འཛུགས་པར་སྐུལ་འདེད་གཏོང་བ་དང་། སྐྲུན་བཞིན་པའི་རྣམ་གྲངས་གང་མགྱོགས་དོན་འཁྱོལ་བྱེད་པ། “ལོ་ལྔ་ཚན་བཅོ་ལྔ་པའི”འཆར་འགོད་ནང་གཏན་ལ་འཁེལ་བའི་རྣམ་གྲངས་གང་མགྱོགས་ལས་འགོ་འཛུགས་པ་བཅས་བྱས་ནས་མ་འཇོག་དངོས་སུ་བྱེད་ཚད་དང་དངོས་རྗས་ལས་འབོར་དེ་བས་མང་བ་བརྩོན་ལེན་བྱེད་དགོས། ཐོན་ལས་རིམ་སྤོར་ལ་འདེགས་སྐྱོར་དང་། དམངས་འཚོའི་དགོས་མཁོ་སྐོང་བ། ལས་ཞུགས་ཀྱི་ལས་གནས་རྒྱ་སྐྱེད་ལ་སྐུལ་ཁྲིད་བཅས་བྱེད་པའི་ཞབས་ཞུའི་ལས་རིགས་ཀྱི་ནུས་པ་དེ་བས་ལེགས་པའི་སྒོ་ནས་འདོན་པ་དང་། དམིགས་སའི་རང་བཞིན་གྱི་བྱེད་ཐབས་ཡུལ་བབ་དང་བསྟུན་ནས་དོན་འཁྱོལ་ཞིབ་ཚགས་བྱེད་པ། ཁོར་ཡུག་བཟང་པོ་རྒྱུན་མཐུད་གཏོད་པ་བཅས་བྱས་ནས་ཞབས་ཞུའི་ལས་རིགས་ཀྱི་ནུས་པ་ཆེར་གཏོང་དང་སྤུས་ཚད་མཐོར་གཏོང་ལ་སྐུལ་འདེད་གཏོང་དགོས། བོད་ཀྱི་ཨེ་ཤེ་ཡ་ལྷོ་མར་ཕྱོགས་པའི་བགྲོད་ལམ་གལ་ཆེན་གྱི་ས་བབ་ཀྱི་ལེགས་ཆར་གཞི་ཚུགས་ཏེ་དཔལ་འབྱོར་འཕར་བའི་གཏིང་ཤུགས་སྔོག་འདོན་བྱེད་པ་དང་། འགག་སྒོ་སྒྲོལ་བའི་ལས་ཕྱོད་ཆེ་རུ་གཏོང་བ། ཕྱི་ཕྱོགས་ཚོང་དོན་བརྟན་པོའི་ངང་བསྐྱར་འཕར་ཡོང་བར་སྐུལ་འདེད་གཏོང་བ་བཅས་བྱས་ཏེ་ཚོང་དོན་རང་མོས་ཅན་དང་སྟབས་བདེ་ཅན་གྱི་ཆུ་ཚད་རྒྱུན་ཆད་མེད་པར་མཐོ་རུ་གཏོང་དགོས། ཁོངས་གཏོགས་ས་ཆའི་འགན་འཁྲི་དང་། བྱེད་པོའི་འགན་འཁྲི། ལས་རིགས་ཀྱི་འགན་འཁྲི་བཅས་ནན་དུ་གཏོང་བ་དང་། དཔལ་འབྱོར་འཁོར་སྐྱོད་ཀྱི་ལྟ་ཞིབ་ཚད་ལེན་དང་ཉེན་ཟོན་སྔོན་བརྡ་གཏོང་སྲོལ་འཐུས་སྒོ་ཚང་དུ་གཏོང་བ། དུས་བཀག་ལྟར་སྙན་སེང་ཞུ་བའི་ལམ་ལུགས་འཛུགས་པ་བཅས་བྱས་ཏེ་ཉེན་ཁའི་མངོན་མེད་རྐྱེན་ངན་ནུས་ལྡན་ངང་འགོག་སེལ་བྱེད་དགོས། བསྡོམས་རྩིས་ཀྱི་ཞིབ་རྩིས་བྱེད་ཁོངས་སུ་གྲངས་གཞི་འཇུག་པའི་ལས་དོན་ཁྲིམས་བསྟུན་སྒྲིག་བསྟུན་དང་དངོས་ཐོག་བདེན་འཚོལ་གྱིས་སྤེལ་ནས་སྙན་སེང་ཞུ་དགོས་རིགས་ཚང་མ་ཞུ་བ་དང་། གྲངས་གཞིར་འཇུག་དགོས་རིགས་ཚང་མ་འཇུག་པ། བསྡོམས་རྩིས་རྒྱག་དགོས་རིགས་ཚང་མ་རྒྱག་པ་བཅས་བྱེད་ཐུབ་པའི་འགན་ལེན་གྱིས་དཔལ་འབྱོར་འཕེལ་རྒྱས་ཀྱི་རྣམ་པ་ཕྱོགས་ཡོངས་དང་ཇི་མ་ཇི་བཞིན་མཚོན་པར་བྱེད་དགོས་ཞེས་གསུངས་པ་རེད།

    ཀརྨ་ཚེ་བརྟན་གྱིས་དཔལ་འབྱོར་གྲོང་ཁྱེར་ཆེན་པོས་ལྕི་འགན་འཁུར་ཕོད་པ་བྱས་ནས་དཔལ་འབྱོར་བརྟན་པོའི་ངང་འཕར་བ་དང་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་ཆབ་སྲིད་ཀྱི་འགན་འཁྲི་མཐའ་གཅིག་ཏུ་ཁུར་བ་དང་། ཡང་དག་པའི་སྲིད་དོན་ལས་རྗེས་ལྟ་བ་བརྟན་པོ་འཛུགས་པ་དང་ལག་ལེན་བསྟར་བ། སྤུས་ཚད་མཐོ་བའི་འཕེལ་རྒྱས་དང་ཆུ་ཚད་མཐོ་བའི་བདེ་འཇགས་ལ་དེ་བས་ལེགས་པའི་སྒོ་ནས་སྤྱི་འདོམས་བྱེད་པ། གནད་དོན་ཕྱོགས་སྟོན་དུ་འཛིན་རྒྱུ་དང་དམིགས་ཚད་ཕྱོགས་སྟོན་དུ་འཛིན་རྒྱུ་མཐའ་འཁྱོངས་བྱེད་པ། གཙོ་གནད་ཁྱབ་ཁོངས་དང་ཆད་སྐྱོན་དང་ཞན་ཆར་དམིགས་པ། གོང་འོག་མཐུན་སྦྱོར་དང་ཁུལ་ཁོངས་མཉམ་འགུལ་ལ་ཤུགས་སྣོན་རྒྱག་པ། ལས་དོན་བློ་ཁོག་ཆེན་པོས་སྒྲུབ་པ་དང་དམ་འཛིན་ནན་ཏན་བྱེད་པ། སྲིད་ཇུས་དང་བྱ་ཐབས་ཁག་དོན་འཁྱོལ་གནད་སྨིན་ནུས་ལྡན་བྱེད་པ། ལོ་ཕྱེད་ནང་ལོ་ཧྲིལ་པོའི་ལས་འགན་གྱི་ཕྱེད་ཀ་ནུས་ཤུགས་ཡོད་རྒུས་འགྲུབ་ཐུབ་པ་བཅས་བྱས་ནས། ལོ་ཧྲིལ་པོའི་དམིགས་ཚད་ལས་འགན་ལེགས་གྲུབ་ཡོང་བར་རྨང་གཞི་བརྟན་པོ་ཞིག་འདིང་དགོས་ཞེས་ནན་བཤད་གནང་བ་རེད།

    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཆོས་སྒྲོན།

འབྲེལ་ཡོད་གསར་འགྱུར།