རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་གྱིས་གཞི་རིམ་ཁྲིམས་འཛུགས་འབྲེལ་གཏུག་ས་ཚིགས་དང་ལྟ་ཞིབ་ས་ཚིགས་ལས་དོན་གྱི་ཆེད་དོན་ཚོགས་འདུ་འཚོགས་པ།
ཚེས་17ཉིན། རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་གྱིས་གཞི་རིམ་ཁྲིམས་འཛུགས་འབྲེལ་གཏུག་ས་ཚིགས་དང་ལྟ་ཞིབ་ས་ཚིགས་ལས་དོན་གྱི་ཆེད་དོན་ཚོགས་འདུ་འཚོགས་ནས་གཞི་རིམ་ཁྲིམས་འཛུགས་འབྲེལ་གཏུག་ས་ཚིགས་དང་ལྟ་ཞིབ་ས་ཚིགས་ཀྱི་ལས་དོན་སྤེལ་ཚུལ་གྱི་སྙན་སེང་ཉན་པ་དང་། འབྲེལ་ཡོད་ལམ་ལུགས་དང་ལམ་སྲོལ་ལ་ཞིབ་འཇུག་བྱས་པ་མ་ཟད། གོམ་སྟབས་རྗེས་མའི་ལས་དོན་བཀོད་སྒྲིག་བྱས་པ་རེད།
རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་གྱི་ཏང་ཙུའི་ཧྲུའུ་ཅི་གཞོན་པ་དང་ཀྲུའུ་རེན་གཞོན་པ་ཤའོ་ཡིའུ་ཚའེ་ཡིས་ཚོགས་འདུ་གཙོ་སྐྱོང་དང་གསུང་བཤད་གནང་བ་རེད།
ཚོགས་འདུའི་ཐོག་ནན་བཤད་བྱས་དོན། འབྲེལ་ཡོད་ཆེད་དོན་ལས་དོན་ཨུ་ལྷན་ཁག་གིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མི་དམངས་འཐུས་མི་ཚོགས་ཆེན་ལམ་ལུགས་མཐའ་འཁྱོངས་དང་འཐུས་སྒོ་ཚང་དུ་གཏོང་བའི་སྐོར་གྱི་དགོངས་པ་གལ་ཆེན་སློབ་སྦྱོང་ལག་བསྟར་གཏིང་ཟབ་བྱས་ཏེ། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཐབས་ཇུས་བཀོད་སྒྲིག་ལ་དམ་པོར་དམིགས་པ་དང་། རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་གྱི་ལས་དོན་བླང་བྱ་དོན་འཁྱོལ་ནན་ཏན་བྱེད་པ། འབྲེལ་གཏུག་ས་ཚིགས་དང་ལྟ་ཞིབ་ས་ཚིགས་ཀྱི་འགན་ནུས་ངེས་གནས་ཁོང་དུ་ཡང་དག་ཆུད་པ། ལམ་ལུགས་མགྱོགས་མྱུར་འཐུས་སྒོ་ཚང་དུ་གཏོང་བ་བཅས་བྱས་ནས། ལས་དོན་ཁག་ཚད་ལྡན་གོ་རིམ་ལྡན་པ་དང་འཁོར་སྐྱོད་ནུས་ཆེ་ཡོང་བའི་འགན་ལེན་བྱེད་དགོས། ལས་དོན་ཁག་ལ་སྐུལ་འདེད་ཧུར་ཐག་གཏོང་བ་དང་། ཆ་འཕྲིན་འཚོལ་བསྡུ་དང་དབྱེ་ཞིབ་མཐའ་དཔྱོད་ཏན་ཏིག་བྱེད་པ། གྲུབ་འབྲས་བེད་སྤྱོད་བྱེད་ཤུགས་ཆེ་རུ་གཏོང་བ། ཁྲིམས་འཛུགས་དང་ལྟ་སྐུལ་ལས་དོན་གྱི་ཆུ་ཚད་རྒྱུན་ཆད་མེད་པར་མཐོ་རུ་གཏོང་བ་བཅས་བྱས་ཏེ། འབྲེལ་གཏུག་ས་ཚིགས་དང་ལྟ་ཞིབ་ས་ཚིགས་དེ་ཉིད་ཉེན་ཁ་ཤེས་ཚོར་དང་། དམངས་འདོད་གསལ་སྟོན། སྲིད་དོན་ལས་རྗེས་ཞིབ་དཔྱད། དམངས་གྲོས་གཅིག་འདུས་བཅས་ཀྱི་གཞི་རྟེན་གལ་ཆེན་ཞིག་ཏུ་ཏན་ཏིག་སྐྲུན་དགོས།
འབྲེལ་ཡོད་གསར་འགྱུར།