ཝང་ཅུན་ཀྲེང་གིས་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཏང་འཛུགས་སྐྱོང་ལས་དོན་འགོ་ཁྲིད་ཚོགས་ཆུང་གི་ཚོགས་འདུ་གཙོ་སྐྱོང་གནང་བ།
● ཡང་དག་པའི་སྲིད་དོན་ལས་རྗེས་ལྟ་བ་བརྟན་པོ་འཛུགས་པ་དང་ལག་ལེན་བསྟར་ནས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་བོད་གསར་འཛུགས་སྐྲུན་ལ་སྐུལ་འདེད་ཧུར་ཐག་བཏང་སྟེ། མི་རིགས་ཁག་གི་མང་ཚོགས་ཀྱི་ཐོབ་སྣང་དང་། སྐྱིད་སྣང་། བདེ་འཇགས་ཚོར་སྣང་བཅས་རྒྱུན་ཆད་མེད་པར་ཆེ་རུ་གཏོང་དགོས།
ཉེ་ཆར། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་ཝང་ཅུན་ཀྲེང་གིས་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཏང་འཛུགས་སྐྱོང་ལས་དོན་འགོ་ཁྲིད་ཚོགས་ཆུང་གི་ཚོགས་འདུ་གཙོ་སྐྱོང་གནང་ནས། ཀྲུང་དབྱང་གི་ཏང་འཛུགས་སྐྱོང་ལས་དོན་འགོ་ཁྲིད་ཚོགས་ཆུང་གི་ཚོགས་འདུ་དང་ཡང་དག་པའི་སྲིད་དོན་ལས་རྗེས་ལྟ་བ་འཛུགས་པ་དང་ལག་ལེན་བསྟར་བའི་སློབ་སྦྱོང་སློབ་གསོའི་ཀྲུང་དབྱང་མཛུབ་ཁྲིད་ཚོགས་ཆུང་གི་ལས་དོན་བཞུགས་མོལ་ཚོགས་འདུ་དང་ཀྲུང་དབྱང་མཛུབ་ཁྲིད་ཚོགས་ཆུང་མུ་མཐུད་མངགས་ནས་གསོ་སྦྱོང་བྱེད་པའི་ཚོགས་འདུའི་དགོངས་དོན་བརྒྱུད་བསྒྲགས་དང་སློབ་སྦྱོང་ནན་ཏན་གནང་བ་དང་། འབྲེལ་ཡོད་ལས་དོན་བཀོད་སྒྲིག་གནང་བ་རེད། ཁོང་གིས་ནན་བཤད་གནང་དོན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱས་ཏེ། ཡང་དག་པའི་སྲིད་དོན་ལས་རྗེས་ལྟ་བ་བརྟན་པོ་འཛུགས་པ་དང་ལག་ལེན་བསྟར་ནས། སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་བོད་གསར་འཛུགས་སྐྲུན་ལ་སྐུལ་འདེད་ཧུར་ཐག་བཏང་སྟེ་མི་རིགས་ཁག་གི་མང་ཚོགས་ཀྱི་ཐོབ་སྣང་དང་། སྐྱིད་སྣང་། བདེ་འཇགས་ཚོར་སྣང་བཅས་རྒྱུན་ཆད་མེད་པར་ཆེ་རུ་གཏོང་དགོས།
ཝང་ཅུན་ཀྲེང་གིས་བསྟན་དོན། ཡང་དག་པའི་སྲིད་དོན་ལས་རྗེས་ལྟ་བ་འཛུགས་པ་དང་ལག་ལེན་བསྟར་བའི་སློབ་སྦྱོང་སློབ་གསོ་སྤེལ་རྒྱུ་ནི་ད་ལོའི་ཏང་འཛུགས་སྐྱོང་གི་ལས་འགན་གལ་ཆེན་ཞིག་རེད། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་སྲིད་དོན་ལས་རྗེས་ལྟ་བའི་གནད་དོན་ལ་ཚད་མཐོའི་མཐོང་ཆེན་གནང་ནས། ཡང་དག་པའི་སྲིད་དོན་ལས་རྗེས་ལྟ་བ་འཛུགས་པ་དང་ལག་ལེན་བསྟར་རྒྱུར་དམིགས་ཏེ་གསུང་བཤད་གལ་ཆེན་དང་མཛུབ་སྟོན་དང་མཆན་བཀོད་མཛུབ་སྟོན་གལ་ཆེན་ཐེངས་མང་གནང་ནས། སློབ་སྦྱོང་སློབ་གསོ་སྤེལ་བར་མདུན་སྐྱོད་ཀྱི་ཁ་ཕྱོགས་གསལ་སྟོན་དང་རྩ་བའི་གཞི་འཛིན་ས་མཁོ་འདོན་གནང་ཡོད། ལྗོངས་ཡོངས་ཀྱི་རིམ་ཁག་སྡེ་ཚན་ཁག་གིས“གཏན་འཁེལ་གཉིས”ལ་བརྩི་བཀུར་མཐའ་གཅིག་ཏུ་ཞུ་བ་དང“སྲུང་སྐྱོང་གཉིས”མཐའ་གཅིག་ཏུ་ཐུབ་པར་བྱེད་པའི་ཆབ་སྲིད་ཀྱི་མཐོ་ཚད་ནས“དོ་དོ་ནན་ནན་དང་ཏན་ཏན་ཏིག་ཏིག་གསུམ”སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་ལག་བསྟར་དོན་འཁྱོལ་ནན་ཏན་བྱས་ཏེ་བསམ་བློའི་ངོས་འཛིན་མཐོ་རུ་གཏོང་བ་དང་། སློབ་སྦྱོང་གཏིང་ཟབ་དང་གོ་བ་ཞིབ་ཕྲ་ལེན་པ། ལྷག་བསམ་རྣམ་དག་དང་དོན་ཐོག་ལ་འཁྱོལ་བ་བཅས་ལ་དམིགས་ནས། ཡང་དག་པའི་སྲིད་དོན་ལས་རྗེས་ལྟ་བ་འཛུགས་པ་དང་ལག་ལེན་བསྟར་བའི་བསམ་བློའི་རང་རྟོགས་དང་བྱ་སྤྱོད་ཀྱི་རང་རྟོགས་སྔར་བས་ཆེ་རུ་གཏོང་དགོས། དངོས་བཤེར་དངོས་བཅོས་དང་། དངོས་འཛིན་བཙན་འཐབ། དངོས་སུ་ལག་ལེན་བསྟར་བ་བཅས་ལ་དམིགས་ནས། གནད་དོན་དག་ཐེར་མཐར་ཕྱིན་པ་བྱེད་དགོས། དཔོན་གསར་གྱིས་དཔོན་རྙིང་གི་ལས་གཞུག་མི་སྐྱོང་བའི་མངོན་གསལ་དོད་པའི་གནད་དོན་གཅིག་སྡུད་བཅོས་སྒྲིག་བྱ་རྒྱུར་དམིགས་ནས། དངོས་ཐོག་བདེན་འཚོལ་མཐའ་འཁྱོངས་དང་འགག་སྒྲོལ་བྱེད་ཤུགས་ཆེ་རུ་བཏང་སྟེ་མང་ཚོགས་ཀྱིས་འགྱུར་ལྡོག་མཐོང་ཐུབ་པ་དང་ཕན་པ་དངོས་ཐོབ་པར་བྱེད་དགོས། ལམ་ལུགས་དང་སྒྲིག་ལམ་ཡག་པོ་འཛུགས་པར་དམིགས་ནས། རྒྱུན་རྣམ་གྱི་ཕུགས་ཕན་ལམ་སྲོལ་འཐུས་ཚང་དུ་གཏོང་བ་དང་ལམ་ལུགས་ལག་བསྟར་ནན་པོ་བྱ་རྒྱུར་ཤུགས་སྣོན་རྒྱག་དགོས། འགན་འཁྲི་དམ་ནན་དུ་གཏོང་བར་དམིགས་ནས། སློབ་སྦྱོང་དང་། ཞིབ་བཤེར། དག་ཐེར་བཅས་ལ་སྡེབ་གཅིག་ཏུ་སྐུལ་འདེད་བཏང་སྟེ་སློབ་སྦྱོང་སློབ་གསོ་སྤེལ་བ་དང་ལྟེ་བའི་ལས་དོན་ལ་སྐུལ་འདེད་གཏོང་བ་ཟུང་འབྲེལ་བྱས་ནས་སློབ་སྦྱོང་སློབ་གསོར་ཕན་འབྲས་དངོས་ཐོན་རྒྱུར་སྐུལ་འདེད་བཏང་ཐོག་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་དང་ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་ཇི་མ་ཇི་བཞིན་དོན་ཐོག་ཏུ་འཁྱོལ་བའི་འགན་ལེན་བྱེད་དགོས།
ཝང་ཅུན་ཀྲེང་གིས་ནན་བཤད་གནང་དོན། ཚད་གཞི་ནན་པོ་དང་བྱ་ཐབས་ཏན་ཏིག་ལ་བརྟེན་ནས་སློབ་སྦྱོང་སློབ་གསོ་གཏིང་ཟབ་དང་ཏན་ཏིག་སྤེལ་རྒྱུར་སྐུལ་འདེད་གཏོང་དགོས། ཚད་གཞི་དེ་བས་མཐོ་བ་མགོ་ནས་མཇུག་བར་ཁྱབ་རྒྱུ་མཐའ་འཁྱོངས་ཀྱིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་དང་གོ་བ་གཏིང་ཟབ་ལེན་པ་དང་། “སྤྱི་དོན་དུ་ཏང་འཛུགས་པ་དང་། དམངས་ལ་བདེ་སྐྱིད་སྐྲུན་པ། ཚན་རིག་དང་མཐུན་པའི་ཐབས་ཇུས་འགོད་པ། དངོས་འཛིན་དངོས་སྒྲུབ”བཅས་ཀྱི་སྤྱིའི་བླང་བྱ་ཕྱོགས་ཡོངས་ནས་ལག་བསྟར་བྱེད་པ། ཤེས་སྦྱོར་གཅིག་མཐུན་དང་སྦྱངས་པ་གོ་ཆོད་ཡོང་བ་བཅས་བྱས་ཏེ་སློབ་སྦྱོང་གི་གྲུབ་འབྲས་དེ་བོད་ཡུན་རིང་བདེ་འཁོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་མཉམ་ཤུགས་ཆེན་པོར་འགྱུར་བ་བྱེད་དགོས། བླང་བྱ་ནན་པོ་མགོ་ནས་མཇུག་བར་ཁྱབ་རྒྱུ་མཐའ་འཁྱོངས་བྱས་ཏེ་དཔེ་སྟོན་སྣེ་ཁྲིད་དང་ཉེན་བརྡའི་སློབ་གསོར་ཤུགས་སྣོན་རྒྱག་པ་དང་། དཔོན་གསར་གྱིས་དཔོན་རྙིང་གི་ལས་གཞུག་མི་སྐྱོང་བ་སོགས་ཀྱི་མངོན་གསལ་དོད་པའི་གནད་དོན་གཅིག་སྡུད་བཅོས་སྒྲིག་བྱེད་པ། གནད་དོན་གྱི་འབྱུང་རྩ་ཡང་དག་འཚོལ་བ། དག་ཐེར་བཅོས་སྒྲིག་ལ་ཤུགས་སྣོན་རྒྱག་པ་བཅས་བྱས་ནས་དམིགས་སའི་རང་བཞིན་དང་དངོས་ཕན་རང་བཞིན་ཆེ་རུ་ཏན་ཏིག་གཏོང་དགོས། ཡང་དག་པའི་སྤྱོད་ཚུལ་མགོ་ནས་མཇུག་བར་ཁྱབ་རྒྱུ་མཐའ་འཁྱོངས་དང་། མཐའ་དག་དོན་དངོས་དང་ཟུང་འབྲེལ་མཐའ་འཁྱོངས་ཀྱིས“མིག་སྔར་བཅོས་པ”དང“ཡུན་རིང་འཛུགས་པ”ཟུང་འབྲེལ་བྱས་ཏེ་གནས་ཚུལ་གསར་པར་ཞིབ་འཇུག་ཧུར་ཐག་དང་གནད་དོན་གསར་པ་རང་འགུལ་ངང་ཐག་གཅོད་བྱས་ནས་དུས་བབ་གསར་པའི་འོག་ཚན་རིག་དང་མཐུན་ལ་ཕན་ནུས་ལྡན་པའི་ལས་ཀའི་ལམ་སྲོལ་ཟམ་མི་ཆད་པར་འཚོལ་ཞིབ་བྱས་ཏེ་ཕྱི་ཚུལ་རིང་ལུགས་དང་དཔོན་ཉམས་རིང་ལུགས་སྤོང་དགོས།
ཝང་ཅུན་ཀྲེང་གིས་ནན་བཤད་གནང་དོན། རྩ་འཛུགས་ཀྱི་འགོ་ཁྲིད་ལ་ཤུགས་སྣོན་བརྒྱབ་ནས་སློབ་སྦྱོང་སློབ་གསོར་ཕན་འབྲས་དངོས་ཐོན་པའི་འགན་ལེན་བྱེད་དགོས། ལས་ཀའི་འགན་འཁྲི་ནན་དུ་གཏོང་བར་རིམ་ཁག་ཏང་ཨུད(ཏང་ཙུའུ)ཀྱིས་བྱེད་པོའི་འགན་འཁྲི་ལག་བསྟར་བྱེད་པ་དང་རང་འགུལ་ངང་འགན་འཁྲི་གཙང་སྒྲུབ་བྱས་ཏེ་སློབ་སྦྱོང་སློབ་གསོ་སེམས་ནང་འཇོག་པ་དང་། དུས་རྒྱུན་ནས་དམ་འཛིན་བྱེད་པ། ལས་ཀའི་ཞིབ་ཆར་དོན་འཁྱོལ་བཅས་བྱེད་དགོས། ལས་བྱེད་པའི་དཔུང་ཁག་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་པ་དང་། ཡང་དག་པའི་མི་སྣ་འདེམས་སྤྱོད་ཀྱི་སྟོན་ཕྱོགས་མཐའ་འཁྱོངས་བྱེད་པ། འཇོན་ཐང་ལ་གཞིགས་ནས་ལས་བྱེད་པ་བཀོལ་སྤྱོད་དང་ལས་རྗེས་ལ་གཞིགས་ནས་གདེང་འཇོག་བྱེད་པ། ཚན་ཁག་ལ་དམ་འཛིན་ཡག་པོ་དང་དཔུང་ཁག་ལ་སྣེ་ཁྲིད་ཡག་པོ་བྱེད་པ། སློབ་གསོའི་ལྟ་སྐུལ་དོ་དམ་ལ་ཤུགས་སྣོན་རྒྱག་པ། དཔྱད་ཞིབ་གདེང་འཇོག་མ་ལག་ལེགས་སུ་གཏོང་བ། ལས་བྱེད་པར་འགན་འཁྲི་འཁུར་བ་དང་བྱས་རྗེས་འཇོག་རྒྱུར་ལྕག་སྐུལ་བྱེད་པ། སྤྱོད་ཚུལ་ལེགས་གཏོང་དང་དོན་འཁྱོལ་ལ་དམ་འཛིན་ནན་པོ་བཅས་བྱས་ནས་རང་རྟོགས་ངང་མི་དམངས་ཀྱི་ཆེད་དུ་སྲིད་དོན་ལས་རྗེས་འཇོག་པ་དང་དངོས་སྒྲུབ་ལ་བརྟེན་ནས་སྲིད་དོན་ལས་རྗེས་འཇོག་དགོས། ལྟ་སྐུལ་མཛུབ་ཁྲིད་ནན་པོ་མཐའ་འཁྱོངས་ཀྱིས་དམངས་འཚོ་ལེགས་གཏོང་དང་མི་སེམས་གཅིག་སྒྲིལ་བྱ་རྒྱུ་དེ་ལས་དོན་གྱི་འགོ་འཛུགས་ས་དང་དོན་ལ་བབས་སར་བརྩིས་ནས་འཐབ་ཕྱོགས་དང་པོར་བསྐྱོད་པ་དང་མང་ཚོགས་ཁྲོད་བསྐྱོད་དེ་མང་ཚོགས་ཉེ་འགྲམ་གྱི་དོན་ཆུང་རིམ་ཁག་ཏང་ཨུད་དང་སྲིད་གཞུང་གི་དོན་ཆེན་ལ་བརྩིས་ནས་དམ་འཛིན་བྱེད་པ་དང་། མང་ཚོགས་ཀྱི་འཚོ་བར་སེམས་ཁུར་བྱེད་པ། ལས་ཀའི་བྱེད་ཐབས་ལེགས་སུ་གཏོང་བ། གྱོད་གཞིར་བརྟེན་ནས་སྒྱུར་བཅོས་ལ་སྐུལ་འདེད་དང་གྱོད་གཞིར་བརྟེན་ནས་བཅོས་སྐྱོང་ལ་སྐུལ་འདེད་གཏིང་ཟབ་གཏོང་བ་བཅས་བྱས་ཏེ་མི་རིགས་ཁག་གི་མང་ཚོགས་ཀྱིས་འགྱུར་ལྡོག་གསར་པ་དང་ཕན་འབྲས་དངོས་ཚོར་བ་བྱེད་དགོས། གླེང་ཕྱོགས་ཀྱི་ཁྲིད་སྟོན་ལ་ཤུགས་སྣོན་བརྒྱབ་ནས་སློབ་སྦྱོང་སློབ་གསོའི་འཕེལ་རིམ་ཕན་འབྲས་དང་ཉམས་མྱོང་བྱེད་ཐབས་དྲིལ་བསྒྲགས་བྱས་ཏེ་རྣམ་པ་བཟང་པོ་ཧུར་ཐག་གཏོད་དགོས།
འབྲེལ་ཡོད་གསར་འགྱུར།