དབུ་ཤོག>སྲིད་དོན།>སྲིད་དོན་གསར་འགྱུར།
  • རང་སྐྱོང་ལྗོངས་ཀྱིས་ཡང་དག་པའི་སྲིད་དོན་ལས་རྗེས་ལྟ་བ་འཛུགས་པ་དང་ལག་བསྟར་གྱི་སློབ་སྦྱོང་སློབ་གསོའི་ལྟ་སྐུལ་མཛུབ་ཁྲིད་ཚོགས་ཆུང་གི་ལས་དོན་བཞུགས་མོལ་ཚོགས་འདུ་དང་རང་སྐྱོང་ལྗོངས་ལྟ་སྐུལ་མཛུབ་ཁྲིད་ཚོགས་ཆུང་མུ་མཐུད་མངགས་གཏོང་གི་གསོ་སྦྱོང་ཚོགས་འདུ་འཚོགས་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |     སྤེལ་དུས།  2026-06-17

    ཚེས་12ཉིན། རང་སྐྱོང་ལྗོངས་ཀྱིས་ཡང་དག་པའི་སྲིད་དོན་ལས་རྗེས་ལྟ་བ་འཛུགས་པ་དང་ལག་བསྟར་གྱི་སློབ་སྦྱོང་སློབ་གསོའི་ལྟ་སྐུལ་མཛུབ་ཁྲིད་ཚོགས་ཆུང་གི་ལས་དོན་བཞུགས་མོལ་ཚོགས་འདུ་དང་རང་སྐྱོང་ལྗོངས་ལྟ་སྐུལ་མཛུབ་ཁྲིད་ཚོགས་ཆུང་མུ་མཐུད་མངགས་རྒྱུའི་གསོ་སྦྱོང་ཚོགས་འདུ་འཚོགས་ཏེ་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱས་པ་དང་། མུ་མཐུད་མངགས་པའི་རང་སྐྱོང་ལྗོངས་ལྟ་སྐུལ་མཛུབ་ཁྲིད་ཚོགས་ཆུང་ལ་གསོ་སྦྱོང་དང་གོམ་སྟབས་རྗེས་མའི་མཛུབ་ཁྲིད་དང་ལྟ་སྐུལ་མཛུབ་ཁྲིད་ཀྱི་ལས་དོན་ལ་ཞིབ་འཇུག་དང་བཀོད་སྒྲིག་བྱས་ཡོད། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་རྒྱུན་ཨུ་དང་རྩ་འཛུགས་པུའི་པུའུ་ཀྲང་ལའེ་ཅའོ་ཚོགས་འདུར་ཞུགས་པ་དང་འབྲེལ་གསུང་བཤད་ཀྱང་གནང་བ་རེད།

    ལའེ་ཅའོ་ཡིས་ནན་བཤད་གནང་དོན། ལྟ་སྐུལ་མཛུབ་ཁྲིད་ཚོགས་ཆུང་ཁག་གིས་བསམ་བློའི་ངོས་འཛིན་མཐོ་རུ་གཏོང་བར་དམིགས་ནས་སློབ་སྦྱོང་ཟབ་གཏོང་དང་། ཏང་གཤིས་ཆེར་གཏོང་། དད་མོས་དོན་འཁྱོལ་བཅས་ཀྱི་ཐད་རྒྱུན་མཐུད་གཞོལ་བར་སྐུལ་འདེད་གཏོང་དགོས། དངོས་བཤེར་དག་ཐེར་ལ་དམིགས་ནས་དངོས་འཛིན་བཙན་འཐབ་ལ་སྐུལ་འདེད་ཀྱིས་ཞིབ་བཤེར་དང་དག་ཐེར་གྱི་ལས་དོན་ལ་སྐུལ་འདེད་གཏོང་དགོས། གཅིག་སྡུད་བཅོས་སྒྲིག་ལ་དམིཌ་ཏེ་མངོན་གསལ་དོད་པའི་གནད་དོན་ལ་གཞིཌ་ནས་འབེན་གཏད་ཤུགས་སྣོན་དང་གནད་སྨིན་ཇུས་བསྟར་ལ་སྐུལ་འདེད་བཏང་སྟེ་ལག་ལེན་ལ་ཕན་འབྲས་ཐོན་པར་བྱེད་དགོས། ལམ་ལུགས་དང་སྒྲིག་ལམ་ཡག་པོ་འཛུགས་པར་དམིགས་ནས་ལམ་ལུཌ་ལམ་སྲོལ་ཚད་ལྡན་དུ་གཏོང་བར་སྐུལ་འདེད་དང་ལམ་ལུགས་ཀྱི་བཙན་ཐབས་ལག་བསྟར་བྱེད་ཤུགས་ཆེ་རུ་གཏོང་དགོས། འགན་འཁྲི་ནན་དུ་གཏོང་བར་དམིགས་ཏེ་ལྟ་སྐུལ་མཛུབ་ཁྲིད་བྱ་ཡུལ་ས་གནས་དང་ཚན་པའི་ཏང་ཨུད(ཏང་ཙུའུ)ཀྱིས་སློབ་སྦྱོང་སློབ་གསོ་དེ་ལྟེ་བའི་ལས་དོན་ལ་སྐུལ་མ་གཏོང་བ་དང་ཟུང་འབྲེལ་ལ་སྐུལ་འདེད་གཏོང་བ་དང་། “སྤྱི་དོན་དུ་ཏང་འཛུགས་པ་དང་། དམངས་ལ་ཕན་བདེ་སྐྲུན་པ། ཚན་རིག་དང་མཐུན་པའི་ཇུས་འགོད། དམ་འཛིན་དངོས་སྒྲུབ”ཀྱི་སྤྱིའི་བླང་བྱ་ལག་ལེན་ནན་ཏན་བཅས་བྱས་ཏེ། དངོས་སྒྲུབ་འགན་ཁུར་ལ་བརྟེན་ནས“ལོ་ལྔ་ཚན་བཅོ་ལྔ་པའི”འགོ་ཡག་པོ་འཛུགས་པ་དང་གོམ་པ་ཡག་པོ་སྤོ་ཐུབ་པ་འགན་ལེན་གྱིས་ཀྲུང་གོའི་ལུཌ་ཀྱི་དེང་རབས་ཅན་གྱི་བོད་ཀྱི་ལག་ལེན་གྱི་ལེའུ་གསར་པ་རྩོམ་དགོས།

    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།

འབྲེལ་ཡོད་གསར་འགྱུར།