ཡན་ཅིན་ཧའེ་ཡིས་རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་གྱི་ཏང་ཙུའི་ཚོགས་འདུ(རྒྱ་ཆེ)གཙོ་སྐྱོང་གནང་བ།
ཚེས་12ཉིན་གྱི་སྔ་དྲོར། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་དང་། རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་གྱི་ཏང་ཙུའི་ཧྲུའུ་ཅི། ཀྲུའུ་རེན་བཅས་ཡིན་པའི་ཡན་ཅིན་ཧའེ་ཡིས་རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་གྱི་ཏང་ཙུའི་ཚོགས་འདུ(རྒྱ་ཆེ)གཙོ་སྐྱོང་གནང་ནས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་ཉེ་དུས་ཀྱི་གསུང་བཤད་གལ་ཆེན་དང་། རྩོམ་ཡིག་གལ་ཆེན། འཕྲིན་ལན་གལ་ཆེན་བཅས་ཀྱི་དགོངས་དོན་བརྒྱུད་བསྒྲགས་དང་སློབ་སྦྱོང་གནང་བ་དང་། ཏང་ཀྲུང་དབྱང་གི་ཚོགས་འདུ་གལ་ཆེན་དང་། ཡིག་ཆ་གལ་ཆེན་གྱི་དགོངས་དོན། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་འབྲེལ་ཡོད་ཚོགས་འདུ་དང་ཡིག་ཆའི་དགོངས་དོན་བཅས་སློབ་སྦྱོང་གནང་བ། གྲོང་གསེབ་ཀྱི་ཡུལ་མིའི་ཡོང་འབབ་དང་། སྤྱི་ཚོགས་བརྟན་ལྷིང་། དཔལ་འབྱོར་འཁོར་རྒྱུག་དུས་བབ་བཅས་ཐད་ཀྱི་མི་དམངས་འཐུས་ཚོགས་ཀྱི་ལྟ་ཞིབ་བྱ་ཡུལ་འཁོར་རྒྱུག་གནས་ཚུལ་གྱི་སྙན་སེང་གསན་པ་དང་། དོན་འཁྱོལ་ལས་དོན་ལ་ཞིབ་འཇུག་དང་བཀོད་སྒྲིག་གནང་བ་རེད།
ཡན་ཅིན་ཧའེ་ཡིས་ནན་བཤད་གནང་དོན། ཐོན་ལས་འཕེལ་རྒྱས་ལ་དམིགས་ནས་འགག་སྒྲོལ་ཐད་སྟོབས་ཤུགས་གཅིག་ཏུ་སྒྲིལ་དགོས། རང་སྐྱོང་ལྗོངས་ཏང་ཨུད་ཀྱི“ཐོན་ལས་ཆེན་པོ་དགུའི”བཀོད་ཇུས་ལ་དམ་པོར་དམིགས་ནས། ཁྲིམས་འཛུགས་ཀྱི་དགོས་མཁོར་སྔོན་ཚུད་ནས་བརྟག་ཞིབ་བྱེད་པ་དང་། ད་ལྟ་ལག་བསྟར་བྱེད་བཞིན་པའི་ས་གནས་རང་བཞིན་གྱི་ཁྲིམས་སྲོལ་ཁྲོད་ཀྱི་འབྱུང་འགྱུར་གྱི་ཐོན་ལས་འཕེལ་རྒྱས་དང་མི་འཚམ་པའི་དོན་ཚན་དུས་ཐོག་ཏུ་གསེད་བཀྲོལ་དང་བཟོ་བཅོས་རྒྱག་དགོས། ལས་ཁུངས་འཛུགས་སྐྱོང་ལ་དམིགས་ནས་སྟོབས་ཤུགས་གཅིག་སྒྲིལ་དང་སྔོན་ཐོན་བརྩོན་ལེན་བྱེད་དགོས། ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་དང་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ལས་དོན་བཀོད་སྒྲིག་སློབ་སྦྱོང་དང་ལག་བསྟར་ནན་ཏན་བྱས་ནས་ཧྲུའུ་ཅི་ཝང་ཅུན་ཀྲེང་གི་གསུང་བཤད་ཀྱི་བླང་བྱ་གཞིར་བཟུང་། སྦྱོང་བཤེར་བཅོས་གསུམ་ལ་གཞི་གཅིག་ཏུ་སྐུལ་འདེད་གཏོང་རྒྱུ་མཐའ་འཁྱོངས་དང་ཡང་དག་པའི་སྲིད་དོན་ལས་རྗེས་ལྟ་བ་འཛུགས་པ་དང་ལག་བསྟར་བྱེད་པའི་སློབ་སྦྱོང་སློབ་གསོ་རྒྱུན་མཐུད་གཏིང་ཟབ་སྤེལ་ནས་དཔོན་གསར་གྱིས་དཔོན་རྙིང་གི་ལས་ཞུགས་མི་སྐྱོང་བའི་མངོན་གསལ་དོད་པའི་གནད་དོན་གཅིག་སྡུད་བཅོས་སྒྲིག་བྱ་རྒྱུར་སྐུལ་འདེད་ཏན་ཏིག་གཏོང་དགོས།
ཡན་ཅིན་ཧའེ་ཡིས་ནན་བཤད་གནང་དོན། དབྱེ་ཞིབ་དང་ཞིབ་འཇུག་བརྡར་གཅོད་ཟབ་ཏུ་བཏང་ནས་ལྟ་ཞིབ་ཀྱི་སྤུས་ཚད་མཐོ་རུ་དང་ཕན་འབྲས་ཆེ་རུ་གཏོང་དགོས། དཔལ་འབྱོར་འཁོར་རྒྱུག་གི་འགག་གནད་དང་། མང་ཚོགས་ཀྱི་འབབ་འཕར་དཀའ་གནད། སྤྱི་ཚོགས་བཅོས་སྐྱོང་གི་ཉེན་ཁ་གནས་ས་བཅས་ལ་དམིགས་ཏེ་ལྟ་ཞིབ་བྱ་ཡུལ་གྱི་ལས་ཀའི་ཆེད་ལས་རང་བཞིན་དང་། དམིགས་སའི་རང་བཞིན། རྒྱང་ལྟའི་རང་བཞིན། མཛུབ་ཁྲིད་རང་བཞིན་བཅས་རྒྱུན་ཆད་མེད་པར་ཆེ་རུ་གཏོང་དགོས། སྤྱི་འདོམས་མཛུབ་ཁྲིད་ལ་ཤུགས་སྣོན་བརྒྱབ་ནས་མཐུན་སྦྱོར་མཉམ་འགུལ་བྱེད་ཤུགས་ཆེ་རུ་གཏོང་དགོས། ལྟ་ཞིབ་བྱ་ཡུལ་གྱི་ཆ་འཕྲིན་སྤུས་ཚད་གདེང་འཇོག་མ་ལག་དང་ལྟ་ཞིབ་བྱ་ཡུལ་གྱི་ལས་ཀའི་གནས་ཚུལ་གྱི་གདེང་འཇོག་ལམ་ལུགས་བཙུགས་ནས་ལྟ་ཞིབ་བྱ་ཡུལ་གྱི་ལས་དོན་གཏིང་ཟབ་དང་ཏན་ཏིག་སྤེལ་བ་དང་ལག་ལེན་བསྟར་ནས་ཕན་འབྲས་ཐོན་པར་སྐུལ་འདེད་གཏོང་དགོས།
ཡན་ཅིན་ཧའེ་ཡིས་བླང་བྱ་བཏོན་དོན། སྣེ་ཁྲིད་དེ་ཆབ་སྲིད་ལ་སྣང་ཆེན་དང་སྤྱི་ཡོངས་ལ་ལྟ་རྟོག་བྱས་ནས་གང་གསུང་དེ་སྒྲུབ་དང་གོམ་སྟབས་གཅིག་གྱུར་མཐའ་གཅིག་ཏུ་ཡོང་བར་བྱེད་དགོས། སྣེ་ཁྲིད་དེ་སློབ་སྦྱོང་ཧུར་ཐག་དང་འགན་འཁྲི་འཁུར་ཕོད་པ་དང་མི་དམངས་འཐུས་ཚོགས་ཀྱི་ལས་སྒོར་རང་འགུལ་ངང་བརྩོན་ཞིབ་བྱེད་པ་དང་། བཅའ་ཁྲིམས་དང་ཁྲིམས་སྲོལ་ལ་རྒྱུས་མངའ་ལོན་པ། ནུས་པའི་ཞན་ཆ་གསབ་པ་བཅས་བྱས་ནས་ཆབ་སྲིད་ཀྱི་བྱང་ཚད་དང་། ཁྲིམས་སྐྱོང་གི་བསམ་གཞིག འགན་སྒྲུབ་ཀྱི་ཆུ་ཚད་བཅས་རྒྱུན་ཆད་མེད་པར་མཐོ་རུ་གཏོང་དགོས།
འབྲེལ་ཡོད་གསར་འགྱུར།