ལའེ་ཅའོ་ལྗོངས་ཡོངས་ཀྱི་སྐོར་གཟིགས་སྐོར་ཞིབ་ལས་དོན་ཚོགས་འདུ་དང་རང་སྐྱོང་ལྗོངས་ཏང་ཨུད་སྐབས་བཅུ་པའི་སྐོར་གཟིགས་རེས་སྐོར་དགུ་པའི་སྐུལ་སློང་བཀོད་སྒྲིག་ཚོགས་འདུར་ཞུཌ་པ།
ཉེ་ཆར། ལྗོངས་ཡོངས་ཀྱི་སྐོར་གཟིགས་སྐོར་ཞིབ་ལས་དོན་ཚོགས་འདུ་དང་རང་སྐྱོང་ལྗོངས་ཏང་ཨུད་སྐབས་བཅུ་པའི་སྐོར་གཟིགས་རེས་སྐོར་དགུ་པའི་སྐུལ་སློང་བཀོད་སྒྲིག་ཚོགས་འདུ་ལྷ་སར་འཚོགས་ནས་ 2026ལོའི་སྐོར་གཟིགས་ལས་དོན་བཀོད་སྒྲིག་བྱས་པ་དང་། སྐོར་གཟིགས་ཚོགས་ཆུང་གི་ཙུའུ་ཀྲང་ལ་ལས་འགན་འཁུར་བའི་དབང་ཆ་སྤྲོད་པ་དང་ལས་འགན་ཁག་བགོས་ཀྱི་གཏན་འབེབས་ཁྱབ་བསྒྲགས་བྱས་ཤིང་། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་རྒྱུན་ཨུ་དང་སྐོར་གཟིགས་ལས་དོན་འགོ་ཁྲིད་ཚོགས་ཆུང་གི་ཙུའུ་ཀྲང་གཞོན་པ་ལའེ་ཅའོ་ཚོགས་འདུར་ཞུགས་ནས་གསུང་བཤད་གནང་བ་རེད།
ལའེ་ཅའོ་ཡིས་ནན་བཤད་གནང་དོན། བློ་བརྟན་འགྱུར་མེད་ངང་ཆབ་སྲིད་ཀྱི་སྐོར་གཟིགས་བྱེད་ཟབ་ཏུ་བཏང་ནས“སྲུང་སྐྱོང་གཉིས”ལ་དམིཌ་པ་དང་། “འགག་རྩའི་ཉུང་ཤས”དང་གཙོ་གནད་ཁྱབ་ཁོངས་ལ་དམིགས་པ། ཏང་ལ་དོ་དམ་དང་ཏང་སྐྱོང་བའི་ཆབ་སྲིད་ཀྱི་འགན་འཁྲི་དོན་འཁྱོལ་ལ་དམིགས་པ་བཅས་བྱས་ཏེ་ཆབ་སྲིད་ཀྱི་ལྟ་སྐུལ་བྱེད་ཤུགས་ཆེ་རུ་བཏང་ནས། ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་གལ་ཆེན་དང་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ལས་ཀའི་བླང་བྱ་དོན་ཐོག་ཏུ་ཏན་ཏིག་འཁྱོལ་བའི་འགན་ལེན་བྱེད་དགོས། སྤེལ་བཞིན་པའི་ཡང་དག་པའི་སྲིད་དོན་ལས་རྗེས་ལྟ་བ་འཛུགས་པ་དང་ལག་བསྟར་གྱི་སློབ་སྦྱོང་སློབ་གསོ་དང་ཟུང་འབྲེལ་བྱས་ཏེ། འཇུག་སྒོ་གནད་འཁེལ་འཚོལ་བ་དང་གནད་སྨིན་ཤུགས་འདོན་པ་དང་། སྲིད་དོན་ལས་རྗེས་ལྟ་བ་ཡོ་ཁྱད་ཡོད་རིགས་ལྟ་སྐུལ་བྱེད་པ་དེ་སྐོར་གཟིགས་ཀྱི་བརྒྱུད་རིམ་ཧྲིལ་པོ་དང་ལྷུ་ཚིགས་ཁག་ཏུ་ཁྱབ་པར་བྱེད་དགོས། སྐོར་གཟིགས་ལྟ་སྐུལ་གྱི་དམིགས་སའི་རང་བཞིན་དང་མཐིལ་རྟོཌ་བྱེད་ཤུགས་ཆེ་རུ་གཏོང་བ་དང་། རྒྱུན་གཏན་གྱི་སྐོར་གཟིགས་ལ་དམ་འཛིན་ཡག་པོ་བྱེད་པ། ཆེད་དོན་སྐོར་གཟིགས་གཏིང་ཟབ་བྱེད་པ། སྐོར་གཟིགས་ཀྱི“ཕྱིར་མིག་ལྟ་བའི”ལས་དོན་ཏན་ཏིག་སྒྲུབ་པ། སྐོར་གཟིགས་ལྟ་སྐུལ་གྱི་གནད་དོན་ཤེས་རྟོགས་དང་། ཟིལ་གནོན་ཆགས་པ། སྒྱུར་བཅོས་ལ་སྐུལ་འདེད། འཕེལ་རྒྱས་ཀྱི་སྐུལ་སྤེལ་ནུས་པ་དེ་བས་ཡག་པོ་འདོན་པ་བཅས་བྱས་ནས་སྐོར་གཟིགས་ལས་དོན་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་བརྟེན་ནས་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་བོད་ཀྱི་ལག་ལེན་གྱི་ལེའུ་གསར་རྩོམ་ཆེད་ལེགས་སྐྱེས་གསར་པ་དེ་བས་ཆེ་བ་འབུལ་དགོས།
འབྲེལ་ཡོད་གསར་འགྱུར།