དབུ་ཤོག>སྲིད་དོན།>སྲིད་དོན་གསར་འགྱུར།
  • བསྟན་པས“དྲུག་ལྔའི་འཛམ་གླིང་ཁོར་ཡུག་ཉིན་མོའི”དྲིལ་བསྒྲགས་བྱེད་སྒོར་བརྟག་ཞིབ་དང་མཛུབ་ཁྲིད་གནང་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2026-06-08

    2026ལོའི་ཟླ་6ཚེས་5ཉིན་ཏེ། འཛམ་གླིང་ཁོར་ཡུག་ཉིན་མོ་ཐེངས་55པ་འཆར་བའི་མཚམས་སུ། རང་སྐྱོང་ལྗོངས་ཀྱི“དྲུག་ལྔའི་འཛམ་གླིང་ཁོར་ཡུག་ཉིན་མོའི”ཁྲོམ་གཞུང་གི་དྲིལ་བསྒྲགས་བྱེད་སྒོ་ལྷ་སར་སྤེལ་བ་རེད། ལྗོངས་ཏང་ཨུད་ཀྱི་རྒྱུན་ཨུ་དང་རང་སྐྱོང་ལྗོངས་ཀྱི་རྒྱུན་ལས་ཀྲུའུ་ཞི་གཞོན་པ་བསྟན་པས་དྲིལ་བསྒྲགས་ས་ཚིགས་ཁག་ཏུ་ཕེབས་ནས་འབྲེལ་ཡོད་ལས་དོན་སྤེལ་ཚུལ་ལ་བརྟག་ཞིབ་དང་མཛུབ་ཁྲིད་གནང་བ་མ་ཟད། ལས་བྱེད་པ་དང་མང་ཚོགས་དང་སྤེལ་རེས་ཀྱང་གནང་ནས་ས་མཐོའི་སྐྱེ་ཁམས་སྲུང་སྐྱོང་སྐོར་མཉམ་དུ་གླེང་བ་རེད།

    བསྟན་པས་ནན་བཤད་གནང་དོན། མཚོ་བོད་ས་མཐོའི་སྐྱེ་ཁམས་ཁོར་ཡུག་ལ་སྲུང་སྐྱོང་ཡག་པོ་བྱེད་པ་ནི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་དང་ཏང་ཀྲུང་དབྱང་གིས་ང་ཚོར་དཀྲིས་པའི་ཆབ་སྲིད་ཀྱི་ལས་འགན་གལ་ཆེན་ཞིག་ཡིན་པ་དང་། སྐྱེ་ཁམས་ཤེས་དཔལ་འཛུགས་སྐྱོང་ལ་སྐུལ་འདེད་གཏོང་བ་དང་སྐྱེ་ཁམས་ཤེས་དཔལ་གྱི་མཐོ་ས་འཛུགས་གཏོད་བྱེད་པ་ནི་རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གིས་ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་དོན་འཁྱོལ་བྱེད་པའི་ལས་ཀའི་བྱེད་ཐབས་གལ་ཆེན་ཞིག་རེད། རིམ་པ་ཁག་དང་སྡེ་ཚན་ཁག་གིས་བསམ་བློའི་བློ་སྦྱོང་ལ་བརྟེན་ནས་སྤྱི་ཚོགས་ཀྱི་ངོས་འཛིན་གཅིག་མཐུན་ཡོང་བར་དམིགས་ཏེ། ཞི་ཅིན་ཕིང་གི་སྐྱེ་ཁམས་ཤེས་དཔལ་གྱི་དགོངས་པ་ཕྱོགས་ཡོངས་ནས་དྲིལ་བསྒྲགས་གཏིང་ཟབ་བྱེད་པ་དང་མང་ཚོགས་ཀྱི་སྐད་ཆར་བརྟེན་ནས“རི་སྔོན་ཆུ་དྭངས་གསེར་དངུལ་རི་ལས་ལྷག་པའི”འདུ་ཤེས་གསལ་པོ་དང་གསོན་ཉམས་དོད་པོས་བརྗོད་དགོས་པ་མ་ཟད། ཞིབ་ཅིང་ཁུངས་འཕེར་བའི་གྲངས་གཞི་དང་གསོན་ཉམས་ལྡན་པའི་དཔེ་མཚོན་ལ་བརྟེན་ནས་རང་ལྗོངས་ཀྱི་རྒྱལ་ཁབ་ཀྱི་སྐྱེ་ཁམས་ཤེས་དཔལ་མཐོ་ས་འཛུགས་གཏོད་བྱེད་པའི་མཚོན་བྱེད་རང་བཞིན་གྱི་གྲུབ་འབྲས་མངོན་པར་བྱས་ཏེ། སྤྱི་ཚོགས་ཡོངས་ཀྱིས་མཛེས་སྡུག་ལྡན་པའི་ཁྱིམ་གཞིས་མཉམ་དུ་སྐྲུན་པའི་བསམ་བློའི་རང་རྟོགས་ཟམ་མི་ཆད་པར་ཟབ་ཏུ་གཏོང་དགོས། ཁྲིམས་སྐྱོང་ལ་བརྟེན་ནས་སྐྱེ་ཁམས་ཁྲིམས་གཞུང་ལག་ལེན་བསྟར་བར་དམིགས་ཏེ། 《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་སྐྱེ་ཁམས་ཁོར་ཡུག་ཁྲིམས་གཞུང》དྲིལ་བསྒྲགས་དང་ལག་ལེན་བསྟར་བ་དེ་གལ་ཆེའི་ནང་གི་འགངས་ཆེར་བརྩི་བ་དང་། “གྱོད་དཔེས་ཁྲིམས་འགྲེལ” སོགས་ཀྱི་བྱེད་ཐབས་ལ་བརྟེན་ནས་ཁྲོམ་རའི་བྱེད་པོ་དང་རྒྱ་ཆེའི་མང་ཚོགས་ལ་བཅའ་ཁྲིམས་ཀྱི་མཐའ་ཚད་དང་ཁྲིམས་འགལ་མ་གནས་ཀྱི་དབྱེ་བ་གསལ་པོ་ཕྱེ་ནས། ཁྲིམས་བརྩི་བ་དང། སྦྱོང་བ། སྲུང་བ། སྤྱོད་པ་བཅས་རྒྱུན་རྣམ་དུ་འགྱུར་བ་དང་ཁྲིམས་སྐྱོང་ནན་ཤོས་ལ་བརྟེན་ནས་ས་མཐོའི་དག་ཞིང་སྲུང་སྐྱོང་བྱེད་དགོས།

    འགན་འཁུར་རྩོམ་སྒྲིག་པ། སྐལ་བཟང་གྲགས་པ།

འབྲེལ་ཡོད་གསར་འགྱུར།