དབུ་ཤོག>སྲིད་དོན།>འགོ་ཁྲིད་བྱེད་སྒོ།>ཀརྨ་ཚེ་བརྟན།
  • ཀརྨ་ཚེ་བརྟན་གྱིས་ལྗོངས་ཡོངས་ཀྱི་བདེ་འཇགས་ཐོན་སྐྱེད་ཀྱི་བརྙན་ལམ་ཚོགས་འདུ་འཚོགས་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2026-06-05

    ཚེས་3ཉིན། ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་དང་རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་ཀརྨ་ཚེ་བརྟན་གྱིས་ལྗོངས་ཡོངས་ཀྱི་བདེ་འཇགས་ཐོན་སྐྱེད་ཀྱི་བརྙན་ལམ་ཚོགས་འདུ་འཚོགས་པ་རེད། ཁོང་གིས། བདེ་འཇགས་ཐོན་སྐྱེད་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་དང་གེགས་འགོག་གེགས་སེལ་དང་གནོད་འཚེ་ཉུང་གཏོང་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་རྣམ་བཤད་གལ་ཆེན་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་དང་། ཡང་དག་པའི་སྲིད་དོན་ལས་རྗེས་ལྟ་བ་བརྟན་པོ་འཛུགས་པ་དང་ལག་ལེན་བསྟར་བ། རྒྱལ་ཡོངས་ཀྱི་བདེ་འཇགས་ཐོན་སྐྱེད་ཀྱི་བརྙན་ལམ་ཚོགས་འདུའི་བླང་བྱ་དང་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ལས་ཀའི་བཀོད་སྒྲིག་དོན་འཁྱོལ་ནན་ཏན། བདེ་འཇགས་ཐོན་སྐྱེད་ཀྱི་ལས་དོན་ལ་དམ་འཛིན་ནན་པོ་དང་ཏན་ཏིག ལས་འཛོལ་ཚབས་ཆེན་དང་ཧ་ཅང་ཚབས་ཆེན་མི་ཐོན་སྔོན་འགོག་མཐའ་གཅིག་ཏུ་བྱས་ཏེ། མི་དམངས་མང་ཚོགས་ཀྱི་ཚེ་སྲོག་དང་རྒྱུ་ནོར་གྱི་བདེ་འཇགས་དང་སྤྱི་ཚོགས་སྤྱི་ཡོངས་ཞི་མཐུན་བརྟན་ལྷིང་ལ་ནུས་ཤུགས་ཡོད་རྒུས་འགན་སྲུང་བྱེད་དགོས་ཞེས་ནན་བཤད་གནང་བ་རེད།

    ཀརྨ་ཚེ་བརྟན་གྱིས་གསུངས་དོན། བདེ་འཇགས་ཐོན་སྐྱེད་ཀྱི་འགན་འཁྲི་ནི་རི་བོ་ལྟར་ལྕི་བས་ལྷོད་གཡེང་སྤུ་ཙམ་ཡང་གཏོང་མི་རུང་། ཉེ་དུས་ཐོན་པའི་ལས་འཛོལ་གྱི་བསླབ་བྱ་དང་ལེན་གཏིང་ཟབ་བྱས་ཏེ་ཉེན་བརྡ་རྒྱུན་སྒྲོག་དང་རྟག་ཏུ་དོགས་ཟོན་བྱེད་པ་དང་། རྣམ་གཡེང་གི་བསམ་བློ་དང་། སྟེས་དབང་གི་བསམ་པ། ལྷོད་གཡེང་གི་བསམ་ཚུལ་བཅས་མཐའ་གཅིག་ཏུ་དོར་བ། “གཏན་འཁེལ་གཉིས”ལ་བློ་བརྟན་འགྱུར་མེད་ངང་བརྩི་བཀུར་ཞུ་བ་དང“སྲུང་སྐྱོང་གཉིས”མཐའ་གཅིག་ཏུ་ཐུབ་པར་བྱེད་པའི་ཆབ་སྲིད་ཀྱི་མཐོ་ཚད་ནས“ཏང་དང་དཀའ་སྡུག་མཉམ་ཁུར་དང་དམངས་ཆེད་འགན་འཁྲི་གཙང་སྒྲུབ་བྱེད་པའི”འགན་འཁྲིའི་འདུ་ཤེས་ཟབ་ཏུ་གཏོང་བ་བཅས་བྱེད་དགོས། མི་དམངས་གོང་དུ་བཀུར་བ་དང་ཚེ་སྲོག་གོང་དུ་བཀུར་བའི་རྩ་བའི་ལངས་ཕྱོགས་མཐའ་འཁྱོངས་བྱས་ཏེ“རྟག་ཏུ་བློ་བཟོད་མི་བདེ་བའི”འགན་འཁྲིའི་འདུ་ཤེས་ཟབ་ཏུ་གཏོང་བ་དང་། རང་ལྗོངས་ཀྱི་མིག་སྔའི་བདེ་འཇགས་ཐོན་སྐྱེད་ལ་འཕྲད་པའི་རྙོག་འཛིང་ཆེ་བའི་དུས་བབ་ལ་ངོས་འཛིན་གསལ་པོ་བྱེད་པ། ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཐབས་ཇུས་བཀོད་སྒྲིག་དང་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ལས་ཀའི་བླང་བྱ་མཐའ་གཅིག་ཏུ་དོན་འཁྱོལ་བཅས་བྱས་ཏེ། ཆུ་ཚད་མཐོ་བའི་བདེ་འཇགས་ལ་བརྟེན་ནས་སྤུས་ཚད་མཐོ་བའི་འཕེལ་རྒྱས་བརྟན་བགྲོད་རྒྱང་འཁྱོལ་ཡོང་བར་གཡས་གཞོགས་གཡོན་འདེགས་བྱེད་དགོས།

    ཀརྨ་ཚེ་བརྟན་གྱིས་ནན་བཤད་གནང་དོན། སྔོན་འགོག་གཙོ་བོར་འཛིན་པ་དང་སྔོན་ཚུད་ནས་ཤུགས་སྣོན་བརྒྱབ་སྟེ་རང་ལྗོངས་ཀྱི་ལས་འཛོལ་ཐོན་པའི་ཆོས་ཉིད་དང་ཉེན་ཁའི་མངོན་གསལ་དོད་པའི་གནས་ལ་གཞི་ཚུགས་པ་དང་། གནད་དོན་ཕྱོགས་སྟོན་དུ་འཛིན་རྒྱུ་དང་། དམིགས་ཚད་ཕྱོགས་སྟོན་དུ་འཛིན་རྒྱུ། མཇུག་འབྲས་ཕྱོགས་སྟོན་དུ་འཛིན་རྒྱུ་བཅས་མཐའ་འཁྱོངས་བྱེད་པ། རྡོ་སོལ་མིན་པའི་གཏེར་རི་དང་། རྣམ་གྲངས་ལས་གྲྭ གཞུང་ལམ་འགྲིམ་འགྲུལ། མེ་ཟོན་བདེ་འཇགས། བཟའ་བཅའ་དང་སྨན་རྫས། གེགས་འགོག་གེགས་སེལ་དང་གནོད་འཚེ་ཉུང་གཏོང་། ཀྲུང་དབྱང་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་ལྟ་བཤེར་ཚོགས་ཆུང་གིས་ཚུར་ལན་སྤྲད་པའི་གནད་དོན་དག་ཐེར་སོགས་ཀྱི་འགག་རྩའི་ལས་རིགས་དང་། གཙོ་གནད་ཁྱབ་ཁོངས། ཉམས་ཞན་ལྷུ་ཚིགས་བཅས་ལ་དམ་པོར་དམིགས་པ། ཕྱོགས་ཡོངས་ནས་གྲལ་བཤེར་དང་། འཁོར་འབྲེལ་ཧྲིལ་པོ་བཅོས་སྒྲིག ཁྱབ་ཁོངས་ཡོངས་སུ་འགོག་ཟོན་བཅས་བྱེད་པ། བདེ་འཇགས་ཐོན་སྐྱེད་ཀྱི་རྩ་བཅོས་འགག་སྒྲོལ་གྱི་ལོ་གསུམ་བྱ་སྤྱོད་གཏིང་ཟབ་དང་ཏན་ཏིག་སྤེལ་བར་སྐུལ་འདེད་གཏོང་བ། རྩ་ལག་མཉམ་བཅོས་དང་རྒྱུན་རྣམ་ཕུགས་ཕན་འགན་ལེན་བཅས་བྱས་ཏེ་ངོ་བོའི་ཐོག་ནས་བདེ་འཇགས་ཆུ་ཚད་རྒྱུན་མཐུད་མཐོ་རུ་གཏོང་དགོས། བདེ་འཇགས་ཐོན་སྐྱེད་ཀྱི་འགན་འཁྲི་ནན་དུ་གཏོང་བ་དང“དོ་དམ་གསུམ་དང་ངེས་པར་དུ་གསུམ”གྱི་བླང་བྱ་དོན་འཁྱོལ་ནན་པོ་བྱས་ཏེ་གཞི་རིམ་གྱི་མཇུག་སྣེ་བར་དུ་འགན་འཁྲི་རིམ་པ་བཞིན་བརྒྱུད་སྤྲོད་ཏན་ཏིག་བྱེད་དགོས། མངོན་མེད་རྐྱེན་ངན་གྱི་གདུབ་ཟུམ་དག་ཐེར་དང་དོ་དམ་ཚོད་འཛིན་ལམ་སྲོལ་འཐུས་སྒོ་ཚང་དུ་བཏང་ནས་རྩིས་ཁྲ་གསལ་བཟོ་དང་། གསལ་ཐོ་དོ་དམ། ཐོ་བསུབས་སྐུལ་འདེད་བཅས་བྱེད་པ་དང་རྒྱུན་རྣམ་ཅན་གྱི་སྒོ་ནས“ཕྱིར་མིག་བལྟས”ཏེ་མངོན་མེད་རྐྱེན་ངན་གྲལ་བཤེར་དང་བཅོས་སྒྲིག་གི་སྤུས་འབྲས་ཆེ་རུ་ཧུར་ཐག་གཏོང་དགོས། གཞི་རིམ་གྱི་འཕྲལ་སྡོམ་དོ་དམ་ནུས་པ་འཛུགས་སྐྱོང་ལ་ཤུགས་སྣོན་བརྒྱབ་སྟེ་གོང་འོག་མཉམ་འགུལ་དང་འགོ་ཁྲིད་མ་ལག་དང་ལས་རིགས་ཟུང་འབྲེལ་བྱ་རྒྱུ་མཐའ་འཁྱོངས་བྱེད་པ་དང་། སྟོབས་ཤུགས་གཤམ་དུ་ཕྱོགས་པ་དང་། འགན་སྲུང་གཤམ་དུ་ཕྱོགས་པ། འགག་སྒོ་མདུན་དུ་སྤོ་བ་བཅས་ལ་སྐུལ་འདེད་བཏང་ནས་བདེ་འཇགས་ཀྱི་རྨང་གཞི་བརྟན་པོ་འདིང་དགོས། ཁྲིམས་སྒྱུར་ལྟ་འདོམས་དང་ཉེན་ཟོན་ཟིལ་གནོན་མངོན་གསལ་དོད་དུ་བཏང་སྟེ། ལྟ་འདོམས་ཀྱི་ཆེད་ལས་རང་བཞིན་དང་རྟོལ་ཤུགས་རྒྱུན་མཐུད་ཆེ་རུ་གཏོང་བ་དང་། ཁྲིམས་འགལ་སྒྲིག་འགལ་གྱི་བྱེད་སྤྱོད་ལ་རྡུང་རྡེག་ཚ་ནན་གཏོང་བ། སྲིད་ཁྲིམས་ཉེས་ཁྲིམས་སྦྲེལ་མཐུད་ལ་ཤུགས་སྣོན་རྒྱག་པ། འགན་འཁྲི་བདའ་འདེད་ནན་ཤོས་ཀྱིས་དོན་འཁྱོལ་ནན་ཤོས་ལ་ལྡོག་སྐུལ་བཅས་བྱས་ཏེ་བདེ་འཇགས་ཐོན་སྐྱེད་ཀྱི་དུས་བབ་རྒྱུན་མཐུད་བརྟན་ཐོག་ཡར་འཕེལ་ཡོང་བའི་འགན་ལེན་བྱེད་དགོས།

    འགན་འཁུར་རྩོམ་སྒྲིག་པ། ལྷག་པ་ཚེ་རིང་།

འབྲེལ་ཡོད་གསར་འགྱུར།