2026ལོའི་ལོ་འཁོར་གྱི་ཀྲུང་གོའི་གཞོན་ནུའི་ལྔ་བཞིའི་གཟེངས་རྟགས་དང་དུས་རབས་གསར་པའི་གཞོན་ནུ་གདོང་ལེན་གྱི་བྱ་དགའི་བརྗོད་དོན་གཙོ་བོའི་སྒྲོག་འགྲེལ་བྱེད་སྒོ་སྤེལ་བ།
ཟླ་5ཚེས་29ཉིན། གུང་གཞོན་སྡེ་ཚོགས་ཀྲུང་དབྱང་གིས་གཙོ་གཉེར་བྱས་པ་དང་གུང་གཞོན་སྡེ་ཚོགས་ལྗོངས་ཨུད་དང་རང་སྐྱོང་ལྗོངས་གཞོན་ནུ་མཉམ་འབྲེལ་ལྷན་ཚོགས་ཀྱིས་གཉེར་འགན་འཁུར་བའི་2026ལོའི་ལོ་འཁོར་གྱི་ཀྲུང་གོའི་གཞོན་ནུའི་ལྔ་བཞིའི་གཟེངས་རྟགས་དང་དུས་རབས་གསར་པའི་གཞོན་ནུ་གདོང་ལེན་གྱི་བྱ་དགའི་བརྗོད་དོན་གཙོ་བོའི་སྒྲོག་འགྲེལ་བྱེད་སྒོ་ལྷ་སར་སྤེལ་བ་རེད།
བྱེད་སྒོའི་ཐོག་ཐོག་མར་2026ལོའི་ལོ་འཁོར་གྱི་ཀྲུང་གོའི་གཞོན་ནུའི་ལྔ་བཞིའི་གཟེངས་རྟགས་དང་དུས་རབས་གསར་པའི་གཞོན་ནུ་གདོང་ལེན་གྱི་བྱ་དགའི་ཉམས་འགྱུར་མངོན་པའི་གློག་བརྙན《ལང་ཚོའི་དྲིས་ལན》ལ་མཉམ་དུ་བལྟས་པ་དང་། གློག་བརྙན་དེས་དུས་རབས་གསར་པའི་རྒྱ་ཆེའི་གཞོན་ནུ་ཚོས་སྤྱིར་བཏང་གི་ལས་གནས་ཐོག་སྤྱིར་བཏང་མིན་པའི་གྲུབ་འབྲས་གཏོད་པའི་འབད་འཐབ་ཀྱི་ལོ་རྒྱུས་ལམ་བུ་མངོན་པར་བྱས་ཡོད། དེ་རྗེས་2026ལོའི་ལོ་འཁོར་གྱི་ཀྲུང་གོའི་གཞོན་ནུའི་ལྔ་བཞིའི་གཟེངས་རྟགས་ཐོབ་མཁན་མཉམ་སྡེབ་ཀྱི་འཐུས་མི་ཀྲང་པོ་ལིན་དང་། 2025ལོའི་ལོ་འཁོར་གྱི་ཀྲུང་གོའི་གཞོན་ནུའི་ལྔ་བཞིའི་གཟེངས་རྟགས་ཐོབ་མཁན་མཉམ་སྡེབ་ཀྱི་འཐུས་མི། སྐབས་16པའི་བོད་ཀྱི་གཞོན་ནུའི་ལྔ་བཞིའི་གཟེངས་རྟགས་ཐོབ་མཁན་ཁུང་ཐེ་ཐེ། སྐབས་28པའི་ཀྲུང་གོའི་གཞོན་ནུའི་ལྔ་བཞིའི་གཟེངས་རྟགས་ཐོབ་མཁན་ལུའོ་ཧྥུང་། 2026ལོའི་ལོ་འཁོར་གྱི་དུས་རབས་གསར་པའི་གཞོན་ནུ་གདོང་ལེན་གྱི་བྱ་དགའ་ཐོབ་མཁན་གྱི་འཐུས་མི་མཚོ་མོ་དང་པིན་ཧྲོའུ་ཕིང་། སྐབས་19པའི་བོད་ཀྱི་གཞོན་ནུའི་ལྔ་བཞིའི་གཟེངས་རྟགས་ཐོབ་མཁན་ཏུང་ཅི་སོགས་གཞོན་ནུའི་འཐུས་མི་6གིས་དམིགས་བསལ་གདན་འདྲེན་ཞུས་པའི་སྐུ་མགྲོན་ཡིན་པའི་ངོས་ནས“ལོ་ལྔ་ཚན་བཅོ་ལྔ་པར་བྱས་རྗེས་འཇོག ལང་ཚོར་བརྟེན་ནས་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་འགན་འཁྲི་ཕྲག་ཏུ་འཁུར”ཞེས་པའི་བརྗོད་དོན་གཙོ་བོར་དམིགས་ཏེ། རང་ཉིད་ཀྱི་མྱོང་བརྒྱུད་དང་ཟུང་འབྲེལ་གྱིས་བབ་ཆགས་པའི་སྐད་ཆ་དང་། ལྷད་མེད་ཀྱི་བརྩེ་སེམས། གསོན་ཉམས་དོད་པའི་དཔེ་མཚོན་བཅས་ལ་བརྟེན་ནས་དེང་རབས་ན་གཞོན་གྱིས་རང་ཉིད་ཀྱི་ཕུགས་བསམ་རྒྱལ་ཁབ་ཀྱི་འཛུགས་སྐྲུན་ནང་མཉམ་འདྲེས་དང་ལང་ཚོ་མེས་རྒྱལ་ཆེད་སྐྱེས་སུ་ཕུལ་བའི་གཏམ་རྒྱུད་མཉམ་སྤྱོད་བྱས་ཡོད།
འབྲེལ་ཡོད་གསར་འགྱུར།