ལའེ་ཅའོ་ཡིས་ལྷོ་ཁ་གྲོང་ཁྱེར་དང་། མཚོ་སྨད་རྫོང་། ལྷོ་བྲག་རྫོང་། སྣ་དཀར་རྩེ་རྫོང་བཅས་ལ་བརྟག་ཞིབ་གནང་བ།
ཉེ་ཆར། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་རྒྱུན་ཨུ་དང་རྩ་འཛུགས་པུའི་པུའུ་ཀྲང་ལའེ་ཅའོ་ཡིས་ལྷོ་ཁ་གྲོང་ཁྱེར་དང་། མཚོ་སྨད་རྫོང་། ལྷོ་བྲག་རྫོང་། སྣ་དཀར་རྩེ་རྫོང་བཅས་ལ་ཡང་དག་པའི་སྲིད་དོན་ལས་རྗེས་ལྟ་བ་འཛུགས་པ་དང་ལག་བསྟར་གྱི་སློབ་སྦྱོང་སློབ་གསོ་སྤེལ་བར་མཛུབ་ཁྲིད་དང་ལྟ་སྐུལ་མཛུབ་ཁྲིད་གནང་བ་དང་། གྲོང་ཁྱེར་དང་། རྫོང་། ཤང་བཅས་ཀྱི་འགོ་ཁྲིད་ཚན་ཁག་གི་སྐབས་བརྗེའི་ལས་དོན་དང་། “དམ་འཛིན་གཅིག་དང་སྐུལ་འདེད་གཉིས” ལས་བྱེད་པ་གྲོང་སྡོད་དང་དགོན་སྡོད་སོགས་ཀྱི་ལས་དོན་ལ་བརྟག་ཞིབ་གནང་བ། གྲོང་སྡོད་དགོན་སྡོད་ལས་བྱེད་པ་དང་འཚོ་བར་དཀའ་ངལ་ཡོད་པའི་ཏང་ཡོན་ལ་གཟིགས་པ་དང་མཚམས་འདྲི་གནང་བ་མ་ཟད། ངོ་བཅར་སྣེ་ལེན་དང་གཤམ་སྐྱོད་ཀྱང་གནང་བ་རེད།
ལའེ་ཅའོ་ཡིས་གསུངས་དོན། ཡང་དག་པའི་སྲིད་དོན་ལས་རྗེས་ལྟ་བ་འཛུགས་པ་དང་ལག་བསྟར་གྱི་སློབ་སྦྱོང་སློབ་གསོ་ཏན་ཏིག་སྤེལ་ནས། སློབ་ཞིབ་བཅོས་གསུམ་ལ་གཞི་གཅིག་ཏུ་སྐུལ་འདེད་གཏོང་བ་དང་། དཔོན་གསར་གྱིས་དཔོན་རྙིང་གི་ལས་གཞུག་མི་སྐྱོང་བ་སོགས་ཀྱི་གནད་དོན་གཅིག་སྡུད་ཐོག་བཅོས་སྒྲིག་ནན་ཏན་བྱེད་པ། རྒྱ་ཆེའི་ཏང་ཡོན་ལས་བྱེད་པར་རང་རྟོགས་ངང་སྤྱི་དོན་དུ་ཏང་འཛུགས་པ་དང་། དམངས་ལ་བདེ་སྐྱིད་སྐྲུན་པ། ཚན་རིག་དང་མཐུན་པའི་ཇུས་ཐག་གཅོད་པ། དངོས་འཛིན་དངོས་སྒྲུབ་བཅས་བྱེད་དགོས་པའི་སློབ་གསོ་ཁྲིད་སྟོན་བྱེད་དགོས། གྲོང་ཁྱེར་དང་། རྫོང་། ཤང་བཅས་ཀྱི་འགོ་ཁྲིད་ཚན་ཁག་གི་སྐབས་བརྗེའི་ལས་དོན་ལ་བརྟན་ལ་གོ་རིམ་ལྡན་པའི་ངང་སྐུལ་འདེད་གཏོང་བ་དང་། ཚན་ཁག་གི་ཁོངས་མི་ལེགས་སུ་གཏོང་བ། སྤྱི་ཡོངས་ཀྱི་ནུས་པ་ཆེ་རུ་གཏོང་བ། སྐབས་བརྗེའི་སྒྲིག་ཁྲིམས་དང་དར་སྲོལ་ནན་དུ་གཏོང་བ་བཅས་བྱས་ཏེ། བོད་སྐྱོང་བོད་བརྟན་བོད་དར་གྱི་འགན་འཁྲི་ལྕི་པོ་འཁུར་ཕོད་པའི་བྱང་ཚད་མཐོ་བའི་ལས་བྱེད་པའི་དཔུང་ཁག་ཅིག་གཏོད་དགོས། གྲོང་ཚོའི(སྡེ་ཁུལ)“ཨུ་ལྷན་གཉིས”ཀྱི་སྐབས་བརྗེའི་གྲུབ་འབྲས་བརྟན་དུ་གཏོང་བ་དང་། ལས་བྱེད་པ་གྲོང་སྡོད་དང་དགོན་སྡོད་ལས་དོན་གཏིང་ཟབ་ཏུ་གཏོང་བ། ཏང་འཛུགས་སྐྱོང་ལ་དམ་འཛིན་དང་གཞི་རིམ་བཅོས་སྐྱོང་ལ་སྐུལ་འདེད་གཏོང་བ། གྲོང་གསེབ་དར་རྒྱས་ལ་སྐུལ་འདེད་གཏོང་བ་བཅས་ལ་མུ་མཐུད་ཤུགས་སྣོན་བརྒྱབ་སྟེ། ཐབ་ཚང་ཆུང་ངུ་དང་འཁྲུད་ཁང་ཆུང་ངུ་སོགས“ཆུང་ལ་ལེགས་པའི”རྣམ་གྲངས་ལས་གངས་ལྗོངས་ས་མཐོའི་དམངས་འཚོར་འདེགས་སྐྱོར་བྱེད་དགོས།
བརྟག་ཞིབ་གནང་རིང་། ལའེ་ཅའོ་ཡིས“མི་བྱེད་པ་བཞི་དང་ཐད་སྐྱོད་གཉིས” ཀྱི་བྱེད་ཐབས་སྤྱད་དེ་གྲོང་སྡོད་དང་དགོན་སྡོད་ལས་བྱེད་པར་གཟིགས་པ་དང་འཚམས་འདྲི་གནང་བ་མ་ཟད། ཚང་མར་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་མངགས་བཅོལ་ཟབ་མོ་བློ་ལ་བརྟན་པོར་ངེས་ནས་ལུས་སེམས་གནས་ཐུབ་པ་དང་བརྩེ་སེམས་མཚོན་པར་བྱས་ཏེ། མི་རིགས་མཐུན་སྒྲིལ་གྱི་ས་བོན་འདེབས་མཁན་དང་མི་རིགས་ཁག་གི་མང་ཚོགས་ཀྱི་བློ་གཏད་བཅོལ་ས་ཞིག་བྱེད་དགོས་པའི་ལྕག་སྐུལ་གནང་བ་རེད།
འབྲེལ་ཡོད་གསར་འགྱུར།