དབུ་ཤོག>སྲིད་དོན།>སྲིད་དོན་གསར་འགྱུར།
  • ཡན་ཅིན་ཧའེ་ཡིས་རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་གྱི་ཏང་ཙུའི་ཚོགས་འདུ(རྒྱ་ཆེ)གཙོ་སྐྱོང་གནང་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2026-06-02

    ཉེ་ཆར། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་དང་རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་གྱི་ཏང་ཙུའི་ཧྲུའུ་ཅི་དང་ཀྲུའུ་རེན་ཡན་ཅིན་ཧའེ་ཡིས་རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་གྱི་ཏང་ཙུའི་ཚོགས་འདུ(རྒྱ་ཆེ)གཙོ་སྐྱོང་གནང་ནས། ཉེ་དུས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་གནང་བའི་གསུང་བཤད་གལ་ཆེན་དང་། མཛུབ་སྟོན་གལ་ཆེན། མཆན་འགོད་མཛུབ་སྟོན་གལ་ཆེན་བཅས་ཀྱི་དགོངས་དོན་བརྒྱུད་བསྒྲགས་དང་སློབ་སྦྱོང་བྱས་པ་དང་། ཀྲུང་དབྱང་གི་ཡིག་ཆ་གལ་ཆེན་གྱི་དགོངས་དོན་དང་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་འབྲེལ་ཡོད་ཚོགས་འདུའི་དགོངས་དོན་སློབ་སྦྱོང་བྱས་པ། དཔོན་གསར་གྱིས་དཔོན་རྙིང་གི་ལས་གཞུག་མི་སྐྱོང་བའི་མངོན་གསལ་དོད་པའི་གནད་དོན་བཅོས་སྒྲིག་བྱས་ཚུལ་གྱི་སྙན་སེང་གསན་པ་མ་ཟད། དོན་འཁྱོལ་ལས་དོན་ལ་ཞིབ་འཇུག་བཀོད་སྒྲིག་ཀྱང་གནང་བ་རེད།

    ཡན་ཅིན་ཧའེ་ཡིས་ནན་བཤད་གནང་དོན། བདེ་འཇགས་ཐོན་སྐྱེད་ཀྱི་འགན་སྒྲུབ་ལྟ་སྐུལ་ལ་དམིགས་ནས་བདེ་འཇགས་ཁྲིམས་སྐྱོང་གི་འགོག་རགས་བརྟན་དུ་གཏོང་དགོས་ཤིང་། མི་དམངས་ལྟེ་བར་འཛིན་པའི་འཕེལ་རྒྱས་ཀྱི་བསམ་བློ་བརྟན་པོར་བཙུགས་ནས། མི་དམངས་གོང་དུ་བཀུར་བ་དང་ཚེ་སྲོག་གོང་དུ་བཀུར་རྒྱུ་མཐའ་འཁྱོངས་ཀྱིས་བདེ་འཇགས་ཐོན་སྐྱེད་ཀྱི་བཅའ་ཁྲིམས་དང་། དེ་བཞིན་འབྲེལ་ཡོད་ཁྲིམས་སྲོལ་ལག་བསྟར་བྱས་ཚུལ་ལ་ལྟ་སྐུལ་བྱེད་ཤུགས་ཆེ་རུ་བཏང་སྟེ་ལས་འཛོལ་ཚབས་ཆེན་མི་ཐོན་སྔོན་འགོག་མཐའ་གཅིག་ཏུ་བྱེད་དགོས། འདུ་ཤེས་འཛིན་སྟངས་ཀྱི་ཆབ་སྲིད་ཀྱི་འགན་འཁྲི་བརྟན་པོ་ཁུར་ནས་མི་དམངས་འཐུས་ཚོགས་ཀྱི་འཐབ་ས་ཁག་ཡག་པོ་སྲུང་དགོས་ཤིང་། མི་དམངས་འཐུས་ཚོགས་ཀྱི་དྲ་ཚིགས་དང་།དུས་དེབ། སྐད་འཕྲིན་སྤྱི་རྟགས་སོགས་འདུ་ཤེས་འཛིན་སྟངས་ཀྱི་འཐབ་ས་མུ་མཐུད་ཡག་པོ་གཏོད་པ་དང་བེད་སྤྱོད་ཡག་པོ་བྱས་ནས། དྲང་ནུས་བརྒྱུད་སྤེལ་གྱིས་ནོར་འཁྲུལ་གྱི་བསམ་བློ་དང་གཏམ་བརྗོད་ཐད་འཐབ་རྩོད་བྱེད་ཕོད་པ་དང་འཐབ་རྩོད་མཁས་པོ་བྱས་ཏེ། ཁྲིམས་སྐྱོང་གི་འདུ་ཤེས་དང་ཁྲིམས་སྐྱོང་གི་བྱེད་ཐབས་ཐོག་ནས་འདུ་ཤེས་འཛིན་སྟངས་ཀྱི་བདེ་འཇགས་སྲུང་སྐྱོང་བྱ་རྒྱུ་མཐའ་འཁྱོངས་བྱེད་དགོས། ཏང་ཡོན་འཕེལ་རྒྱས་ཀྱི་འགག་སྒོ་ནན་པོ་བསྲུངས་ནས་ལས་ཁུངས་ཀྱི་ཏང་འཛུགས་སྐྱོང་གི་སྤུས་ཚད་ལེགས་སུ་དང་ཕན་འབྲས་ཆེ་རུ་གཏོང་དགོས་ཤིང་། ཀྲུང་དབྱང་གི་ཏང་ཡོན་འཕེལ་རྒྱས་གཏོང་བའི་ལས་ཀའི་གཏན་འབེབས་གསར་པ་དོན་འཁྱོལ་ནན་པོ་བྱས་ནས། ཆབ་སྲིད་ཀྱི་ཚད་གཞི་ཨང་དང་པོར་འཛིན་རྒྱུ་མཐའ་འཁྱོངས་ཀྱིས་ཏང་ཡོན་འཕེལ་རྒྱས་གཏོང་བའི་ལས་ཀ་དེ་བས་ཚད་ལྡན་དུ་བཏང་སྟེ། གོ་རིམ་ཆད་ལུས་མེད་པ་དང་། དཔྱད་ཡིག་འཐུས་ཚང་། ཚད་གཞི་དམའ་རུ་མི་གཏོང་བ་བཅས་བྱེད་དགོས། ཡོམ་འགོག་གེགས་སེལ་གྱི་སྙིང་སྟོབས་རླབས་པོ་ཆེ་དར་སྤེལ་ཤུགས་ཆེན་བཏང་ནས་ལས་ཀའི་རྣམ་པ་གསར་པ་ཧུར་ཐག་གཏོད་དགོས་ཤིང་། ཧྲུའུ་ཅི་ཝང་ཅུན་ཀྲེང་གི་གསུང་བཤད་ཀྱི་དགོངས་དོན་སློབ་སྦྱོང་དང་གོ་བ་ནན་ཏན་བླངས་ནས། ཡོམ་འགོག་གེགས་སེལ་གྱི་སྙིང་སྟོབས་རླབས་པོ་ཆེ་དར་སྤེལ་ཡག་པོ་དང་། རྒྱུན་འཛིན་ཡག་པོ། བེད་སྤྱོད་ཡག་པོ་བཅས་གཏོང་བ་དང་། འགན་འཁྲི་ནན་དཀྲིས་དང་། འགན་འཁྲི་འཁུར་སེམས་ཆེར་གཏོང་། དངོས་འཛིན་དངོས་སྒྲུབ་བཅས་བྱས་ཏེ། རང་ལྗོངས་ཀྱི་དཀའ་ཉེན་བྲེལ་ལྕིའི་ལས་འགན་དེ་མི་དམངས་འཐུས་ཚོགས་ཀྱི་འགན་སྒྲུབ་དང་ཟུང་འབྲེལ་དམ་ཟབ་ཀྱིས་སྤུས་ཚད་མཐོ་བའི་ཁྲིམས་འཛུགས་དང་། ནུས་ཆེའི་ལྟ་སྐུལ། ཆུ་ཚད་མཐོ་བའི་འཐུས་མིའི་ལས་དོན་བཅས་ལ་བརྟེན་ནས་ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་དང་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ལས་དོན་བཀོད་སྒྲིག་དོན་ཐོག་ཏུ་འཁྱོལ་བར་སྐུལ་འདེད་གཏོང་དགོས།

    ཡན་ཅིན་ཧའེ་ཡིས་བླང་བྱ་བཏོན་དོན། ལོ་རྒྱུས་ཀྱི་འགན་འཁྲི་ཕྲག་ཏུ་ཁུར་ནས“མེ་ཏོག་ལག་བཤུག”གཏན་འགོག་བྱེད་དགོས་ཤིང་། “རྩིས་ཐོ་རྙིང་པ”ནི“རྡོག་ཁྲེས”མིན་པར་འགན་འཁྲི་ཡིན་པ་དང་། “རྩིས་ཐོ་རྙིང་པ་གཙང་བཤེར”བྱེད་པ་ནི“ལས་འགན་འཐོལ་པ”མིན་པར“རང་འཁྲིའི་ལས་དོན”ཡིན་པས། ལས་གནས་ཇི་ལྟར་ལེགས་སྒྲིག་བྱེད་པ་དང་ལས་བགོས་ཇི་ལྟར་འགྱུར་ལྡོག་བཏང་རུང་ལོ་རྒྱུས་ཐོག་ལུས་པའི་གནད་དོན་ངེས་པར་དུ་རང་འགུལ་རྩིས་ལེན་དང་། རྒྱུན་མཐུད་སྐུལ་འདེད། དམ་འཛིན་ལྷོད་མེད། གྲུབ་འབྲས་ཐོན་པ་བཅས་བྱེད་དགོས། འབྲེལ་གཏུག་མཐུན་སྦྱོར་ལ་ཤུགས་སྣོན་བརྒྱབ་སྟེ“མཉམ་ཤུགས་བསྒྲིལ་ནས་འགག་སྒྲོལ”བྱེད་དགོས་ཤིང་། ཞིབ་དཔྱོད་དབྱེ་ཞིབ་ལ་ཤུགས་སྣོན་བརྒྱབ་ནས། བརྒྱུད་རིམ་ཁྲོད་ཐོན་སྲིད་པའི་གནས་ཚུལ་གསར་པ་དང་གནད་དོན་གསར་པར་སྔོན་ཚུད་ནས་སྔོན་ཇུས་ཡག་པོ་བཟོས་ཏེ“རྩིས་ཐོ་རྙིང་པ་ཐག་གཅོད་བྱས་མེད་པའི་ཐོག་རྩིས་ཐོ་གསར་པ་སླར་ཡང་ཐོན་པའི”གནས་ཚུལ་སྔོན་འགོག་མཐའ་གཅིག་ཏུ་བྱེད་དགོས། རྩིས་སྤྲོད་རྩིས་ལེན་གྱི་ལམ་ལུགས་འཐུས་སྒོ་ཚང་དུ་བཏང་ནས“མི་མེད་དོན་འཕྱུགས”སྔོན་འགོག་བྱེད་དགོས། ལེགས་གྲུབ་ཐུབ་མེད་པའི་དོན་དག་དང་ཐག་གཅོད་བྱ་རྒྱུར་ལུས་པའི་འགལ་བ་གསལ་པོ་བཟོས་ནས། འགན་འཁྲི་འཁུར་རྒྱུན་མི་ཆད་པ་དང་ལས་དོན་སྟོང་པར་མི་ལུས་པའི་འགན་ལེན་བྱས་ཏེ “དཔོན་གསར་གྱིས་དཔོན་རྙིང་གི་ལས་གཞུག་མི་སྐྱོང་བའི”ལམ་ལུགས་ཀྱི་སྐྱོན་ཆ་འབྱུང་རྩ་ནས་བཀག་འགོག་བྱེད་དགོས།

    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཆོས་སྒྲོན།

འབྲེལ་ཡོད་གསར་འགྱུར།