དབུ་ཤོག>སྲིད་དོན།>འགོ་ཁྲིད་བྱེད་སྒོ།>ལའེ་ཅའོ།
  • ལའེ་ཅའོ་ཡིས་རང་སྐྱོང་ལྗོངས་ཀྱི་ཡང་དག་པའི་སྲིད་དོན་ལས་རྗེས་ལྟ་བ་འཛུགས་པ་དང་ལག་བསྟར་གྱི་སློབ་སྦྱོང་སློབ་གསོའི་ལས་དོན་གྱི་ཆེད་དོན་ཚན་ཁག་གི་འགན་འཁུར་བའི་ཚོགས་འདུ་གཙོ་སྐྱོང་གནང་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2026-05-30

    ཚེས་28ཉིན། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་རྒྱུན་ཨུ་དང་རྩ་འཛུགས་པུའི་པུའུ་ཀྲང་ལའེ་ཅའོ་ཡིས་སློབ་སྦྱོང་སློབ་གསོའི་ལས་དོན་གྱི་ཆེད་དོན་ཚན་ཁག་གི་འགན་འཁུར་བའི་ཚོགས་འདུ་གཙོ་སྐྱོང་གནང་ནས། ཡང་དག་པའི་སྲིད་དོན་ལས་རྗེས་ལྟ་བ་འཛུགས་པ་དང་ལག་བསྟར་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་རྣམ་བཤད་གལ་ཆེན་སློབ་སྦྱོང་ལག་བསྟར་གཏིང་ཟབ་དང་། ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་དང་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ལས་དོན་གྱི་བླང་བྱ་དོན་འཁྱོལ་ནན་ཏན། སློབ་སྦྱོང་སློབ་གསོའི་དག་ཐེར་བཅོས་སྒྲིག་དང་ལྷག་པར་དུ་དཔོན་གསར་གྱིས་དཔོན་རྙིང་གི་ལས་གཞུག་མི་སྐྱོང་བའི་མངོན་གསལ་དོད་པའི་གནད་དོན་གཅིག་སྡུད་བཅོས་སྒྲིག་བྱེད་རྒྱུར་ཡང་བསྐྱར་སྐུལ་སློང་དང་བཀོད་སྒྲིག་བཅས་གནང་བ་རེད།

    ལའེ་ཅའོ་ཡིས་ནན་བཤད་གནང་དོན། རིམ་ཁག་སློབ་སྦྱོང་སློབ་གསོའི་ལས་དོན་གྱི་ཆེད་དོན་ཚན་ཁག་གིས་ལྟ་སྐུལ་མཛུབ་ཁྲིད་ལ་ཤུགས་སྣོན་རྒྱག་པ་དང་། རིམ་ཁག་འགོ་ཁྲིད་ཚན་ཁག་དང་འགོ་ཁྲིད་ལས་བྱེད་པས་དངོས་བཤེར་དང་། ནན་བཤེར། ཟབ་བཤེར་བཅས་ཀྱི་ཐད་རྒྱུན་མཐུད་ཤུགས་རྒྱག་པ། ཏང་གཤིས་ཐད་ནས་སྔར་བས་ཧེ་བག་དང་འབྱུང་རྩ་འཚོལ་བ། དཀའ་ལས་དངོས་དང་ཤུགས་ངོ་མ་རྒྱག་པ་བཅས་བྱས་ནས་མངོན་གསལ་དོད་པའི་གནད་དོན་ཐག་གཅོད་བྱེད་པར་སྐུལ་འདེད་གཏོང་དགོས། དག་ཐེར་བཅོས་སྒྲིག་གི་གཙོ་གནད་ལས་འགན་ལ་དམ་པོར་དམིགས་ཏེ་མཁྲེགས་སར་གཏུག་ཕོད་པ་དང་། འབེན་དམིགས་ཤུགས་འདོན། གཅིག་སྡུད་འགག་སྒྲོལ་བཅས་བྱས་ནས་དག་ཐེར་གཅིག་བྱས་ཚེ་ཐོ་གཅིག་སུབ་ཐུབ་པར་བྱེད་དགོས། གནད་དོན་ཞིབ་བཤེར་དག་ཐེར་བྱེད་རིང་ཆད་སྐྱོན་དང་ཞན་ཆ་ཤེས་རྟོགས་བྱ་རྒྱུར་མཐོང་ཆེན་བྱས་ཏེ་དག་ཐེར་བཅོས་སྒྲིག་བྱེད་རིང་ཐོབ་པའི་ཉམས་མྱོང་བཟང་པོ་དང་བྱ་ཐབས་བཟང་པོ་ལམ་ལུགས་དང་སྒྲིག་ལམ་ལ་འགྱུར་བར་བྱེད་དགོས། “སྡོད་མི་བཟོད་པའི”འགན་འཁྲི་འཁུར་སེམས་དང་། “སྒུག་མི་རུང་བའི”དགོས་གཏུགས་ཀྱི་བསམ་པ། “དལ་མི་རུང་བའི”ཉེན་ཁ་ཚོར་སེམས་བཅས་ལ་བརྟེན་ནས་ལྟ་སྐུལ་ནན་པོ་དང་མཛུབ་ཁྲིད་ཏན་ཏིག་གིས་ཕན་འབྲས་དངོས་ཐོན་པར་བྱས་ཏེ། དག་ཐེར་བཅོས་སྒྲིག་གི་གྲུབ་འབྲས་དེ་ཉིད་བོད་ཡུན་རིང་བདེ་འཁོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་གྲུབ་འབྲས་དངོས་ལ་འགྱུར་བར་སྐུལ་འདེད་གཏོང་དགོས།

    འགན་འཁུར་རྩོམ་སྒྲིག་པ། སྐལ་བཟང་གྲགས་པ།

འབྲེལ་ཡོད་གསར་འགྱུར།