ཝང་ཅུན་ཀྲེང་གིས་རང་སྐྱོང་ལྗོངས་ཏང་ཨུད་རྒྱུན་ལས་ཨུ་ལྷན་གྱི་ཚོགས་འདུ་གཙོ་སྐྱོང་གནང་བ།
● དབུལ་སྒྲོལ་འགག་སྒྲོལ་གྱི་གྲུབ་འབྲས་རྒྱུན་མཐུད་སྲ་བརྟན་དང་རྒྱ་ཆེར་གཏོང་བ་དང་རྒྱུན་རྣམ་ཅན་གྱི་རོགས་སྐྱོར་ལ་སྐུལ་འདེད་ཏན་ཏིག་བཏང་སྟེ། མང་ཚོགས་ཉེ་འགྲམ་གྱི་ཚུལ་མིན་སྤྱོད་ཚུལ་དང་རུལ་སུངས་ཀྱི་གནད་དོན་གཅིག་སྡུད་བཅོས་སྒྲིག་བྱས་ནས། མི་རིགས་ཁག་གི་མང་ཚོགས་ཀྱི་ཐོབ་སྣང་དང་། སྐྱིད་སྣང་། བདེ་འཇགས་ཚོར་སྣང་བཅས་རྒྱུན་ཆད་མེད་པར་ཆེ་རུ་གཏོང་དགོས།
ཉེ་ཆར། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་ཝང་ཅུན་ཀྲེང་གིས་རང་སྐྱོང་ལྗོངས་ཏང་ཨུད་རྒྱུན་ལས་ཨུ་ལྷན་གྱི་ཚོགས་འདུ་གཙོ་སྐྱོང་གནང་ནས་ཀྲུང་དབྱང་གི་འབྲེལ་ཡོད་ཚོགས་འདུའི་དགོངས་དོན་བརྒྱུད་བསྒྲགས་སློབ་སྦྱོང་གནང་བ་དང་སྦྲགས། རང་ལྗོངས་ཀྱི་ལས་དོན་ལ་ཞིབ་འཇུག་དང་བཀོད་སྒྲིག་ཀྱང་གནང་ཞིང་། ཁོང་གིས་དབུལ་སྒྲོལ་འགག་སྒྲོལ་གྱི་གྲུབ་འབྲས་རྒྱུན་མཐུད་སྲ་བརྟན་དང་རྒྱ་ཆེར་གཏོང་བ་དང་རྒྱུན་རྣམ་ཅན་གྱི་རོགས་སྐྱོར་ལ་སྐུལ་འདེད་ཏན་ཏིག་བཏང་སྟེ། མང་ཚོགས་ཉེ་འགྲམ་གྱི་ཚུལ་མིན་སྤྱོད་ཚུལ་དང་རུལ་སུངས་ཀྱི་གནད་དོན་གཅིག་སྡུད་བཅོས་སྒྲིག་བྱས་ནས། མི་རིགས་ཁག་གི་མང་ཚོགས་ཀྱི་ཐོབ་སྣང་དང་། སྐྱིད་སྣང་། བདེ་འཇགས་ཚོར་སྣང་བཅས་རྒྱུན་ཆད་མེད་པར་ཆེ་རུ་གཏོང་དགོས་པའི་ནན་བཤད་གནང་བ་རེད།
ཝང་ཅུན་ཀྲེང་གིས་གསུངས་དོན། ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས“ཞིང་གསུམ”གནད་དོན་ཐག་གཅོད་ཡག་པོ་བྱ་རྒྱུ་དེ་ཏང་ཡོངས་ཀྱི་ལས་དོན་གྱི་གལ་ཆེའི་ནང་གི་འགངས་ཆེར་བརྩི་རྒྱུ་མཐའ་འཁྱོངས་གནང་བ་དང་འབྲེལ། རྒྱུན་རྣམ་ཅན་གྱི་རོགས་སྐྱོར་ལ་སྐུལ་འདེད་བཏང་སྟེ། དབུལ་སྒྲོལ་འགག་སྒྲོལ་གྱི་གྲུབ་འབྲས་རྒྱུན་མཐུད་སྲ་བརྟན་དང་རྒྱ་ཆེར་གཏོང་བའི་ཐད་བཀོད་སྒྲིག་གསར་པ་དང་བླང་བྱ་གསར་པ་རབ་དང་རིམ་པ་བཏོན་གནང་ཡོད། ད་ལོ་ནི་རྒྱུན་རྣམ་ཅན་གྱི་རོགས་སྐྱོར་ལ་བསྒྱུར་བའི་ལོ་དང་པོ་རེད།ལྗོངས་ཡོངས་ཀྱི་རིམ་པ་ཁག་དང་སྡེ་ཚན་ཁག་གིས་རྒྱུན་རྣམ་ཅན་གྱི་རོགས་སྐྱོར་ཡག་པོ་བྱེད་པ་དེ་ཆབ་སྲིད་ཀྱི་ལས་འགན་གལ་ཆེན་ཞིག་ཏུ་བརྩིས་ནས་གྲོང་གསེབ་དར་རྒྱས་འཐབ་ཇུས་ནང་བཅུག་ནས་སྤྱི་འདོམས་ལག་བསྟར་བྱེད་དགོས་པ་དང་། རིམ་ལྔའི་ཧྲུའུ་ཅིས་གྲོང་གསེབ་དར་རྒྱས་ལ་དམ་འཛིན་བྱེད་པའི་འགན་འཁྲི་དོན་འཁྱོལ་ཡག་པོ་བྱས་ཏེ། ཐོག་མཐའ་བར་གསུམ་དུ་དམ་ཞིང་ནན་པ་དང་། གཏིང་ཟབ་ལ་ཞིབ་ཚགས་པ། ཕྱོགས་ཡོངས་ནས་མཐུན་སྦྱོར་བཅས་བྱས་ཐོག “ཞིང་གསུམ”ལས་དོན་གྱི་ཕན་འབྲས་གསར་པར་བརྟེན་ནས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་བོད་གསར་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་དགོས།
ཝང་ཅུན་ཀྲེང་གིས་ནན་བཤད་གནང་དོན། བརྒྱུད་རིམ་ལྡན་པའི་བསམ་གཞིག་དང་སྤྱི་ཡོངས་ཀྱི་འདུ་ཤེས་མཐའ་འཁྱོངས་ཀྱིས་རྒྱུན་རྣམ་ཅན་གྱི་རོགས་སྐྱོར་ལས་དོན་དོན་ཐོག་ཏུ་འཁྱོལ་བར་སྐུལ་འདེད་ཏན་ཏིག་གཏོང་དགོས། ཞིང་འབྲོག་ལས་ཀྱི་ཕྱོགས་བསྡུས་ཐོན་སྐྱེད་ནུས་པ་དང་སྤུས་ཚད་དང་ཕན་འབྲས་སྔར་བས་ཆེ་རུ་གཏོང་བ་དང་། ཡུལ་བབ་དང་བསྟུན་ནས་ཞིང་འབྲོག་ལས་ཀྱི་ཐོན་སྐྱེད་ནུས་ཤུགས་གསར་མ་འཕེལ་རྒྱས་བཏང་སྟེ་ས་མཐོའི་ཁྱད་ལྡན་ལེགས་ཆའི་ཐོན་ལས་གང་མགྱོགས་སྐྱེད་སྲིང་བྱེད་དགོས། ཐབས་བརྒྱ་ཇུས་སྟོང་ངང་ཞིང་འབྲོག་པའི་ཡོང་འབབ་མང་དུ་གཏོང་བ་དང་རྫོང་ཁོངས་ཀྱི་དམངས་ཕྱུག་ཐོན་ལས་སྐྱེད་སྲིང་དང་སྟོབས་ཆེར་བཏང་ནས་ཞིང་འབྲོག་པར་ཐོན་ལས་འཁོར་འབྲེལ་གྱི་གནས་ཐང་འཕར་བའི་ཕན་འབྲས་མཉམ་སྤྱོད་ཐུབ་པར་བྱེད་དགོས། རྒྱུན་རྣམ་ཅན་གྱི་དབུལ་པོ་བསྐྱར་ལོག་དང་དབུལ་འགྱུར་སྔོན་འགོག་གི་ལམ་སྲོལ་འཛུགས་པ་དང་འཐུས་སྒོ་ཚང་དུ་བཏང་སྟེ་དུས་ཐོག་ཏུ་ལྟ་ཞིབ་ཚད་ལེན་དང་དབྱེ་འབྱེད་གནད་སྨིན་བྱས་ནས་རྒྱུན་རྣམ་ཅན་གྱི་རོགས་སྐྱོར་རིགས་དབྱེའི་ངང་ཡག་པོ་སྒྲུབ་དགོས། “ཁྲི་སྟོང་འདུ་འགོད”ཀྱི་ཉམས་མྱོང་སློབ་སྦྱོང་དང་བེད་སྤྱོད་བྱས་ཏེ་གཞི་རིམ་བཅོས་སྐྱོང་མ་ལག་དང་བཅོས་སྐྱོང་ནུས་པ་དེང་རབས་ཅན་གྱི་ཆུ་ཚད་རྒྱུན་ཆད་མེད་པར་མཐོ་རུ་བཏང་ནས་གནས་འཕྲོད་ལས་འཚམ་མཛེས་མཐུན་གསུམ་ལྡན་གྱི་གྲོང་གསེབ་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་དགོས།
ཝང་ཅུན་ཀྲེང་གིས་ནན་བཤད་གནང་དོན། རྒྱུན་རྣམ་ཅན་གྱི་རོགས་སྐྱོར་བྱེད་པ་དང་གྲོང་གསེབ་ཕྱོགས་ཡོངས་ནས་དར་རྒྱས་ཡོང་བར་སྐུལ་འདེད་གཏོང་བ་ནི་ཡུན་རིང་གི་འཐབ་ཇུས་ལས་འགན་ཞིག་རེད། རིམ་ཁག་འགོ་ཁྲིད་ལས་བྱེད་པས་ཡང་དག་པའི་སྲིད་དོན་ལས་རྗེས་ལྟ་བ་འཛུགས་པ་དང་ལག་ལེན་བསྟར་ཏེ། དམངས་ལ་བདེ་སྐྱིད་བསྐྲུན་པ་དེ་སྲིད་དོན་ལས་རྗེས་ཆེ་ཤོས་སུ་བརྩི་བ་དང་། ཐམས་ཅད་དོན་དངོས་ལ་གཞི་ཚུགས་རྒྱུ་མཐའ་འཁྱོངས་བྱེད་པ། རང་རྟོགས་ངང་ཆོས་ཉིད་ལྟར་བྱ་བ་སྒྲུབ་པ། འཕྲལ་བདེ་འཕྲལ་ཕན་དང་། ཕྱི་ཚུལ་རིང་ལུགས། མང་ཚོགས་དང་བྲལ་བ། མིག་རྒྱང་ཐུང་བ་དང་ལོང་མཆོང་སོགས་ཀྱི་གནད་དོན་མཐའ་གཅིག་ཏུ་ཡོ་བཅོས་བྱེད་པ། ཞིང་འབྲོག་པའི་འདོད་བློར་བརྩི་འཇོག་གང་ལེགས་བྱེད་པ། ཞིང་འབྲོག་མང་ཚོགས་ཀྱི་ཧུར་བརྩོན་རང་བཞིན་དང་། རང་འགུལ་རང་བཞིན། གསར་གཏོད་རང་བཞིན་བཅས་སྐུལ་སློང་བྱེད་པ། སྲིད་ཇུས་ལག་བསྟར་ཐད“གཅིག་དཔེ་བརྒྱ་འགེབས”དང་འཁྲི་འགན་རིམ་སྣོན་གྱི་གནད་དོན་མི་ཐོན་པ་བཅས་བྱས་ཏེ། སྲིད་དོན་ལས་རྗེས་དེ་ཞིང་འབྲོག་ལས་སྤུས་འབྲས་ལེགས་གཉེར་དང་། ཞིང་འབྲོག་ཁུལ་གནས་འཕྲོད་ལས་འཚམ། ཞིང་འབྲོག་མང་ཚོགས་འབྱོར་ཕྱུག་ལྡན་པ་བཅས་ཀྱི་ཁྲོད་དངོས་སུ་ཐོན་པར་བྱས་ནས། མཛེས་སྡུག་ལྡན་པའི་འཚོ་བར་བཅངས་པའི་རྒྱ་ཆེའི་ཞིང་འབྲོག་མང་ཚོགས་ཀྱི་རེ་འདོད་དེ་གྲོང་གསེབ་ཕྱོགས་ཡོངས་ནས་དར་རྒྱས་ལ་སྐུལ་འདེད་གཏོང་བའི་སྒུལ་ཤུགས་སུ་འགྱུར་བར་བྱེད་དགོས། གནད་དོན་ཕྱོགས་སྟོན་དུ་འཛིན་རྒྱུ་མཐའ་འཁྱོངས་ཀྱིས་སློབ་སྦྱོང་སློབ་གསོ་གོ་སྐབས་སུ་བྱས་ཏེ། དག་ཐེར་བཅོས་སྒྲིག་གི་འགན་འཁྲི་མཐའ་གཅིག་ཏུ་འཁུར་བ་དང་། ཞིབ་ཕྲའི་མཚོན་ཚུལ་གྱི་སྲིད་དོན་ལས་རྗེས་ལྟ་བའི་ཧེ་བག་གནད་དོན་གནད་འཁེལ་འཚོལ་བ། འབྱུང་རྩ་ནས་བཅོས་སྒྲིག་མངོན་གསལ་དོད་པོ་ཡོང་བར་བྱེད་པ། གཅིག་ཤེས་ཀུན་གྲོལ་ཐུབ་པར་བྱེད་པ། གནད་དོན་གཅིག་ཐག་གཅོད་བྱེད་པ་ནས་རིགས་གཅིག་པའི་གནད་དོན་ཐག་གཅོད་བྱེད་པའི་བར་རྒྱ་བསྐྱེད་པར་སྐུལ་འདེད་གཏོང་བ། ལས་དོན་ཡག་པོ་སྒྲུབ་པའི་ནུས་པ་དང་འཇོན་ཐང་ཆེ་རུ་ཏན་ཏིག་གཏོང་བ། མི་དམངས་ཀྱི་ཆེད་དུ་སྲིད་དོན་ལས་རྗེས་འཇོག་པ་དང་དངོས་སྒྲུབ་ལ་བརྟེན་ནས་སྲིད་དོན་ལས་རྗེས་འཇོག་རྒྱུ་མཐའ་འཁྱོངས་བཅས་བྱས་ཏེ། གྲོང་གསེབ་ཕྱོགས་ཡོངས་ནས་དར་རྒྱས་གཏོང་བ་དེ་སྐས་རིམ་གསར་པ་ཞིག་ཏུ་སླེབས་པར་སྐུལ་འདེད་གཏོང་དགོས།
ཝང་ཅུན་ཀྲེང་གིས་བསྟན་དོན། རང་སྐྱོང་ལྗོངས་ཏང་ཨུད་ཀྱིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་ལག་བསྟར་མཐའ་གཅིག་ཏུ་བྱེད་པ་དང་། མང་ཚོགས་ཉེ་འགྲམ་གྱི་ཚུལ་མིན་སྤྱོད་ཚུལ་དང་རུལ་སུངས་གནད་དོན་གཅིག་སྡུད་བཅོས་སྒྲིག་བྱ་རྒྱུའི་སྐོར་གྱི་ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་དོན་འཁྱོལ་ནན་ཏན་བྱེད་པ། ལས་དོན་སྤེལ་ཤུགས་ཆེ་རུ་གཏོང་བ་དང་གཏིང་ཟབ་སྤེལ་བ་བཅས་བྱས་པས། “ཆུང་ཟ་ཆུང་རུལ”ཁག་གཅིག་ཞིབ་བཤེར་ཐག་གཅོད་ཐུབ་པ་དང་བྱ་བ་དངོས་དང་བྱ་བ་བཟང་པོ་ཁག་གཅིག་བསྒྲུབས་པར་མང་ཚོགས་ཀྱི་ཁས་ལེན་དང་གདེང་འཇོག་བཟང་པོ་ཐོབ་ཡོད། ད་ལོ་ནི་མང་ཚོགས་ཉེ་འགྲམ་གྱི་ཚུལ་མིན་སྤྱོད་ཚུལ་དང་རུལ་སུངས་ཀྱི་གནད་དོན་གཅིག་སྡུད་བཅོས་སྒྲིག་བྱེད་པའི་འགག་སྒྲོལ་དང་རྒྱལ་ཁ་ཕུ་ཐག་གཅོད་པའི་ལོ་ཞིག་རེད། དེས་ན་ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་ཇི་མ་ཇི་བཞིན་ལག་བསྟར་དོན་འཁྱོལ་བྱེད་པ་དང་། གཅིག་སྡུད་བཅོས་སྒྲིག་བྱེད་པ་དེ་ཡང་དག་པའི་སྲིད་དོན་ལས་རྗེས་ལྟ་བ་འཛུགས་པ་དང་ལག་ལེན་བསྟར་བའི་སློབ་སྦྱོང་སློབ་གསོ་དང་ཟུང་འབྲེལ་བྱེད་པ། ཕྱོགས་ཡོངས་ནས་ཏང་ནན་པོས་སྐྱོང་རྒྱུ་དེ་གཞི་རིམ་དང་མང་ཚོགས་ཀྱི་ཉེ་འགྲམ་དུ་སྣུར་སྲིང་བྱེད་པར་སྐུལ་འདེད་གཏོང་བ། གཅིག་སྡུད་བཅོས་སྒྲིག་གི་འགག་སྒྲོལ་དམག་འཐབ་མཐའ་གཅིག་ཏུ་ཡག་པོ་རྒྱག་པ་བཅས་བྱས་ནས་མང་ཚོགས་ལ་འགྱུར་ལྡོག་གསར་པ་ཚོར་བ་དང་ཕན་པ་དངོས་ཐོབ་པར་བྱེད་དགོས། གཙོ་གནད་ཁྱབ་ཁོངས་ཀྱི་གཅིག་སྡུད་འགག་སྒྲོལ་ལ་དམ་པོར་དམིགས་པ་དང་། རྒྱལ་ཡོངས་རང་བཞིན་དང་རང་སྐྱོང་ལྗོངས་ཀྱི་གཙོ་གནད་བཅོས་སྒྲིག་རྣམ་གྲངས་ལ་དམིགས་པ། དམངས་འཚོའི་ཁྱབ་ཁོངས་ཀྱི་ཡིག་འབུལ་ཞུ་བཅར་གྱི་གནད་དོན་ཐག་གཅོད་ལས་དོན་ལ་ནུས་ཤུགས་ཡོད་རྒུས་དམ་འཛིན་ཡག་པོ་བྱེད་པ། དོན་དངོས་ཞིབ་བཤེར་གསལ་པོ་དང་རིགས་དབྱེ་ཇུས་བསྟར་བྱེད་པ། འགག་རྩའི་ལྷུ་ཚིགས་རྒྱབ་ཀྱི་སྤྱོད་ཚུལ་དང་རུལ་སུངས་ཀྱི་གནད་དོན་ལ་དམ་འཛིན་བྱེད་པ། མང་ཚོགས་ཀྱི་ཁེ་ཕན་ལ་གནོད་པའི་སྒྲིག་འགལ་ཁྲིམས་འགལ་གྱི་གནད་དོན་ཞིབ་བཤེར་ཐག་གཅོད་མཐའ་གཅིག་ཏུ་བྱེད་པ་བཅས་བྱས་ནས་རྩ་བའི་རང་བཞིན་གྱི་འགྱུར་ལྡོག་ཡོང་བར་སྐུལ་འདེད་གཏོང་དགོས། དམངས་འཚོའི་བྱ་བ་དངོས་ཡག་པོ་སྒྲུབ་པ་དང་། དུས་རབས་གསར་པའི་ཏང་གི་མང་ཚོགས་ལམ་ཕྱོགས་སུ་ཡག་པོ་སྐྱོད་རྒྱུ་མཐའ་འཁྱོངས་བྱེད་པ། ཐོག་མཐའ་བར་གསུམ་དུ་མང་ཚོགས་ཉེ་འགྲམ་གྱི་དོན་ཆུང་དག་རིམ་ཁག་ཏང་ཨུད་དང་སྲིད་གཞུང་གི་དོན་ཆེན་ལ་བརྩིས་ནས་དམ་འཛིན་བྱེད་པ། མང་ཚོགས་ཀྱི་འཕྲལ་མཁོ་ཆེ་ཤོས་དང་། སེམས་ཁྲལ་ཆེ་ཤོས། རེ་སྒུག་ཆེ་ཤོས་བཅས་ཀྱི་གནད་དོན་ལ་དམ་པོར་དམིགས་པ། ཐར་པར་གཏན་ནས་མི་གཏོང་བའི་རྣམ་འགྱུར་ཐོག་ནས་མང་ཚོགས་ཉེ་འགྲམ་གྱི“རུལ་སུངས་ཆུང་ཙག”ལ་ཆད་པ་གཅོད་པ་བཅས་བྱས་ཏེ། རུལ་སུངས་ལ་ཞིབ་བཤེར་བྱེད་མཁན་ཡོད་པ་དང་། གནད་དོན་ལ་ཐེ་ཇུས་བྱེད་མཁན་ཡོད་པ། ཁེ་ཕན་ལ་སྲུང་སྐྱོང་བྱེད་མཁན་ཡོད་པ་བཅས་མང་ཚོགས་ཀྱིས་ཏན་ཏིག་ཚོར་བར་བྱས་ཐོག དམངས་སེམས་རྒྱུན་ཆད་མེད་པར་གཅིག་ཏུ་བསྒྲིལ་ནས་ཏང་གིས་བོད་དུ་སྲིད་འཛིན་པའི་རྨང་གཞི་བརྟན་དུ་གཏོང་དགོས། འགན་འཁྲི་དོན་འཁྱོལ་ལ་དམ་འཛིན་ནན་པོ་བྱེད་པ་དང་། ཏང་སྲིད་ཀྱི་འགན་འཁྲི་གཙོ་བོ་དང་སྒྲིག་ཨུད་ཀྱི་ཆེད་དོན་འགན་འཁྲི་ནན་དུ་གཏོང་བ། རིམ་པ་དེ་གར་དམ་འཛིན་དང་། ཁོངས་གཏོགས་ལ་སྐུལ་ཁྲིད་བྱེད་པ། གཞི་རིམ་ལ་སྐུལ་འདེད་གཏོང་བ་བཅས་ཀྱི་འགན་ནུས་སྡེ་ཚན་གྱི་ནུས་པ་གང་ལེགས་འདོན་པ། འགན་འཁྲིའི་སྦྲེལ་ཐག་དམ་དུ་གཏོང་བ། རིམ་པ་བཞིན་གནོན་ཤུགས་བརྒྱུད་སྤྲོད་བྱེད་པ། འགལ་ཟླ་དང་གནད་དོན་སྣ་ཚོགས་གཞི་རིམ་དུ་ཐག་གཅོད་དང་ཐོན་མ་ཐག་ནས་ཧུར་ཐག་སེལ་བ་བཅས་བྱས་ཏེ། བོད་ཡུན་རིང་བདེ་འཁོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཆེད་སྤྱི་ཚོགས་ཀྱི་ཁོར་ཡུག་བཟང་པོ་ཞིག་གཏོད་དགོས།
འབྲེལ་ཡོད་གསར་འགྱུར།