རང་བྱུང་ཐོན་ཁུངས་པུའུ་དང་། རྒྱལ་ཁབ་ནགས་ལས་དང་རྩྭ་ཐང་ཅུས། ཀྲུང་གོ་ས་གཤིས་བརྟག་དཔྱད་ཅུས་བཅས་ཀྱི་བོད་སྐྱོར་ལས་དོན་གྱི་བཞུགས་མོལ་ཚོཌ་འདུ་འཚོཌ་པ།
ཝང་ཅུན་ཀྲེང་དང་ཀོན་ཀྲི་ཨོའུ་ཚོགས་འདུར་ཕེབས་ནས་གསུང་བཤད་གནང་བ་དང་། ཀརྨ་ཚེ་བརྟན་གྱིས་ཚོགས་འདུ་གཙོ་སྐྱོང་གནང་བ།

ཟླ་5ཚེས་20ཉིན། རང་བྱུང་ཐོན་ཁུངས་པུའུ་དང་། རྒྱལ་ཁབ་ནགས་ལས་དང་རྩྭ་ཐང་ཅུས། ཀྲུང་གོ་ས་གཤིས་བརྟག་དཔྱད་ཅུས་བཅས་ཀྱི་བོད་སྐྱོར་ལས་དོན་གྱི་བཞུགས་མོལ་ཚོགས་འདུ་ལྷ་སར་འཚོགས་ཤིང་། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་ཝང་ཅུན་ཀྲེང་དང་རང་བྱུང་ཐོན་ཁུངས་པུའི་ཏང་ཙུའི་ཧྲུའུ་ཅི་དང་པུའུ་ཀྲང་དང་། རྒྱལ་ཁབ་རང་བྱུང་ཐོན་ཁུངས་ཀྱི་སྤྱི་ཁྱབ་ལྟ་ཞིབ་པ་བཅས་ཡིན་པའི་ཀོན་ཀྲི་ཨོའུ་རྣམ་གཉིས་ཚོགས་འདུར་ཕེབས་ནས་གསུང་བཤད་གནང་བ།
ཟླ་5ཚེས་20ཉིན། རང་བྱུང་ཐོན་ཁུངས་པུའུ་དང་། རྒྱལ་ཁབ་ནགས་ལས་དང་རྩྭ་ཐང་ཅུས། ཀྲུང་གོ་ས་གཤིས་བརྟག་དཔྱད་ཅུས་བཅས་ཀྱི་བོད་སྐྱོར་ལས་དོན་གྱི་བཞུགས་མོལ་ཚོགས་འདུ་ལྷ་སར་འཚོགས་ཤིང་། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་ཝང་ཅུན་ཀྲེང་དང་། རང་བྱུང་ཐོན་ཁུངས་པུའི་ཏང་ཙུའི་ཧྲུའུ་ཅི་དང་པུའུ་ཀྲང་དང་། རྒྱལ་ཁབ་རང་བྱུང་ཐོན་ཁུངས་ཀྱི་སྤྱི་ཁྱབ་ལྟ་ཞིབ་པ་བཅས་ཡིན་པའི་ཀོན་ཀྲི་ཨོའུ་རྣམ་གཉིས་ཚོགས་འདུར་ཕེབས་ནས་གསུང་བཤད་གནང་བ་དང་། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་དང་རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་ཀརྨ་ཚེ་བརྟན་གྱིས་ཚོགས་འདུ་གཙོ་སྐྱོང་གནང་བ་རེད།
ཝང་ཅུན་ཀྲེང་གིས་རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གི་ཚབ་ཞུས་ནས་རང་བྱུང་ཐོན་ཁུངས་པུའུ་དང་། རྒྱལ་ཁབ་ནགས་ལས་དང་རྩྭ་ཐང་ཅུས། ཀྲུང་གོ་ས་གཤིས་བརྟག་དཔྱད་ཅུས་བཅས་ཀྱིས་དུས་ཡུན་རིང་པོའི་ནང་བོད་ཀྱི་ལས་དོན་ལ་རྒྱབ་སྐྱོར་ཤུགས་ཆེན་གནང་བར་ཐུགས་རྗེ་ཆེ་ཞུས་པ་རེད། ཁོང་གིས། ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་བོད་ཀྱི་ལས་དོན་ལ་ཚད་མཐོའི་མཐོང་ཆེན་གནང་ནས་ཁོང་སྐུ་ངོ་མ་བོད་དུ་གཟིགས་ཞིབ་དང་མཛུབ་ཁྲིད་གནང་བར་ཕེབས་པ་མ་ཟད། མཆན་བཀོད་མཛུབ་སྟོན་གལ་ཆེན་ཐེངས་མང་གནང་ནས་དུས་རབས་གསར་པའི་ཏང་གི་བོད་སྐྱོང་མཛད་ཇུས་གཏན་འཁེལ་གནང་བ་དང་། བརྟན་ལྷིང་དང་། འཕེལ་རྒྱས། སྐྱེ་ཁམས། མཐའ་སྟོབས་བཅས་དོན་ཆེན་བཞི་ཁ་གསལ་བཟོས་གནང་བ། ཡུན་རིང་བདེ་འཁོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་འཐབ་ཇུས་དམིགས་ཚད་བཏོན་གནང་བ་དེས་ང་ཚོས་བོད་ཀྱི་ལས་དོན་ཡག་པོ་སྒྲུབ་པར་མདུན་སྐྱོད་ཀྱི་ཁ་ཕྱོགས་གསལ་སྟོན་དང་རྩ་བའི་གཞི་འཛིན་ས་མཁོ་འདོན་བྱས་ཡོད། རང་སྐྱོང་ལྗོངས་ཏང་ཨུད་ཀྱིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་བོད་ཀྱི་ལས་དོན་སྐོར་གྱི་མཛུབ་སྟོན་གལ་ཆེན་དང་དུས་རབས་གསར་པའི་ཏང་གི་བོད་སྐྱོང་མཛད་ཇུས་ལག་བསྟར་ནན་ཏན་བྱས་ཏེ། “དོན་ཆེན་བཞི”དོན་འཁྱོལ་ལ་རྒྱུན་སྲིང་ལྷོད་མེད་ངང་དམ་འཛིན་ཡག་པོ་བྱས་ནས་བྱ་གཞག་ཁག་ལ་གྲུབ་འབྲས་གསར་པ་རྒྱུན་ཆད་མེད་པར་ཐོབ་རྒྱུར་སྐུལ་འདེད་བཏང་ཡོད། གྲུབ་འབྲས་འདི་དག་ཐོབ་པ་ནི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་ཁ་སྒྱུར་ཕྱོགས་སྟོན་ལས་བྱུང་བ་དང་། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པའི་ཚན་རིག་དང་མཐུན་པའི་ཁྲིད་སྟོན་ལས་བྱུང་ཞིང་། དེ་ནི་བོད་ཀྱི་མི་རིགས་ཁག་གི་མི་དམངས་ཀྱིས་མཐུན་སྒྲིལ་འབད་འཐབ་བྱས་པའི་འབྲས་བུ་ཡིན་ལ། རང་བྱུང་ཐོན་ཁུངས་ཁོངས་གཏོགས་ཀྱི་ཐུགས་ཁུར་དང་རྒྱབ་སྐྱོར་དང་ཡང་ཁ་འབྲལ་ཐབས་མེད་ཅེས་གསུངས་པ་རེད།
ཝང་ཅུན་ཀྲེང་གིས་བསྟན་དོན། བོད་ནི་རྒྱལ་ཁབ་ཀྱི་བདེ་འཇགས་སྲུང་བཅད་དང་། སྐྱེ་ཁམས་ཀྱི་བདེ་འཇགས་སྲུང་བཅད། འཐབ་ཇུས་ཐོན་ཁུངས་ཀྱི་གྲབས་གསོག་རྟེན་གཞི། ནུས་རྒྱུ་གཙང་མའི་རྟེན་གཞི་བཅས་གལ་ཆེན་ཞིག་རེད། ང་ཚོས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་ལག་བསྟར་ནན་ཏན་བྱེད་པ་དང་། རང་བྱུང་ཐོན་ཁུངས་ཀྱི་ལས་དོན་དང་བོད་ཀྱི་ལས་དོན་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཆན་བཀོད་མཛུབ་སྟོན་གལ་ཆེན་དང་དུས་རབས་གསར་པའི་ཏང་གི་བོད་སྐྱོང་མཛད་ཇུས་མཐའ་གཅིག་ཏུ་དོན་འཁྱོལ་བྱས་ཏེ་བློ་བརྟན་འགྱུར་མེད་ངང་ཏང་ཀྲུང་དབྱང་གི་ཐབས་ཇུས་དང་བཀོད་སྒྲིག་གནད་སར་དོན་འཁྱོལ་ཐུབ་པར་བྱེད་དགོས། རང་བྱུང་ཐོན་ཁུངས་ཁོངས་གཏོགས་ཀྱིས་རྒྱལ་ཁབ་ས་ཆའི་བོད་ཀྱི་བར་མཐོངས་འཆར་འགོད་ལ་མཛུབ་ཁྲིད་བྱེད་ཤུགས་ཆེ་རུ་བཏང་སྟེ། བར་མཐོངས་བཀོད་ཇུས་ལེགས་སུ་དང་འཐུས་སྒོ་ཚང་དུ་གཏོང་བ་དང་། ཐོན་ཁུངས་བེད་སྤྱོད་ཀྱི་ལས་ཕྱོད་ཆེ་རུ་གཏོང་བ། ཐོན་ཁུངས་ཀྱི་ལེགས་ཆ་དེ་དཔལ་འབྱོར་གྱི་ལེགས་ཆ་དང་འཕེལ་རྒྱས་ཀྱི་ལེགས་ཆར་དེ་བས་ལེགས་པའི་སྒོ་ནས་བསྒྱུར་བ་དང་། རང་བྱུང་གནོད་འཚེ་འགོག་བཅོས་ལ་ཤུགས་སྣོན་བརྒྱབ་ནས་ལྟ་ཞིབ་ཚད་ལེན་གྱི་སྔོན་ཚུད་ཉེན་བརྡ་གཏོང་ཤུགས་ཆེ་རུ་གཏོང་བ་དང་འཕྲལ་སྡོམ་གྲ་སྒྲིག་འཐུས་སྒོ་ཚང་དུ་གཏོང་བ། སྔོན་ཚུད་ནས་སྔོན་འགོག་དང་འགོག་ཟོན་བཅས་བྱས་ནས་བདེ་འཇགས་ཀྱི་མཐའ་ཚད་བརྟན་སྲུང་བྱས་ཏེ་མི་རིགས་ཁག་གི་མང་ཚོགས་ཀྱི་ཐོབ་སྣང་དང་། སྐྱིད་སྣང་། བདེ་འཇགས་ཚོར་སྣང་བཅས་ཆེ་རུ་གཏོང་བ། བོད་སྐྱོར་ལས་དོན་སྤེལ་ཤུགས་ཆེ་རུ་བཏང་ནས་སྲིད་ཇུས་དང་། མ་དངུལ། རྣམ་གྲངས། ཤེས་ལྡན་པ་སོགས་ཀྱི་ཐད་རྒྱབ་སྐྱོར་ནུས་ལྡན་བཅས་བྱས་ཏེ། སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་བོད་གསར་འཛུགས་སྐྲུན་ཆེད་ལེགས་སྐྱེས་གསར་པ་དེ་བས་ཆེ་བ་འབུལ་རྒྱུའི་རེ་བ་ཡོད།
ཀོན་ཀྲི་ཨོའུ་ཡིས་རང་བྱུང་ཐོན་ཁུངས་པུའི་ཚབ་ཞུས་ནས་བོད་རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གིས་རང་བྱུང་ཐོན་ཁུངས་དང་ནགས་ལས་དང་རྩྭ་ཐང་དང་དེ་བཞིན་ས་གཤིས་བརྟག་དཔྱད་ལས་དོན་ལ་ཐུགས་ཁུར་དང་རྒྱབ་སྐྱོར་གནང་བར་ཐུགས་རྗེ་ཆེ་ཞུས་པ་རེད། ཁོང་གིས། ཉེ་བའི་ལོ་ཤས་རིང་། རང་བྱུང་ཐོན་ཁུངས་པུའུ་དང་། རྒྱལ་ཁབ་ནགས་ལས་དང་རྩྭ་ཐང་ཅུས། ཀྲུང་གོ་ས་གཤིས་བརྟག་དཔྱད་ཅུས་བཅས་ཀྱིས་བོད་ཀྱི་ལས་དོན་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་དང་དུས་རབས་གསར་པའི་ཏང་གི་བོད་སྐྱོང་མཛད་ཇུས་ལག་བསྟར་གཏིང་ཟབ་བྱས་ཏེ་ཏང་དང་རྒྱལ་ཁབ་ཀྱི་ལས་དོན་སྤྱི་ཡོངས་ཁྲོད་བོད་ཀྱི་ལས་དོན་གྱི་དམིགས་བསལ་དང་གལ་འགངས་ཆེ་བའི་རང་བཞིན་ལ་གོ་བ་གཏིང་ཟབ་བླངས་ནས་སྲིད་ཇུས་ཀྱི་གཟིགས་སྐྱོང་དང་། རྣམ་གྲངས་ཀྱི་འདེགས་སྐྱོར། རྒྱུ་རྐྱེན་གཙོ་བོའི་འགན་སྲུང་། ཤེས་ལྡན་པའི་རོགས་སྐྱོར་བཅས་བྱེད་ཤུགས་རྒྱུན་མཐུད་ཆེ་རུ་བཏང་བས་བོད་སྐྱོར་ལས་དོན་ལ་དུས་མཚམས་རང་བཞིན་གྱི་གྲུབ་འབྲས་ཐོབ་ཡོད་ཅེས་བསྟན་པ་རེད།
ཀོན་ཀྲི་ཨོའུ་ཡིས་བསྟན་དོན། རང་བྱུང་ཐོན་ཁུངས་པུས་རང་བྱུང་ཐོན་ཁུངས་ཀྱི“ཕྱག་མཛོད་ཆེ་མོ”དང་མཛེས་སྡུག་ལྡན་པའི་ཀྲུང་གོ“སྲུང་སྐྱོང་བའི”འགན་འཁྲི་གལ་ཆེན་ཁུར་ཡོད། གོམ་སྟབས་རྗེས་མར། བོད་རང་སྐྱོང་ལྗོངས་དང་ཕྱོགས་གཅིག་ཏུ་ཤུགས་རྒྱག་པ་དང་མཉམ་དུ་ལས་དོན་སྒྲུབ་པ་དང་སྡེ་ཚན་གྱི་ནུས་པ་གང་ལེགས་བཏོན་ཏེ་ཚད་གཞི་དེ་བས་མཐོ་བ་དང་བྱ་ཐབས་དེ་བས་ཏན་ཏིག་གི་སྒོ་ནས་རང་བྱུང་ཐོན་ཁུངས་ཀྱི་བོད་སྐྱོར་ལས་དོན་ཡག་པོ་སྒྲུབ་ཀྱི་ཡིན། རྒྱལ་ཁབ་ས་ཆའི་བར་མཐོངས་འཆར་འགོད་བཟོ་བ་དང་ལེགས་སུ་གཏོང་བའི་ལས་དོན་ཡག་པོ་བསྒྲུབས་ནས་བོད་ལ་བྱེད་ནུས་ཁུལ་གཙོ་བོ་སོགས་རྒྱལ་ཁབ་ཀྱི་འཐབ་ཇུས་སྤྱི་འདོམས་དང་དོན་འཁྱོལ་ལ་རྒྱབ་སྐྱོར་བྱ་རྒྱུ་དང་། བོད་ལ་མཉམ་འབྲེལ་ཐོག་རང་བྱུང་ཐོན་ཁུངས་དོ་དམ་དང་རྒྱལ་ཁབ་ས་ཆའི་བར་སྟོང་འཆར་འགོད་ཀྱི“ས་བཀྲ”བཟོ་རོགས་བྱས་ཏེ་འཕེལ་རྒྱས་ཀྱི་བཀོད་པ་གསར་པར་དེ་བས་ལེགས་པའི་སྒོ་ནས་ཞབས་འདེགས་ཞུ་བ་དང་མཉམ་འདྲེས་ཐུབ་པར་བྱེད་ཀྱི་ཡིན། རང་བྱུང་ཐོན་ཁུངས་ཀྱི་རྒྱུ་རྐྱེན་གཙོ་བོའི་བཀོད་སྒྲིག་ལེགས་སུ་བཏང་ནས་རྒྱལ་ཁབ་ཀྱི་རྣམ་གྲངས་གལ་ཆེན་དང་། རྨང་གཞིའི་སྒྲིག་བཀོད། སྤྱི་པའི་བྱ་གཞག དམངས་འཚོའི་འདུ་འགོད་སོགས་རྒྱུ་རྐྱེན་གཙོ་བོ་འགན་ལེན་ཡག་པོ་བྱས་ཏེ་བོད་ལ་རྨང་གཞིའི་སྒྲིག་བཀོད་གལ་ཆེན་གང་མགྱོགས་སྐྲུན་པར་རྒྱབ་སྐྱོར་བྱེད་ཀྱི་ཡིན། སྐྱེ་ཁམས་སྲུང་སྐྱོང་སླར་གསོ་དང་ས་གཤིས་ཀྱི་གནོད་འཚེ་ཕྱོགས་བསྡུས་འགོག་བཅོས་ལ་ཤུགས་སྣོན་རྒྱག་པ་དང་། བོད་ལ་སྐྱེ་ཁམས་སྲུང་སྐྱོང་སླར་གསོའི་འདུ་འགོད་གལ་ཆེན་ལག་ལེན་བསྟར་བར་རྒྱབ་སྐྱོར་བྱེད་པ། རྒྱལ་ཁབ་སྤྱི་གླིང་གི་སྤུས་ཚད་མཐོ་བའི་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་བ། རང་བྱུང་གནོད་འཚེ་ལྟ་ཞིབ་ཚད་ལེན་དང་སྔོན་བརྡ་ཉེན་བརྡ་གཏོང་བར་ཤུགས་སྣོན་རྒྱག་པ་བཅས་བྱས་ཏེ། གེགས་འགོག་གེགས་སེལ་དང་གནོད་འཚེ་ཉུང་གཏོང་གི་བྱེད་ནུས་ཆེ་རུ་གཏོང་གི་ཡིན། ཤེས་ལྡན་པའི་བོད་སྐྱོར་རྒྱུན་མཐུད་བརྟན་དུ་གཏོང་བ་དང་། ཤེས་ལྡན་པའི་བོད་སྐྱོར་ཐབས་ལམ་རྒྱ་ཆེར་གཏོང་བ། འཆར་འགོད་ཇུས་འགོད་དང་། སྐྱེ་ཁམས་བདེ་འཇགས། ས་གཤིས་བདེ་འཇགས་སོགས་ཁྱབ་ཁོངས་ཀྱི་ཕུལ་བྱུང་ཤེས་ལྡན་པས་བོད་ལྗོངས་ལ་ཞབས་འདེགས་ཞུ་བ་དང་བོད་ལྗོངས་འཛུགས་སྐྲུན་བྱས་ནས་ལས་ཀའི་སྤུས་ཚད་སྔར་བས་ཆེ་རུ་གཏོང་གི་ཡིན།
འབྲེལ་ཡོད་གསར་འགྱུར།