དབུ་ཤོག>སྲིད་དོན།>སྲིད་དོན་གསར་འགྱུར།
  • ཡན་ཅིན་ཧའེ་ཡིས་རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་གྱི་ཏང་ཙུའི་ཚོགས་འདུ(རྒྱ་ཆེ)ཡི་ཐོག

    བསམ་བློའི་ངོས་འཛིན་མཐོ་རུ་ཏན་ཏིག་གཏོང་བ་དང་སློབ་སྦྱོང་སློབ་གསོ་ཏན་ཏིག་སྤེལ་ཏེ་དུས་རབས་གསར་པའི་བོད་ཀྱི་མི་དམངས་འཐུས་ཚོགས་ཀྱི་ལས་དོན་བརྟན་བགྲོད་རྒྱང་འཁྱོལ་ལ་སྐུལ་འདེད་གཏོང་དགོས་པའི་ནན་བཤད་གནང་བ།

    ཤའོ་ཡིའུ་ཚའེ་དང་། ཞུས་ཁྲེང་ཚང་། འཇམ་དཔལ། ཀྲང་ཧུང་པོ། ཐང་མིང་དབྱིན། ལིའུ་པོ་ཁྲེང་། སུན་ཤན་ཀྲུང་བཅས་ཕེབས་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |     སྤེལ་དུས།  2026-05-22

    ཚེས་20ཉིན་གྱི་ཕྱི་དྲོར། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་དང་། རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་གྱི་ཏང་ཙུའི་ཧྲུའུ་ཅི་དང་ཀྲུའུ་རེན་བཅས་ཡིན་པའི་ཡན་ཅིན་ཧའེ་ཡིས་རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་གྱི་ཏང་ཙུའི་ཚོགས་འདུ(རྒྱ་ཆེ)གཙོ་སྐྱོང་གནང་ནས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་ཉེ་དུས་ཀྱི་གསུང་བཤད་གལ་ཆེན་དང་། མཛུབ་སྟོན་གལ་ཆེན། རྩོམ་ཡིག་གལ་ཆེན། འཕྲིན་ལན་དང་རྟེན་འབྲེལ་འཕྲིན་ཡིག་གལ་ཆེན་བཅས་ཀྱི་དགོངས་དོན་བརྒྱུད་བསྒྲགས་སློབ་སྦྱོང་གནང་བ་དང་། ཀྲུང་དབྱང་གི་ཡིག་ཆ་གལ་ཆེན་དང་། ཚོགས་འདུ་གལ་ཆེན་གྱི་དགོངས་དོན། རང་སྐྱོང་ལྗོངས་ཀྱི་འབྲེལ་ཡོད་ཡིག་ཆ། ཚོགས་འདུའི་དགོངས་དོན་བཅས་སློབ་སྦྱོང་གནང་བ། རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་དང་དེ་བཞིན་ལས་ཁུངས་ཀྱིས་ཡང་དག་པའི་སྲིད་དོན་ལས་རྗེས་ལྟ་བ་འཛུགས་པ་དང་ལག་བསྟར་བྱེད་པའི་སློབ་སྦྱོང་སློབ་གསོར་སྐུལ་འདེད་གཏོང་ཚུལ་གྱི་སྙན་སེང་གསན་པ་མ་ཟད། དོན་འཁྱོལ་ལས་དོན་ལ་ཞིབ་འཇུག་དང་བཀོད་སྒྲིག་ཀྱང་གནང་བ་རེད།

    ཡན་ཅིན་ཧའེ་ཡིས་ནན་བཤད་གནང་དོན། བདེ་འཇགས་ཀྱི་མཐའ་ཚད་བརྟན་པོ་བསྲུངས་ནས་ཞི་མཐུན་བརྟན་ལྷིང་ལ་རམ་འདེགས་བྱེད་དགོས། བདེ་འཇགས་ཐོན་སྐྱེད་དང་། འཕྲལ་སྡོམ་དོ་དམ། གནོད་འཚེ་སྔོན་འགོག་སོགས་ཐད་ཀྱི་བཅའ་ཁྲིམས་ཁྲིམས་སྲོལ་ལག་བསྟར་བྱས་ཚུལ་གྱི་ལྟ་སྐུལ་ཞིབ་བཤེར་ལ་ཤུགས་སྣོན་བརྒྱབ་ནས་གནོད་འཚེ་སྔོན་འགོག་དང་ཉུང་གཏོང་གི་མ་ལག་འཐུས་སྒོ་ཚང་དུ་གཏོང་རྒྱུར་སྐུལ་འདེད་གཏོང་བ་དང་དམིགས་བསལ་ཚབས་ཆེ་བའི་ལས་འཛོལ་མི་ཐོན་པའི་མཐའ་ཚད་མཐའ་གཅིག་ཏུ་སྲུང་བར་རམ་འདེགས་བྱེད་དགོས། ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་བརྟན་པོ་འཛུགས་པ་དང་ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པ་འཛུགས་སྐྱོང་ལ་སྐུལ་འདེད་གཏོང་བའི་གཙོ་རྐང་དེ་མི་དམངས་འཐུས་ཚོགས་ཀྱི་འགན་སྒྲུབ་ལག་ལེན་ཁྲོད་མངོན་པར་བྱས་ཏེ་མི་དམངས་འཐུས་ཚོགས་ཀྱི་འགན་སྒྲུབ་ལ་བརྟེན་ནས་ལྗོངས་ཡོངས་ཀྱི་སྤྱི་ཡོངས་རྒྱུན་མཐུད་ཞི་མཐུན་བརྟན་ལྷིང་ཡོང་བར་རམ་འདེགས་བྱེད་དགོས། དཔལ་འབྱོར་གྱི་འགན་འཁྲི་བརྟན་པོ་ཁུར་ནས་དཔལ་འབྱོར་འཕེལ་རྒྱས་ལ་སྐུལ་འདེད་གཏོང་དགོས། ཁྲོམ་རའི་བྱེད་པོ་དང་མི་རིགས་ཁག་གི་མང་ཚོགས་ཀྱི་བསམ་འཆར་དང་གྲོས་འགོ་རྒྱ་ཁྱབ་ངང་ཉན་ཏེ་དུས་ཐོག་ཏུ་སྤུས་ཚད་མཐོ་བའི་བསམ་འཆར་དང་གྲོས་འགོ་འགྲུབ་ནས་རང་སྐྱོང་ལྗོངས་ཏང་ཨུད་ལ་དཔྱད་གཞིར་སྤྲོད་དགོས། སྐྱེ་ཁམས་སྲུང་བཅད་བརྟན་དུ་བཏང་ནས་མཛེས་སྡུག་ལྡན་པའི་བོད་ལྗོངས་སྐྲུན་དགོས། ལྟ་ཞིབ་ཀྱི་བླང་བྱ་དང་ལྟ་བསྡུར་བྱས་ནས་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་ཁྱབ་ཁོངས་ཀྱི་ཁྲིམས་སྒྱུར་ཞིབ་བཤེར་དང་ཆེད་དོན་བརྟག་ཞིབ་ནན་ཏན་བྱེད་པ་དང་། སྐྱེ་ཁམས་ཁྱབ་ཁོངས་ཀྱི་བཅའ་ཁྲིམས་དང་ཁྲིམས་སྲོལ་ལག་བསྟར་ནུས་ལྡན་བྱ་རྒྱུར་སྐུལ་འདེད་གཏོང་བ། སྲིད་གཞུང་གིས་མངོན་གསལ་དོད་པའི་གནད་དོན་དག་ཐེར་ལ་དམ་འཛིན་ཡག་པོ་བྱ་རྒྱུར་ལྟ་སྐུལ་དང་རྒྱབ་སྐྱོར་བཅས་བྱེད་དགོས། གཙོ་འགན་གཙོ་ལས་ལ་དམ་འཛིན་བྱས་ནས་འགན་འཁྲི་སྒྲུབ་ནུས་ཆེ་རུ་གཏོང་དགོས། “དོན་ཆེན་བཞིར”དམིགས་ནས“འཛུགས་གཏོད་བཞིར”ཤུགས་རྒྱག་པ་དང་། བརྒྱུད་རིམ་ཧྲིལ་པོའི་མི་དམངས་དམངས་གཙོ་ལག་བསྟར་དང་འཕེལ་རྒྱས་གཏོང་བ། མི་དམངས་འཐུས་ཚོགས་ཀྱི་ལས་དོན་སྤུས་ཚད་མཐོ་པོས་འཕེལ་རྒྱས་འགྲོ་བར་སྐུལ་འདེད་གཏོང་བ་བཅས་བྱས་ཏེ་རང་ལྗོངས་ཀྱི་མི་དམངས་འཐུས་ཚོགས་ལས་དོན་གྱི་ཆོས་ཉིད་རང་བཞིན་གྱི་ངོས་འཛིན་རྒྱུན་མཐུད་ཟབ་ཏུ་གཏོང་རྒྱུར་བརྟེན་ནས་ཁྲིམས་ལྟར་འགན་འཁྲི་བསྒྲུབ་རྒྱུར་རིག་སྟོབས་ཀྱི་འདེགས་སྐྱོར་བརྟན་པོ་བྱེད་དགོས།

    ཡན་ཅིན་ཧའེ་ཡིས་གསུངས་དོན། ཡང་དག་པའི་སྲིད་དོན་ལས་རྗེས་ལྟ་བ་འཛུགས་པ་དང་ལག་བསྟར་བྱེད་པའི་སློབ་སྦྱོང་སློབ་གསོ་ནི་མི་དམངས་འཐུས་ཚོགས་ཀྱི་ཆབ་སྲིད་ལས་ཁུངས་ཀྱི་ངོ་བོ་ཟབ་གཏོང་དང་། ལས་བྱེད་པའི་སྤྱོད་ཚུལ་ཞུན་བརྡར། འགན་སྒྲུབ་ཕན་ནུས་ཆེར་གཏོང་བཅས་ཀྱི་བྱེད་ཐབས་གལ་ཆེན་ཞིག་རེད། གཅོང་ནད་བཅོས་པ་དང་རྒྱུན་མཐུད་དམ་འཛིན་བྱེད་པ་དང་། འགོ་ཚུགས་ཟིན་པ་དང་། ཚན་རིག་དང་མཐུན་ལ་རིགས་པས་ཁུངས་སྐྱེལ་བྱས་པ། མི་དམངས་ཀྱི་ཁེ་ཕན་དང་མཐུན་པ་བཅས་ཀྱི་ལོ་རྒྱུས་ཀྱི་ལས་འགན་དང་ལས་ཀའི་བཀོད་སྒྲིག་མཐའ་གཅིག་ཏུ་རྩིས་ལེན་པ། ཚུར་ལེན་པ་དང་མུ་མཐུད་སྒྲུབ་པ། ཕན་འབྲས་ཐོན་པ་བཅས་བྱེད་དགོས། རྩིས་ཁྲ་རྙིང་པ་གཙང་སེལ་དང་དཀའ་གནད་སེལ་བ་དང་ལོ་རིམ་བྱུང་གི་མི་དམངས་འཐུས་ཚོགས་ཀྱིས་གྲོས་ཐག་བཅད་པའི་དོན་དག་དང་། ལྟ་སྐུལ་གྲོས་གཞི། སྒྲུབ་སྐུལ་དོན་དག འཐུས་མིའི་གྲོས་འགོ་སྒྲུབ་གཉེར་སོགས་ཀྱི་འཕྲོ་ལུས་དཀའ་གནད་ཕྱོགས་ཡོངས་ནས་གསེད་བཀྲོལ་བཅས་བྱས་ནས་རྩིས་ཁྲ་བཟོ་བ་དང་། རིགས་དབྱེ་ནས་འགན་འཁྲིའི་བྱེད་པོ་དང་། དཀའ་གནད་འགག་གནད། ལེགས་སྒྲུབ་དུས་བཀག་བཅས་གསལ་པོ་བཟོ་དགོས། སྐྱོན་ཆ་སེལ་བ་དང་ལམ་སྲོལ་འཛུགས་པ་དང་། “དཔོན་གསར་གྱིས་རྩིས་རྙིང་ཁས་མི་ལེན་པ”བཅོས་སྒྲིག་བྱ་རྒྱུ་དེ་རྒྱུན་གཏན་གྱི་སྤྱོད་ཚུལ་འཛུགས་སྐྱོང་དང་ལས་བྱེད་པར་དོ་དམ་བྱེད་པའི་བརྒྱུད་རིམ་ཧྲིལ་པོའི་ནང་བཅུག་ནས་ལས་དོན་ཁག་སྦྲེལ་མཐུད་དམ་ཟབ་དང་གོ་རིམ་ལྡན་པའི་ངང་སྐུལ་འདེད་གཏོང་རྒྱུའི་འགན་ལེན་བྱེད་དགོས།

    རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་གྱི་ཏང་ཙུའི་ཧྲུའུ་ཅི་གཞོན་པ་ཤའོ་ཡིའུ་ཚའེ་དང་། ཏང་ཙུའི་ཁོངས་མི་ཞུས་ཁྲེང་ཚང་། འཇམ་དཔལ། ཀྲང་ཧུང་པོ། ཐང་མིང་དབྱིན། ལིའུ་པོ་ཁྲེང་། སུན་ཤན་ཀྲུང་། ལིའུ་ཀོང་ཤུས་བཅས་ཚོགས་འདུར་ཕེབས་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།

འབྲེལ་ཡོད་གསར་འགྱུར།