རང་སྐྱོང་ལྗོངས་བཟོ་ཚོང་ལས་རིགས་མཉམ་འབྲེལ་ལྷན་ཚོགས་དང་ཀྲུང་གོའི(ཨའོ་མོན)བོད་ལྗོངས་རིག་གནས་དང་དཔལ་འབྱོར་འཕེལ་རྒྱས་ཀྱི་སྐུལ་སྤེལ་ཚོགས་པས་བཞུགས་མོལ་སྤེལ་རེས་བྱས་པ།
ཟླ་5ཚེས་20ཉིན། རང་སྐྱོང་ལྗོངས་བཟོ་ཚོང་ལས་རིགས་མཉམ་འབྲེལ་ལྷན་ཚོགས་ཀྱི་ཀྲུའུ་ཞི་དང་སྤྱི་ཁྱབ་བཟོ་ཚོགས་ཀྱི་ཚོགས་གཙོ་རྡོ་རྗེ་ཚེ་སྒྲུབ་ཀྱིས་རང་སྐྱོང་ལྗོངས་བཟོ་ཚོང་ལས་རིགས་མཉམ་འབྲེལ་ལྷན་ཚོགས་དང་ཀྲུང་གོའི(ཨའོ་མོན)བོད་ལྗོངས་རིག་གནས་དང་དཔལ་འབྱོར་འཕེལ་རྒྱས་ཀྱི་སྐུལ་སྤེལ་ཚོགས་པའི་བཞུགས་མོལ་ཚོགས་འདུ་གཙོ་སྐྱོང་གནང་བ་རེད།
ཀྲུང་གོའི་བོད་ལྗོངས་རིག་གནས་སྲུང་སྐྱོང་དང་འཕེལ་རྒྱས་མཐུན་ཚོགས་ཀྱི་ཚོགས་གཙོ་གཞོན་པ་དང་ཀྲུང་གོའི(ཨའོ་མོན)བོད་ལྗོངས་རིག་གནས་དང་དཔལ་འབྱོར་འཕེལ་རྒྱས་ཀྱི་སྐུལ་སྤེལ་ཚོགས་པའི་མཚན་འཛིན་བློ་འདྲི་བ་ང་ཕོད་འཇིགས་ཡོན་བཞུགས་མོལ་ཚོགས་འདུར་ཞུགས་ཡོད་པ་རེད།
ཚོགས་འདུའི་ཐོག ཕྱོགས་གཉིས་པོས་རིག་གནས་ཡུལ་སྐོར་དང་། བོད་ཀྱི་གསོ་བ་རིག་པ་དང་བོད་སྨན། ཁྱད་ལྡན་ཞིང་འབྲོག་སོགས་ཐོན་ལས་ཀྱི་དཔལ་འབྱོར་ཉོ་ཚོང་འགྲོ་འོང་ཟབ་སྤེལ་དང་དེ་བཞིན་རྗེས་མཐུད་ཀྱི་མཉམ་ལས་འདོད་མཐུན་ཐད་སྤེལ་རེས་བྱས་པ་རེད།
ཚོགས་འདུའི་ཐོག རང་སྐྱོང་ལྗོངས་བཟོ་ཚོང་ལས་རིགས་མཉམ་འབྲེལ་ལྷན་ཚོགས་ཀྱིས་ཐོག་མཐའ་བར་གསུམ་དུ་དམངས་གཉེར་ཁེ་ལས་ཀྱི“ནང་མི”དང་། སྲིད་གཞུང་དང་ཁེ་ལས་འབྲེལ་གཏུག་གི“སྦྲེལ་ཟམ” མཉམ་ལས་འཕེལ་རྒྱས་ཀྱི“ཞབས་ཞུ་བ”བཅས་ཡག་པོ་བྱས་ཏེ། ཨའོ་མོན་གྱི་ལས་རིགས་ཁག་གིས་བོད་དུ་མ་འཇོག་ལས་དར་དང་། རྣམ་གྲངས་སྦྲེལ་མཐུད། ཚོང་གཉེར་ཞབས་ཞུ་བཅས་བྱ་རྒྱུར་ཕྱོགས་ཡོངས་ནས་འགན་ལེན་ཧུར་ཐག་བྱེད་དགོས་ཞེས་ནན་བཤད་བྱས་པ་རེད།
འབྲེལ་ཡོད་གསར་འགྱུར།