དབུ་ཤོག>སྲིད་དོན།>འགོ་ཁྲིད་བྱེད་སྒོ།>རེན་ཝེ།
  • རེན་ཝེ་ཡིས་ལྗོངས་ཡོངས་ཀྱི་གཙོ་གནད་རྣམ་གྲངས་འཛུགས་སྐྲུན་གྱི་བཀོད་གཏོང་སྐུལ་སྤེལ་ཚོགས་འདུ་གཙོ་སྐྱོང་གནང་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2026-05-21

    ཟླ་5ཚེས་19ཉིན་གྱི་སྔ་དྲོར། ལྗོངས་ཏང་ཨུད་ཀྱི་རྒྱུན་ལས་ཨུ་ཡོན་དང་རང་སྐྱོང་ལྗོངས་ཀྱི་རྒྱུན་ལས་ཀྲུའུ་ཞི་གཞོན་པ་རེན་ཝེ་ཡིས་ལྗོངས་ཡོངས་ཀྱི་གཙོ་གནད་རྣམ་གྲངས་འཛུགས་སྐྲུན་གྱི་བཀོད་གཏོང་སྐུལ་སྤེལ་ཚོཌ་འདུ་གཙོ་སྐྱོང་གནང་ནས་ལྗོངས་ཡོངས་ཀྱི་གཙོ་གནད་རྣམ་གྲངས་འཛུགས་སྐྲུན་གྱི་འཕེལ་རིམ་གསན་པ་དང་གོམ་སྟབས་རྗེས་མའི་ལས་དོན་བཀོད་སྒྲིག་གནང་བ་རེད།

    རེན་ཝེ་ཡིས་གསུངས་དོན། ཟླ་བ་དང་པོ་ནས་བཞི་པའི་བར། རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གི་འགྱུར་མེད་སྟོབས་ལྡན་གྱི་འགོ་ཁྲིད་འོག ལྗོངས་ཡོངས་ཀྱི་གཙོ་གནད་རྣམ་གྲངས་ལ་སྐུལ་འདེད་གཏོང་རྒྱུ་ནུས་ཆེ་དང་གོ་རིམ་ལྡན་པ་དང་གཏན་འཇགས་རྒྱུ་ནོར་གྱི་མ་འཇོག་འཕར་མགྱོགས་ཙམ་བྱུང་ཡོད། ལོ་ཧྲིལ་པོའི་དམིགས་ཚད་དང་ལས་འགན་ལེགས་སྒྲུབ་བྱ་ཆེད། སྡེ་ཚན་ཁག་གིས་ཀྲུང་དབྱང་དང་རང་སྐྱོང་ལྗོངས་ཀྱི་དཔལ་འབྱོར་ལས་དོན་བཀོད་སྒྲིག་གི་བླང་བྱ་གཞིར་བཟུང་། ཞིབ་འཇུག་བརྡར་ཤ་ཡང་དག་གཅོད་པ་དང་དུས་བབ་ཁོང་དུ་ཆུད་པར་བྱེད་པ་དང་། འགན་འཁྲིའི་བསམ་པ་དང་དགོས་གཏུགས་ཀྱི་བསམ་པ་ཆེ་རུ་གཏོང་བ། ནུས་ལྡན་གྱི་མ་འཇོག་བྱེད་རྒྱ་ཧ་ཅང་ཆེ་རུ་གཏོང་བ། ལོ་ཧྲིལ་པོའི་གཙོ་གནད་རྣམ་གྲངས་ཀྱི་མ་འཇོག་འཆར་གཞི་དང་དུས་ཚིགས་རྣམ་གྲངས་ཀྱི་འགག་སྒྲོལ་ཇུས་གཞི་དོན་ཐོག་ཏུ་འཁྱོལ་བར་དམ་འཛིན་ཡང་དག་བཅས་བྱས་ནས་དཔལ་འབྱོར་འཁོར་རྒྱུག་ལུགས་མཐུན་གྱི་ཁྱབ་ཁོངས་སུ་ཐོག་མཐའ་བར་གསུམ་དུ་རྒྱུན་འཁྱོངས་ཐུབ་པའི་འགན་ལེན་བྱེད་དགོས།

    རེན་ཝེ་ཡིས་ནན་བཤད་གནང་དོན། སྡེ་ཚན་ཁག་གིས་དམིགས་ཚད་ཀྱི་སྟོན་ཕྱོགས་མཐའ་འཁྱོངས་ཀྱིས་འགན་འཁྲི་ནན་དུ་གཏོང་བ་དང་། འགན་སེམས་ཆེ་རུ་གཏོང་བ། རང་འགུལ་ངང་བྱས་རྗེས་འཇོག་པ་བཅས་བྱེད་དགོས་པ་དང་། ལས་རིགས་སྡེ་ཚན་གཙོ་བོ་དང་གཙོ་གནད་རྣམ་གྲངས་ཚན་པས་འགན་གཙོ་བོ་ཁུར་ནས་ལེགས་སྐྱེས་མང་ཙམ་འབུལ་དགོས། ཡང་དག་པའི་སྲིད་དོན་ལས་རྗེས་ལྟ་བ་བརྟན་པོར་འཛུགས་པ་དང་ལག་བསྟར་བྱེད་པ་དང་། བསྡོམས་རྩིས་གྲངས་གཞི་འབུལ་སྐྱེལ་ཚད་ལྡན་ནན་པོ་བཟོ་བ། ལྗོངས་ཡོངས་ཀྱི་བཟོ་སྐྲུན་ལས་རིགས་ཀྱི་གནས་ཚུལ་དངོས་ཕྱོགས་ཡོངས་ནས་ཤེས་རྟོགས་ཞིབ་ཚགས་བཅས་བྱས་ཏེ་བསྡོམས་རྩིས་བྱེད་དགོས་རིགས་བསྡོམས་རྩིས་གང་ཐུབ་བྱེད་པའི་འགན་ལེན་བྱེད་དགོས།

    འགན་འཁུར་རྩོམ་སྒྲིག་པ། ལྷག་པ་ཚེ་རིང་།

འབྲེལ་ཡོད་གསར་འགྱུར།