དབུ་ཤོག>སྲིད་དོན།>འགོ་ཁྲིད་བྱེད་སྒོ།>རེན་ཝེ།
  • རེན་ཝེ་ཡིས་རང་སྐྱོང་ལྗོངས་ཀྱི་ཞབས་ཞུའི་ལས་རིགས་ཁེ་ལས་ཀྱི་བཞུགས་མོལ་ཚོགས་འདུ་གཙོ་སྐྱོང་གནང་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2026-05-18

    ཟླ་5ཚེས་15ཉིན་གྱི་ཕྱི་དྲོར། ལྗོངས་ཏང་ཨུད་ཀྱི་རྒྱུན་ཨུ་དང་རང་སྐྱོང་ལྗོངས་ཀྱི་རྒྱུན་ལས་ཀྲུའུ་ཞི་གཞོན་པ་རེན་ཝེ་ཡིས་རང་སྐྱོང་ལྗོངས་ཀྱི་ཞབས་ཞུའི་ལས་རིགས་ཁེ་ལས་ཀྱི་བཞུགས་མོལ་ཚོགས་འདུ་གཙོ་སྐྱོང་གནང་ནས་བོད་ཀྱི་ཞབས་ཞུའི་ལས་རིགས་འཕེལ་རྒྱས་གཏོང་བའི་སྐོར་གྱི་ཞབས་ཞུའི་ལས་རིགས་ཁེ་ལས་ཀྱི་འཐུས་མིའི་བསམ་འཆར་དང་གྲོས་འགོ་གསན་པ་མ་ཟད། འབྲེལ་ཡོད་ལས་དོན་བཀོད་སྒྲིག་ཀྱང་གནང་བ་རེད།

    རེན་ཝེ་ཡིས་ནན་བཤད་གནང་དོན། རིམ་ཁག་སྡེ་ཚན་ཁག་དང་འབྲེལ་ཡོད་ཞབས་ཞུའི་ལས་རིགས་ཁེ་ལས་ཀྱིས་འཕེལ་རྒྱས་ཀྱི་ཡིད་ཆེས་བརྟན་དུ་གཏོང་བ་དང་འཕེལ་རྒྱས་ཀྱི་གོ་སྐབས་དམ་འཛིན་བྱས་ཏེ་རྣམ་གྲངས་གལ་ཆེན་འཛུགས་སྐྲུན་དང་། ཁྱད་ལྡན་ཐོན་ལས་འཕེལ་རྒྱས། དམངས་འཚོ་ལེགས་གཏོང་གི་བླང་བྱ། འགྲོ་འོང་དང་། སྤེལ་རེས། མཉམ་འདྲེས་ཀྱི་དགོས་མཁོ་བཅས་ལ་དམིགས་ཏེ་ཞབས་ཞུའི་མཁོ་སྤྲོད་ཟམ་མི་ཆད་པར་ཆེ་རུ་བཏང་ནས་ཞབས་ཞུའི་ལས་རིགས་ཀྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་རྣམ་པ་གསར་པ་ཧུར་ཐག་གཏོད་དགོས། གནད་དོན་ཕྱོགས་སྟོན་དུ་འཛིན་རྒྱུ་མཐའ་འཁྱོངས་དང་། ཞབས་ཞུའི་ལས་རིགས་འཕེལ་རྒྱས་གཏོང་བའི་ཞན་ཆ་མགྱོགས་མྱུར་སེལ་བ། ཁེ་ལས་དང་ཤེས་ལྡན་པ་གསོ་སྐྱོང་དང་བསྡུ་ཤུགས་ཆེ་རུ་གཏོང་བ་བཅས་བྱས་ཏེ། ཞབས་ཞུའི་ལས་རིགས་འཕེལ་རྒྱས་ལ་ཚོད་འཛིན་ཐེབས་པའི་དཀའ་གནད་དང་འགག་གནད་དག་ཐག་གཅོད་ཧུར་ཐག་བྱེད་དགོས། སྒྱུར་བཅོས་གསར་གཏོད་བྱེད་ཟབ་ཏུ་གཏོང་བ་དང་། སྒྲིག་སྲོལ་དང་ལམ་སྲོལ་འཐུས་སྒོ་ཚང་དུ་གཏོང་བ། ཁེ་ལས་འཕེལ་རྒྱས་ཀྱི་གསོན་ཤུགས་ཆེ་རུ་གཏོང་བ། ཁྱད་ལྡན་ཐོན་རྫས་དང་སྤུས་རྟགས་གྲགས་ཅན་དྲིལ་བསྒྲགས་དང་ཁྱབ་གདལ་གཏོང་བར་སྒྲིག་འཛུགས་ཡག་པོ་བྱེད་པ་བཅས་བྱས་ནས་ཞབས་ཞུའི་ལས་རིགས་འཕེལ་རྒྱས་འགྲོ་བར་ཁོར་ཡུག་བཟང་པོ་ཞིག་ཧུར་ཐག་གཏོད་དགོས། སྲིད་གཞུང་གིས་སྣེ་ཁྲིད་དང་ཁྲོམ་རའི་གཙོ་ཁྲིད་ཟུང་འབྲེལ་མཐའ་འཁྱོངས་བྱས་ནས་ལས་རིགས་མཐུན་ཚོགས་ཀྱི་འབྲེལ་ཟམ་དང་འབྲེལ་ཐག་གི་ནུས་པ་ཧུར་ཐག་བཏོན་ཏེ། སྲིད་གཞུང་དང་ཁེ་ལས་དབར་གྱི་འབྲེལ་གཏུག་དང་མཉམ་ལས་བྱེད་ཟབ་ཏུ་བཏང་ནས་ནུས་ཤུགས་གཅིག་སྒྲིལ་གྱིས་ཞབས་ཞུའི་ལས་རིགས་འཕེལ་རྒྱས་ཀྱི་ཆུ་ཚད་མཐོ་རུ་གཏོང་དགོས། 

    འགན་འཁུར་རྩོམ་སྒྲིག་པ། ཚེ་བརྟན་རྡོ་རྗེ།

འབྲེལ་ཡོད་གསར་འགྱུར།