《བོད་རང་སྐྱོང་ལྗོངས་ཀྱི་ལྷོ་རི་བྱང་རིའི་སྔོ་འགྱུར་དོ་དམ་སྲོལ་ཡིག(འཆར་ཟིན)》གི་རིགས་གཅིག་མཁས་ཅན་གྱི་བསམ་འཆར་བསྡུ་ལེན་ཚོགས་འདུ་འཚོགས་པ།
ཟླ་5ཚེས་13ཉིན། རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་གྱི་ཀྲུའུ་རེན་གཞོན་པ་འཇམ་དཔལ་གྱིས《བོད་རང་སྐྱོང་ལྗོངས་ཀྱི་ལྷོ་རི་བྱང་རིའི་སྔོ་འགྱུར་དོ་དམ་སྲོལ་ཡིག(འཆར་ཟིན)》(གཤམ་དུ《སྲོལ་ཡིག》ཅེས་བསྡུ་རྒྱུ)གི་རིགས་གཅིག་མཁས་ཅན་གྱི་བསམ་འཆར་བསྡུ་ལེན་ཚོགས་འདུ་གཙོ་སྐྱོང་གནང་སྟེ། 《སྲོལ་ཡིག》གི་ནང་དོན་ལ་གཞིགས་ནས་བགྲོ་གླེང་དང་སྤེལ་རེས་གཏིང་ཟབ་གནང་ཞིང་། དེའི་དམིགས་ཡུལ་ནི《སྲོལ་ཡིག》གི་ཁྲིམས་འཛུགས་སྤུས་ཚད་མཐོ་རུ་བཏང་སྟེ། 《སྲོལ་ཡིག》གི་ཁྲིད་སྟོན་དང་། སྐུལ་འདེད། ཚད་གཞི། འགན་སྲུང་བཅས་ཀྱི་ནུས་པ་དེ་བས་ལེགས་པ་འདོན་ཆེད་རེད།
ཚོགས་འདུའི་ཐོག་བསྟན་དོན། 《སྲོལ་ཡིག》གཏན་འབེབས་བྱས་པ་དེས་ལྷོ་རི་བྱང་རིའི་སྔོ་འགྱུར་གྱི་རྒྱུན་མཐུད་ཆོག་པའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་དང་། རྒྱལ་ཡོངས་ཀྱི་སྐྱེ་ཁམས་ཤེས་དཔལ་གྱི་མཐོ་ས་འཛུགས་གཏོད་ལ་རམ་འདེགས་བྱེད་པ། རྒྱལ་ཡོངས་ཀྱི་སྐྱེ་ཁམས་བདེ་འཇགས་ཀྱི་སྲུང་བཅད་བརྟན་དུ་གཏོང་བ་སོགས་ལ་དོན་སྙིང་གལ་ཆེན་ལྡན་ཡོད། ལྷོ་རི་བྱང་རིའི་སྔོ་འགྱུར་གྱི་ཁྲིམས་འཛུགས་ལས་དོན་སྤེལ་བའི་གལ་ཆེན་རང་བཞིན་ལ་ངོས་འཛིན་གཏིང་ཟབ་བྱས་ཏེ། ཞི་ཅིན་ཕིང་གི་སྐྱེ་ཁམས་ཤེས་དཔལ་གྱི་དགོངས་པ་དང་། ལྷོ་རི་བྱང་རིའི་སྔོ་འགྱུར་སྐོར་གྱི་རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གི་ཐབས་ཇུས་བཀོད་སྒྲིག་གལ་ཆེན་ཕྱོགས་ཡོངས་ནས་ལག་བསྟར་དོན་འཁྱོལ་བྱས་ནས། དོན་དངོས་ལ་གཞི་ཚུགས་ཏེ། སྲིད་ཇུས་དང་། བཅའ་ཁྲིམས། ནང་དོན་སོགས་ཐད་ཀྱི་མཐུན་སྦྱོར་འབྲེལ་མཐུད་ཧུར་ཐག་བྱེད་དགོས། ཚོགས་ཞུགས་རིགས་གཅིག་མཁས་ཅན་གྱིས་བཏོན་པའི་བསམ་འཆར་དང་གྲོས་འགོར་གསེད་བཀྲོལ་ནན་ཏན་བྱས་ཏེ་རེ་རེ་བཞིན་ཞིབ་འཇུག་བྱས་པ་དང་། བཟོ་བཅོས་བརྒྱབ་ཏེ་སྔར་བས་འཐུས་སྒོ་ཚང་དུ་བཏང་ནས། 《སྲོལ་ཡིག》ཁྲིམས་འཛུགས་ཀྱི་ལས་དོན་ཁག་ཏན་ཏིག་སྒྲུབ་དགོས།
འབྲེལ་ཡོད་གསར་འགྱུར།