2026ལོའི་བོད་རང་སྐྱོང་ལྗོངས་ཀྱི་གྲངས་འཛིན་སློབ་གསོ་འཕེལ་རྒྱས་ཀྱི་ཚོགས་ཆེན་སྐབས་བཞི་པ་འཚོགས་པ།
ཉེ་ཆར། 2026ལོའི་བོད་རང་སྐྱོང་ལྗོངས་ཀྱི་གྲངས་འཛིན་སློབ་གསོ་འཕེལ་རྒྱས་ཀྱི་ཚོགས་ཆེན་སྐབས་བཞི་པ་དང་སློབ་མའི་གྲངས་འཛིན་བྱང་ཚད་མཐོར་གཏོང་ལག་ལེན་གྱི་ས་གནས་ས་ཐོག་གི་སྤེལ་རེས་འགྲེམས་སྟོན་བྱེད་སྒོ་སྐབས་གཉིས་པ་ལྷ་སར་སྤེལ་བ་རེད།
ད་ཐེངས་ཀྱི་བྱེད་སྒོ་ནི་རང་སྐྱོང་ལྗོངས་སློབ་གསོ་ཐིང་གིས་མཛུབ་ཁྲིད་བྱས་པ་དང་། རང་སྐྱོང་ལྗོངས་གློག་སྤྱད་སློབ་གསོ་ཁང་དང་རང་སྐྱོང་ལྗོངས་དྲ་སྦྲེལ་མཐུན་ཚོགས་ཀྱིས་མཉམ་དུ་གཙོ་གཉེར་བྱས་པ་ཞིག་ཡིན་ཞིང་། ལྗོངས་ཡོངས་ཀྱི་གྲོང་ཁྱེར་དང་ས་ཁུལ་ཁག་གི་སློབ་གསོའི་ཁོངས་གཏོགས་ཀྱི་ལས་དོན་པ་དང་། དཔེ་སྟོན་སློབ་གྲྭའི་དགེ་སློབ་ཀྱི་འཐུས་མི། ལྗོངས་ཕྱི་ནང་གི་གྲངས་འཛིན་སློབ་གསོའི་ཁྱབ་ཁོངས་ཀྱི་རིགས་གཅིག་མཁས་ཅན། ལས་རིགས་ཁེ་ལས་ཀྱི་འཐུས་མི་སོགས་མི་500ལྷག་ཙམ་ཚོགས་འདུར་ཞུགས་ཡོད་པ་རེད།
བྱེད་སྒོ་སྤེལ་རིང་། རྒྱལ་ནང་མཐོ་སློབ་ཀྱི་གྲགས་ཅན་རིགས་གཅིག་མཁས་ཅན་ཆེད་མངགས་ཆེད་དོན་འཆད་ཁྲིད་ལ་གདན་དྲངས་ཤིང་། གྲངས་འཛིན་ལག་རྩལ་ལ་བརྟེན་ནས་ས་མཐོའི་སློབ་གསོའི་སྤུས་ཚད་མཐོར་གཏོང་ལ་མཐུན་རྐྱེན་སྦྱོར་བ་དང་། སློབ་ཁྲིད་ལག་ལེན་ནང་AIམཉམ་འདྲེས། སློབ་གྲྭའི་གྲངས་འཛིན་བདེ་འཇགས་འཛུགས་སྐྱོང་སོགས་ཀྱི་གྲོས་དོན་ལ་དམིགས་ནས་འདུ་ཤེས་གསར་ཤོས་དང་དངོས་སྤྱོད་ཐབས་ལམ་མཉམ་སྤྱོད་བྱས་ཡོད། དུས་གཅིག་ཏུ་གཉེར་བའི་གྲངས་འཛིན་ལག་རྩལ་གསར་གཏོད་བཀོལ་སྤྱོད་ཀྱི་གྲུབ་འབྲས་འགྲེམས་སྟོན་ཐོག་ལྗོངས་ཡོངས་ཀྱི་དཔུང་ཁག་132ཀྱི་སློབ་མ་221ཀྱིས་ས་གནས་ས་ཐོག་ཏུ་སྒྲིག་རིམ་དང་། གཏོད་མཁན། མི་ཐབས་རིག་ནུས་བཀོལ་སྤྱོད་སོགས་ཀྱི་གྲུབ་འབྲས་འགྲེམས་སྟོན་བྱས་ཏེ། བོད་ཀྱི་གཞོན་ནུ་ལོ་ཆུང་གི་གྲངས་འཛིན་བྱང་ཚད་དང་གསར་གཏོད་ནུས་པ་ཡག་པོ་མངོན་པར་བྱས་ཡོད་པ་རེད།
འབྲེལ་ཡོད་གསར་འགྱུར།