དབུ་ཤོག>སྲིད་དོན།>འགོ་ཁྲིད་བྱེད་སྒོ།>ཝང་ཅུན་ཀྲེང་།
  • རང་སྐྱོང་ལྗོངས་ཏང་ཨུད་ཀྱི་གྲོང་ཁྱེར་ལས་དོན་ཚོགས་འདུ་ལྷ་སར་འཚོགས་པ།

    ཝང་ཅུན་ཀྲེང་ཚོགས་འདུར་ཞུགས་ནས་གསུང་བཤད་གནང་བ། ཀརྨ་ཚེ་བརྟན་གྱིས་ཚོགས་འདུ་གཙོ་སྐྱོང་གནང་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2026-05-14

    ཟླ་5ཚེས་12ཉིན། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་གྲོང་ཁྱེར་ལས་དོན་ཚོགས་འདུ་ལྷ་སར་འཚོགས་ཤིང་། འདི་ནི་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་ཝང་ཅུན་ཀྲེང་ཚོགས་འདུར་ཞུགས་ནས་གསུང་བཤད་གནང་བཞིན་པ།

    ཟླ་5ཚེས་12ཉིན། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་གྲོང་ཁྱེར་ལས་དོན་ཚོགས་འདུ་ལྷ་སར་འཚོགས་ཤིང་། འདི་ནི་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་ཝང་ཅུན་ཀྲེང་ཚོགས་འདུར་ཞུགས་ནས་གསུང་བཤད་གནང་བཞིན་པ།

    ཟླ་5ཚེས་12ཉིན། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་གྲོང་ཁྱེར་ལས་དོན་ཚོགས་འདུ་ལྷ་སར་འཚོགས་ཤིང་། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་ཝང་ཅུན་ཀྲེང་ཚོགས་འདུར་ཞུགས་ནས་གསུང་བཤད་གནང་བ་རེད། ཁོང་གིས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གྲོང་ཁྱེར་ལས་དོན་སྐོར་གྱི་རྣམ་བཤད་གལ་ཆེན་དང་། བོད་ཀྱི་ལས་དོན་སྐོར་གྱི་མཛུབ་སྟོན་གལ་ཆེན། དུས་རབས་གསར་པའི་ཏང་གི་བོད་སྐྱོང་མཛད་ཇུས་བཅས་ལག་བསྟར་གཏིང་ཟབ་བྱས་ནས། ཀྲུང་དབྱང་གི་གྲོང་ཁྱེར་ལས་དོན་ཚོགས་འདུའི་དགོངས་དོན་དོན་འཁྱོལ་ནན་ཏན་བྱེད་པ་དང་། མི་དམངས་ཀྱི་གྲོང་ཁྱེར་འདུ་ཤེས་ལག་ལེན་བསྟར་བ། དེང་རབས་ཅན་གྱི་མི་དམངས་གྲོང་ཁྱེར་སྐྲུན་པ་བཅས་བྱས་ཏེ་མི་རིགས་ཁག་གི་མང་ཚོགས་ཀྱི་ཐོབ་སྣང་དང་། སྐྱིད་སྣང་། བདེ་འཇགས་ཚོར་སྣང་བཅས་ཟམ་མི་ཆད་པར་ཆེ་རུ་གཏོང་དགོས་པའི་ནན་བཤད་གནང་བ་རེད།

    ཀརྨ་ཚེ་བརྟན་གྱིས་ཚོགས་འདུ་གཙོ་སྐྱོང་གནང་བ་རེད།

    ཝང་ཅུན་ཀྲེང་གིས་གསུངས་དོན། ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན། བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གིས་ཐོག་མཐའ་བར་གསུམ་དུ་གྲོང་ཁྱེར་ལས་དོན་དེ་རྒྱལ་སྐྱོང་སྲིད་འཛིན་གྱི་གནས་བབ་གལ་ཆེན་ཐོག་བཞག་པ་དང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་གྲོང་ཁྱེར་ལས་དོན་ལ་གནང་བའི་རྣམ་བཤད་གལ་ཆེན་རབ་དང་རིམ་པས། ང་ཚོས་དུས་རབས་གསར་པ་དང་རྒྱང་ལམ་གསར་པའི་གྲོང་ཁྱེར་ལས་དོན་ཡག་པོ་བསྒྲུབ་རྒྱུར་མདུན་སྐྱོད་ཀྱི་ཁ་ཕྱོགས་གསལ་སྟོན་དང་རྩ་བའི་གཞི་འཛིན་ས་མཁོ་འདོན་གནང་ཡོད། ལྗོངས་ཡོངས་ཀྱི་རིམ་པ་ཁག་དང་སྡེ་ཚན་ཁག་གིས“གཏན་འཁེལ་གཉིས”ཀྱི་ཐག་གཅོད་རང་བཞིན་གྱི་དོན་སྙིང་ལ་གོ་བ་གཏིང་ཟབ་ལེན་པ་དང་། “འདུ་ཤེས་བཞི”ཟབ་ཏུ་གཏོང་བ། “གདེང་ཚོད་བཞི”བརྟན་དུ་གཏོང་བ། “སྲུང་སྐྱོང་གཉིས”ཐུབ་པ་བཅས་བྱས་ཏེ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གྲོང་ཁྱེར་ལས་དོན་སྐོར་གྱི་རྣམ་བཤད་གལ་ཆེན་ཆ་ཚང་བ་དང་བརྒྱུད་རིམ་ལྡན་པའི་ངང་སློབ་སྦྱོང་དང་གོ་བ་ལེན་པ་དང་། དེའི་ནང་འདུས་པའི་ཚན་རིག་དང་མཐུན་པའི་འཇིག་རྟེན་ལྟ་བ་དང་བརྟག་ཐབས་སྨྲ་བ་ཁོང་དུ་ཧུར་ཐག་ཆུད་པར་བྱས་ནས། བསམ་བློར་དྲག་ཆས་སྤྲོས་པ་དང་། ལག་ལེན་ལ་མཛུབ་ཁྲིད་བྱེད་པ། ལས་དོན་ལ་སྐུལ་འདེད་གཏོང་བ་བཅས་ཀྱི་ཐད་ཏན་ཏིག་སྤྱོད་དགོས། གྲོང་ཁྱེར་ལས་དོན་ཡག་པོ་སྒྲུབ་པའི་དོན་སྙིང་གལ་ཆེན་ལ་ངོས་འཛིན་གཏིང་ཟབ་བྱེད་པ་དང་། བོད་ཀྱི་དོན་དངོས་ལ་གཞི་ཚུགས་པ། རྒྱལ་ཁབ་ཀྱི་རྣམ་གྲངས་གལ་ཆེན་ལག་ལེན་བསྟར་ནས་བོད་ཀྱི་གྲོང་ཁྱེར་འཕེལ་རྒྱས་ལ་བྱུང་བའི་གོ་སྐབས་དམ་འཛིན་བྱེད་པ། གྲོང་ཁྱེར་ལས་དོན་བརྒྱུད་རིམ་ལྡན་པའི་ངང་འཆར་འགོད་དང་དེར་སྐུལ་འདེད་གཏོང་བ། དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་དང་། རིག་གནས་རྒྱུན་འཛིན། དམངས་འཚོ་ལེགས་གཏོང་བཅས་ཁྲོད་གྲོང་ཁྱེར་གྱི་ནུས་པ་གལ་ཆེན་གང་ལེགས་འདོན་པ་བཅས་བྱས་ཏེ། བར་མཐོངས་བཀོད་སྒྲིག་དང་། སྒུལ་ནུས་བརྗེ་སྒྱུར། ནུས་པ་འཐུས་ཚང་སོགས་ཀྱི་ཐད་འཕེལ་རྒྱས་དང་ཚད་བརྒལ་གསར་པ་ཧུར་ཐག་ཡོང་བར་བྱེད་དགོས། དེང་རབས་ཅན་གྱི་མི་དམངས་གྲོང་ཁྱེར་སྐྲུན་པའི་སྤྱི་ཡོངས་ཀྱི་དམིགས་ཚད་ལ་གོ་བ་གཏིང་ཟབ་བླངས་ནས། མི་དམངས་ལྟེ་བར་འཛིན་པའི་འཕེལ་རྒྱས་ཀྱི་བསམ་བློ་དེ་གྲོང་ཁྱེར་ལས་དོན་གྱི་སྔ་ཕྱི་བར་གསུམ་དུ་ཁྱབ་པར་བྱེད་པ་དང་། “ཚང་དགོས་པ་གསུམ་དང་ཕན་འདོགས་པ་གཅིག”གི་སྤྱིའི་བླང་བྱ་དེ་གྲོང་ཁྱེར་འཕེལ་རྒྱས་ཀྱི་ཕྱོགས་གང་ས་ཅི་ཐད་དང་བརྒྱུད་རིམ་ཧྲིལ་པོར་དོན་འཁྱོལ་བྱེད་པ། གྲོང་ཁྱེར་གྱི་རྨང་གཞིའི་སྒྲིག་བཀོད་ཞན་པ་དང“མི་འབོར་དང་། མི་སེམས། ཤེས་ལྡན་པ”སོགས་བོད་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་ཚོད་འཛིན་བཟོ་བའི་གདིང་རྩའི་གནད་དོན་སྤྱི་འདོམས་ཐག་གཅོད་ཡག་པོ་བཅས་བྱས་ཏེ། མི་དམངས་མང་ཚོགས་ཀྱིས་གྲོང་ཁྱེར་འཛུགས་སྐྲུན་དང་འཕེལ་རྒྱས་ཀྱི་གྲུབ་འབྲས་མཉམ་སྤྱོད་ཐུབ་པར་བྱེད་དགོས།

    ཝང་ཅུན་ཀྲེང་གིས་ནན་བཤད་གནང་དོན། དམིགས་ཚད་དང་ལས་འགན་ལ་དམིགས་ནས་ལས་ཀའི་གཙོ་གནད་མངོན་གསལ་དོད་དུ་བཏང་སྟེ། བོད་ཀྱི་ཁྱད་ཆོས་ལྡན་པའི་དེང་རབས་ཅན་གྱི་མི་དམངས་གྲོང་ཁྱེར་ཧུར་ཐག་སྐྲུན་དགོས། གྲོང་ཁྱེར་དང་གྲོང་རྡལ་ཅན་གྱི་འཛུགས་སྐྲུན་ལ་དམིགས་ནས་དེང་རབས་ཅན་གྱི་གྲོང་ཁྱེར་མ་ལག་གཏོད་དགོས། གྲོང་ཁྱེར་འཆར་འགོད་ལ་ཚད་མཐོའི་མཐོང་ཆེན་བྱས་ཏེ་མི་རྩ་བར་འཛིན་པ་དང་། རང་བྱུང་ཁམས་ལ་བརྩི་འཇོག ལོ་རྒྱུས་རྒྱུན་འཛིན། ལྗང་མདོག་ཐཱན་ཉུང་སོགས་ཀྱི་འདུ་ཤེས་དེ་གྲོང་ཁྱེར་འཆར་འགོད་ཀྱི་བརྒྱུད་རིམ་ཧྲིལ་པོར་མཉམ་འདྲེས་བྱས་ནས། འཆར་འགོད་ཀྱི་རྒྱང་ལྟའི་རང་བཞིན་དང་། དོ་ནན་རང་བཞིན། རྒྱུན་མཐུད་རང་བཞིན་བཅས་ཆེ་རུ་གཏོང་དགོས། རྫོང་གྲོང་གཞི་རྟེན་གལ་ཆེན་དུ་བྱས་པའི་གྲོང་ཁྱེར་དང་གྲོང་རྡལ་ཅན་འཛུགས་སྐྲུན་ལ་སྐུལ་འདེད་ཤུགས་ཆེན་གཏོང་བ་དང་། “དབྱི་ཝུའུ་ཡི་འཕེལ་རྒྱས་ཉམས་མྱོང”སློབ་སྦྱོང་དང་དཔྱད་གཞིར་འཛིན་ཏེ་ཡུལ་བབ་དང་བསྟུན་ནས་རྫོང་ཁོངས་དཔལ་འབྱོར་འཕེལ་རྒྱས་གཏོང་དགོས། མིག་སྔར་གཞི་ཚུགས་པ་དང་ཕུགས་ལ་དམིགས་ཏེ་ལོ་རྒྱུས་དང་མི་དམངས་ལ་ཚད་མཐོའི་འགན་ཁུར་བའི་སྙིང་སྟོབས་ལ་བརྟེན་ནས། དོན་དངོས་དང་འཚམ་པའི་གྲོང་ཁྱེར་དང་གྲོང་རྡལ་ཅན་གྱི་ལམ་བུ་འཚོལ་ཞིབ་བྱས་ཏེ། ས་ཁོངས་མཐུན་སྦྱོར་འཕེལ་རྒྱས་ལ་སྐུལ་འདེད་གཏོང་དགོས། གྲོང་ཁྱེར་འཛུགས་སྐྲུན་གསར་གཏོད་ལ་དམིགས་ནས་གྲོང་ཁྱེར་འཕེལ་རྒྱས་ཀྱི་སྒུལ་ནུས་གསར་པ་སྐྱེད་སྲིང་དང་སྟོབས་ཆེར་གཏོང་དགོས། གྲོང་ཁྱེར་དང་བསྟུན་ནས་ཐབས་ཇུས་ལག་བསྟར་གྱིས་ཁྱད་ལྡན་ལེགས་ཆའི་ཐོན་ལས་འཕེལ་རྒྱས་བཏང་སྟེ། ཐོན་ལས་ལ་བརྟེན་ནས་གྲོང་ཁྱེར་དར་རྒྱས་གཏོང་བ་དང་། གྲོང་ཁྱེར་ལ་བརྟེན་ནས་ཐོན་སྐྱེད་ལ་སྐུལ་འདེད་གཏོང་བ། ལས་རིགས་ལ་བརྟེན་ནས་མི་སྣ་གཅིག་སྡུད་བཅས་བྱེད་དགོས། མ་དངུལ་གྱི་འབབ་ཁུངས་བསྡུ་སྒྲིལ་བྱས་ནས་རྒྱུན་མཐུད་ཆོག་པའི་གྲོང་ཁྱེར་འཛུགས་སྐྲུན་དང་གཉེར་སྐྱོང་གི་མ་འཇོག་དང་མ་རྩ་མཉམ་འདྲེས་ཀྱི་མ་ལག་གཏོད་དགོས། གྲོང་ཁྱེར་གྱི་ཕྱི་ཕྱོགས་སྒོ་དབྱེའི་མཉམ་ལས་ཆུ་ཚད་མཐོ་རུ་གཏོང་བ་དང་། དཔལ་འབྱོར་དང་རིག་གནས་སོགས་ཀྱི་སྤེལ་རེས་ལ་ཤུགས་སྣོན་བརྒྱབ་སྟེ། རྒྱལ་ཡོངས་ཀྱི་གཅིག་གྱུར་ཁྲོམ་ར་ཆེན་པོའི་ནང་མཉམ་འདྲེས་གང་ལེགས་བྱེད་དགོས། གནས་འཕྲོད་གྲོང་ཁྱེར་འཛུགས་སྐྲུན་ལ་དམིགས་ནས་སྤུས་ཚད་མཐོ་བའི་གྲོང་ཁྱེར་གྱི་འཚོ་བའི་བར་མཐོངས་གཏོད་དགོས། གྲོང་ཁྱེར་གྱི་རྨང་གཞིའི་སྒྲིག་བཀོད་རྒྱུན་ཆད་མེད་པར་འཐུས་སྒོ་ཚང་དུ་གཏོང་བ་དང་། ས་སྟེང་གི་འཛུགས་སྐྲུན་དང་ས་འོག་གི་སྒྲིག་བཀོད་ལ་སྤྱི་འདོམས་བྱེད་པ། ཆུ་དང་། གློག སོལ་རླངས། དྲོད་རླངས། འཕྲིན་གཏོང་སོགས་ཀྱི་ལས་གྲྭ་འཛུགས་སྐྲུན་ལ་དམ་འཛིན་ཡག་པོ་བྱེད་པ། དེང་རབས་ཅན་གྱི་ཕྱོགས་བསྡུས་འགྲིམ་འགྲུལ་སྐྱེལ་འདྲེན་མ་ལག་འཐུས་སྒོ་ཚང་དུ་གཏོང་དགོས། ས་མཐོའི“ཁང་པ་ཡག་པོ”སྐྲུན་པར་བརྒྱུད་རིམ་ལྡན་པའི་ངང་སྐུལ་འདེད་བཏང་སྟེ་གྲོང་ཁྱེར་དེ་བས་གནས་འཕྲོད་ཡོང་བར་བྱེད་དགོས། ལས་ཞུགས་དང་། སློབ་གསོ། སྨན་བཅོས། རྒན་གསོ། བུ་བཅོལ་སོགས་ཀྱི་སྤྱི་པའི་ཞབས་ཞུ་མཁོ་སྤྲོད་ལེགས་སུ་བཏང་ནས་སྤྱི་པའི་ཞབས་ཞུའི་ཆུ་ཚད་མཐོ་རུ་གཏོང་དགོས། མཛེས་སྡུག་ལྡན་པའི་གྲོང་ཁྱེར་འཛུགས་སྐྲུན་ལ་དམིགས་ནས་གྲོང་ཁྱེར་གྱི་ལྗང་མདོག་དང་ཐཱན་ཉུང་གི་རྨང་གཞི་བརྟན་དུ་གཏོང་དགོས། གྲོང་ཁྱེར་གྱི་སྐྱེ་ཁམས་ཁོར་ཡུག་བཅོས་སྐྱོང་བྱེད་ཤུགས་ཆེ་རུ་གཏོང་བ་དང་། རླུང་ཁམས་ཆེན་པོ་དང་། ཆུ། ས་རྒྱུའི་ཁོར་ཡུག་བཅས་ཀྱི་ཕྱོགས་བསྡུས་བཅོས་སྐྱོང་གི་ཕན་འབྲས་རྒྱུན་མཐུད་སྲ་བརྟན་དུ་གཏོང་བ། ལྷོ་རི་བྱང་རིའི་སྔོ་འགྱུར་ལས་གྲྭ་གཙོ་གནད་དུ་བྱས་པའི་རྒྱལ་ཁབ་ཀྱི་ས་ཆ་སྔོ་འགྱུར་བྱ་སྤྱོད་ཚན་རིག་དང་མཐུན་པའི་ངང་སྤེལ་དགོས། གྲོང་ཁྱེར་གྱི་ལྗང་མདོག་ཐཱན་ཉུང་འཕེལ་རྒྱས་ལ་སྐུལ་འདེད་ཧུར་ཐག་གཏོང་བ་དང་། ཐཱན་ཉུང་གཏོང་དང་། སྦགས་བཙོག་ཉུང་འཕྲི། སྔོ་རྒྱ་ཆེར་གཏོང་། འཕར་སྣོན་བཅས་ལ་མཐུན་སྦྱོར་ངང་སྐུལ་འདེད་བཏང་ནས་མི་དང་རང་བྱུང་ཁམས་ཞི་མཐུན་མཉམ་གནས་ཐུབ་པར་སྐུལ་འདེད་གཏོང་དགོས། མཉེན་ལྡན་གྲོང་ཁྱེར་འཛུགས་སྐྲུན་ལ་དམིགས་ནས་གྲོང་ཁྱེར་བདེ་འཇགས་ཀྱི་འཕེལ་རྒྱས་མཐའ་ཚད་བརྟན་དུ་གཏོང་དགོས། ཉེན་བརྡ་རྒྱུན་སྒྲོག་དང་ནམ་ཞག་རྒྱུན་དུ་དོགས་ཟོན་བྱ་རྒྱུ་མཐའ་འཁྱོངས་དང་སྤྱི་ཚོགས་བརྟན་ལྷིང་གི་ལས་དོན་ཡག་པོ་བསྒྲུབས་ཏེ། སྤྱི་ཚོགས་བཅོས་སྐྱོང་མ་ལག་དང་བཅོས་སྐྱོང་ནུས་པ་དེང་རབས་ཅན་ལ་སྐུལ་འདེད་གཏོང་དགོས། བདེ་འཇགས་ཐོན་སྐྱེད་ཀྱི་འགན་འཁྲིའི་ལམ་ལུགས་དོན་འཁྱོལ་ནན་པོ་བྱེད་པ་དང་གྲོང་ཁྱེར་གྱི་སྤྱི་པའི་བདེ་འཇགས་ལས་དོན་ཡག་པོ་སྒྲུབ་པར་ཚད་མཐོའི་མཐོང་ཆེན་བྱས་ཏེ། གྲོང་ཁྱེར་གྱི་སྤྱི་པའི་བདེ་འཇགས་ལ་སྲུང་སྐྱོང་ཏན་ཏིག་བྱེད་དགོས། གནོད་འཚེ་སྔོན་འགོག་དང་། ཉུང་གཏོང་། དེ་བཞིན་གེགས་སེལ་བཅས་ཀྱི་ནུས་པ་ཆེ་རུ་གཏོང་བ་དང་འཕྲལ་སྡོམ་བཀོད་འདོམས་དང་། ཐག་གཅོད། དེ་བཞིན་རོགས་སྐྱོབ་བཅས་ཀྱི་མ་ལག་གཏོད་པར་ཤུགས་སྣོན་བརྒྱབ་ནས། གྲོང་ཁྱེར་བདེ་འཇགས་ཀྱི་མཉེན་གཤིས་ཆུ་ཚད་རྒྱུན་ཆད་མེད་པར་མཐོ་རུ་གཏོང་དགོས། ཤེས་དཔལ་གྲོང་ཁྱེར་འཛུགས་སྐྲུན་ལ་དམིགས་ནས་གྲོང་ཁྱེར་གྱི་རིག་གནས་དར་རྒྱས་གོང་འཕེལ་ལ་སྐུལ་འདེད་གཏོང་དགོས། རིག་གནས་སྣེ་ཁྲིད་དུ་བྱ་རྒྱུ་མཐའ་འཁྱོངས་ཀྱིས་གྲོང་ཁྱེར་སྒྱུར་བཀོད་གསར་སྤེལ་དང་ལོ་རྒྱུས་རིག་གནས་ཤུལ་བཞག་སྲུང་སྐྱོང་བེད་སྤྱོད་དབར་གྱི་འབྲེལ་བ་ཐག་གཅོད་ཡག་པོ་བྱས་ཏེ། གྲོང་ཁྱེར་གྱི་རིག་གནས་ནང་དོན་ཟབ་ཏུ་དང་རིག་གནས་ཀྱི་སྤུས་ཚད་མཐོ་རུ་གཏོང་དགོས། ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་བརྟན་དུ་གཏོང་རྒྱུ་དེ་གྲོང་ཁྱེར་ལས་དོན་གྱི་བརྒྱུད་རིམ་ཧྲིལ་པོར་ཁྱབ་རྒྱུ་མཐའ་འཁྱོངས་བྱས་ནས། མི་རིགས་ཁག་གིས་མཉམ་སྤྱོད་བྱེད་པའི་ཀྲུང་ཧྭའི་རིག་གནས་ཀྱི་མཚོན་རྟགས་དང་ཀྲུང་ཧྭ་མི་རིགས་ཀྱི་གཟུགས་བརྙན་འཛུགས་པ་དང་མངོན་གསལ་དོད་དུ་གཏོང་དགོས། གྲོང་ཁྱེར་གྱི་བསམ་པའི་རིག་གནས་འཚོ་བ་ཕུན་སུམ་ཚོགས་སུ་བཏང་ནས་མི་དམངས་མང་ཚོགས་ཀྱི་བསམ་པའི་རིག་གནས་ཀྱི་དགོས་མཁོ་རྒྱུན་ཆད་མེད་པར་སྐོང་དགོས།

    ཝང་ཅུན་ཀྲེང་གིས་ནན་བཤད་གནང་དོན། ཏང་གིས་གྲོང་ཁྱེར་ལས་དོན་ལ་ཕྱོགས་ཡོངས་ནས་འགོ་ཁྲིད་བྱ་རྒྱུར་ཤུགས་སྣོན་བརྒྱབ་སྟེ། ས་མཐོའི་དེང་རབས་ཅན་གྱི་མི་དམངས་གྲོང་ཁྱེར་སྐྲུན་པར་འགན་ལེན་བརྟན་པོ་བྱེད་དགོས། རིམ་ཁག་ཏང་ཨུད་དང་སྲིད་གཞུང་གིས་གྲོང་ཁྱེར་གྱི་ལས་དོན་དེ་གལ་ཆེའི་གནས་བབ་ཐོག་བཞག་ནས། འགོ་ཁྲིད་ཀྱི་སྒྲིག་སྲོལ་དང་ལས་ཀའི་ལམ་སྲོལ་སྔར་བས་འཐུས་སྒོ་ཚང་དུ་བཏང་སྟེ་ལས་འགན་ཁག་དོན་འཁྱོལ་ཡོང་བར་སྤྱི་འདོམས་སྐུལ་འདེད་གཏོང་དགོས། རིམ་ཁག་འགོ་ཁྲིད་ལས་བྱེད་པས་འདུ་ཤེས་གསར་སྒྱུར་དང་གསར་འབྱེད་ཡར་བརྩོན་གྱིས་ཤེས་བྱ་སྦྱོང་བར་ཤུགས་སྣོན་བརྒྱབ་ནས། གྲོང་ཁྱེར་འཆར་འགོད་འཛུགས་སྐྲུན་དང་བཅོས་སྐྱོང་བྱེད་པའི་འཇོན་ཐང་ཆེ་རུ་དང་ཆུ་ཚད་མཐོ་རུ་གཏོང་དགོས། ཡང་དག་པའི་སྲིད་དོན་ལས་རྗེས་ལྟ་བ་འཛུགས་པ་དང་ལག་ལེན་བསྟར་བ་དང་། ཚན་རིག་དང་མཐུན་པའི་གྲོང་ཁྱེར་འཕེལ་རྒྱས་ཀྱི་གདེང་འཇོག་མ་ལག་འཛུགས་པ་དང་འཐུས་སྒོ་ཚང་དུ་གཏོང་བ། རིམ་ཁག་ལས་བྱེད་པས་དངོས་སྒྲུབ་འགན་ཁུར་དང་དམངས་ཆེད་ལས་དོན་དངོས་སྒྲུབ་པར་སྐུལ་ལྕག་བཅས་བྱས་ནས། ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་དང་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ལས་ཀའི་བླང་བྱ་ཇི་མ་ཇི་བཞིན་དུ་དོན་ཐོག་ཏུ་འཁྱོལ་བར་འགན་ལེན་བྱེད་དགོས།

    འགན་འཁུར་རྩོམ་སྒྲིག་པ། ཚེ་བརྟན་རྡོ་རྗེ།

འབྲེལ་ཡོད་གསར་འགྱུར།